བང་སྒྲིག་ནས་ཉིང་སྐྱུར་ཚད་ལེན་བྱེད་དུས་
རང་ཉིད་འགོག་སྲུང་ཇི་ལྟར་བྱེད་དགོས་པའི་སྐོར།
མི་མང་པོ་འཛོམས་ཏེ་བང་སྒྲིག་ནས་
ཉིང་སྐྱུར་བརྟག་དཔྱད་བྱེད་དུས་
ང་ཚོས་དོགས་ཟོན་དང་འགོག་སྲུང་ཇི་ལྟར་བྱ་དགོས།
我们在集中排队做核酸时
需要注意什么?
怎样做好个人防护?
ཉིང་སྐྱུར་བརྟག་དཔྱད་མ་བྱེད་སྔོན་ལ།
核酸检测前
ཁ་རས་བརྒྱབ་ནས་ཐོབ་དཔང་ཁུར་ཏེ་ཉིང་སྐྱུར་ཚད་ལེན་བྱེད་ཡུལ་དུ་འགྲོ་བ་དང་། བརྟག་དཔྱད་མ་བྱེད་གོང་གི་ཆུ་ཚོད་གཉིས་རིང་ཟ་མ་མི་ཟ་བ། སྐར་མ་སུམ་བཅུའི་རིང་ཆུ་དང་ཆང་མི་འཐུང་བ། ཁ་གཙང་ཐང་ཆུ་མི་འཆའ་བ། དེ་ལྟར་བྱས་ན་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་སྐབས་ཁྱེད་རང་ཞེན་ཁ་མི་ལོག་པ་དང་སྐྱུག་མི་འོང་པ་བཅས་ལ་ཕན་ཐོགས་ཡོད།
戴好口罩,携带身份证原件前往采集点;建议检测前两小时内最好不吃东西,提前30分钟不喝水、不饮酒、不吃口香糖等,避免采样中可能出现恶心、呕吐等现象。
ཉིང་སྐྱུར་བརྟག་དཔྱད་བྱེད་རིང་།
核酸检测中
མ་སྐུལ་དང་ལེན་གྱིས་བང་ཡག་པོ་སྒྲིག་བ་དང་། ཁ་རས་ཡག་པོ་རྒྱག་བ། བང་སྒྲིག་བར་ཐག་སྨི་གཅིག་བཞག་དགོས། ཁ་བརྡ་ཉུང་ཙམ་ཁ་པར་ཉུང་ཙམ་གཏོང་།
སྨན་པས་བརྡ་བཏང་རྗེས་གཞི་ནས་མདུན་དུ་སོང་ནས་བརྟག་དཔྱད་བྱོས།
བརྟག་དཔྱད་བྱེད་དུས་ཅ་ལག་ཉུང་ཉུང་འཁྱེར་ན་དགའ། ཅ་ལག་བརྟག་དཔྱད་ལས་སྟེགས་སྟེང་ལ་མ་འཇོག འབག་བཙོག་བཟོས་ནས་ནད་དུག་འགོ་བའི་ཉེན་ཁ་ཡོད།
བརྟག་དཔྱད་བྱེད་དུས་ཁ་རས་འཕུད་སྟངས་ཚད་ལྡན་བྱེད་དགོས་པ། ལག་པས་ཐད་ཀར་ཁ་རས་ཕྱིར་ནས་བཟུང་མི་ཉིན་ལ། འབག་བཙོག་མི་བཟོ་བའི་ཆེད་དུ། ལག་པས་རྣ་བའི་རྩར་ཁ་རས་ཀྱི་ལུང་ཐག་བཟུང་ནས་འཕུད་དགོས།
自觉有序排队,戴好口罩,保持一米距离,少交谈少打电话;
等医务人员示意后,再上前进行检测;
检测时尽量少带物品,随身物品不要放在采集工作台上,以免造成污染,带来感染风险;
检测时摘口罩的方式要正确,不能用手直接碰触口罩外面,以免造成污染,要从双耳挂绳处摘下 口罩;
བརྟག་དཔྱད་བྱེད་དུས་ལས་སྟེགས་མདུན་དུ་ལངས་སྡོད་གཉིས་གང་བདེའི་ངང་ཉིང་སྐྱུར་ཚད་ལེན་བྱེད་ཆོག་ལ། གཟུགས་པོ་ལྷོད་ལྷོད་བྱེད་དེ་མགོ་བོ་ལྟག་རྒྱབ་ཡར་ཙམ་བཀྱག་ནས་ཁ་ཆེན་པོ་གདང་དགོས། བརྟག་དཔྱད་བྱེད་སྐབས་མགྲིན་པ་དང་སྣ་ཁུང་བཅས་མི་བདེ་བ་འབྱུང་སྲིད་པས།གཞན་ལ་ཁ་གཏད་ནས་གློ་ལུད་དང་ཧབ་སྦྲིད་རྒྱག་མི་ཉན་ལ། ཁ་ལུད་གང་སར་འཕེན་མི་ཉན།
检测时,站位坐位均可,身体要保持放松,头稍后仰,张大嘴。检测中可能会出现咽部、鼻部不适,不要对着他人咳嗽、打喷嚏,更不要随地吐痰。
བརྟག་དཔྱད་བྱས་ཚར་རྗེས།
核酸检测后
ཁ་རས་བརྒྱབ་ནས་ཐད་ཀར་འགྲོ་བ་ལས་ཉིང་སྐྱུར་ཚད་ལེན་བྱེད་ཡུལ་དུ་སྡོད་མི་ཉན།
ཁྱིམ་ལ་ལོག་རྗེས་ལག་པ་གཙང་སྦྲ་ལེགས་པོ་བྱ་དགོས། ཆང་བཅུད་སྤྱད་ནས་ཁ་པར་དང་ཐོབ་དཔང་སོགས་ཅ་དངོས་རྣམས་ལ་དུག་སེལ་ཡག་པོ་བྱེད་ན་ལེགས།
戴好口罩立即离开,不要在采样点聚集聊天、逗留;
回家后要做好手部卫生清洁,建议使用酒精对手机、身份证等物品进行消毒。
འཕྲིན་སྟེགས། weikangba