མཚོ་ནུབ་ཁུལ་དུ་གདགས་གཤིས་ཅན57ཇེ་མང་དུ་སོང་འདུག

2022-09-03
854

2022ལོའི་ཟླ9པའི་ཚེས2ཉིན་གྱི་ཆུ་ཚོད0ནས24བར། མཚོ་ནུབ་ཁུལ་དུ་ནད་རྟགས་མེད་པའི་ནད་པ57བྱུང་ལ། དེ་དག་ནི་གོར་མོ་གྲོང་ཁྱེར་གྱི47དང་གཏེར་ལེན་ཁ་གྲོང་ཁྱེར་གྱི10བཅས་ཡིན་པ་དང་། གཏེར་ལེན་ཁ་གྲོང་ཁྱེར་དུ་གཏན་ཁེལ་ནད་པ2བྱུང་ཡོད་ལ། ད་ལྟ་ཚང་མ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན། ད་ལྟ་གཞི་རྩའི་གནས་ཚུལ་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར། 


ནད་རྟགས་མེད་པའི་ནད་དུག་འགོས་མཁན་གྱི་གནས་ཚུལ།

ནད་རྟགས་མེད་པའི་ནད་དུག་འགོས་མཁན་དང་པོ་ནས37པའི་བར་ནི་ན་གོར་མོ་གྲོང་ཁྱེར་གྱི་གཙོ་གནད་ཚོད་འཛིན་མི་སྣའི་ཁྲོད་ཤེས་རྟོགས་བྱུང་།

ནད་རྟགས་མེད་པའི་ནད་དུག་འགོས་མཁན38པ་ནས47པའི་བར་ནི་ན་གོར་མོ་གྲོང་ཁྱེར་གྱི་གཅིག་བསྡུས་ལོགས་བཀར་ཚོད་འཛིན་མི་སྣའི་ཁྲོད་ཤེས་རྟོགས་བྱུང་།

ནད་རྟགས་མེད་པའི་ནད་དུག་འགོས་མཁན48པ་ནས55པའི་བར་ནི་གཏེར་ལེན་ཁ་གྲོང་ཁྱེར་གྱི་གཅིག་བསྡུས་ལོགས་བཀར་ཚོད་འཛིན་མི་སྣའི་ཁྲོད་ཤེས་རྟོགས་བྱུང་།

ནད་རྟགས་མེད་པའི་ནད་དུག་འགོས་མཁན56པ་ནས57པའི་བར་ནི་གཏེར་ལེན་ཁ་གྲོང་ཁྱེར་གྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་།

ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་དང་པོ་དང་གཉིས་པ་ནི་གཏེར་ལེན་ཁ་གྲོང་ཁྱེར་གྱི་གཅིག་བསྡུས་ལོགས་བཀར་ཚོད་འཛིན་མི་སྣའི་ཁྲོད་ཤེས་རྟོགས་བྱུང་།


མཚོ་ནུབ་ཁུལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ9པའི་ཚེས3ཉིན




  • 顶 0