ཟླ9པའི་ཚེས2ཉིན་གྱི་ཆུ་ཚོད0ནས24བར་དུ། ཡུས་ཧྲུའུ་ཁུལ་དུ་པྲོག་གསར་གློ་ཚད་ནད་དུག་གི་གདགས་གཤིས་ནད་པ25ཇེ་མང་དུ་སོང་། དེ་ཁྲོད་ནང་ཆེན་རྫོང་ནས་ནད་པ24ཤེས་རྟོགས་བྱུང་བ་དང་། ཡུས་ཧྲུའུ་གྲོང་ཁྱེར་ནས་ནད་པ1ཤེས་རྟོགས་བྱུང་། གོང་གི་གདགས་གཤིས་ཅན་གྱི་ནད་པ་ཚང་མ་ཚང་མ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན། ད་ལྟ་གཞི་རྩའི་གནས་ཚུལ་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
ནད་རྟགས་མེད་པའི་ནད་དུག་འགོས་མཁན་དང་པོ་ནས24པའི་བར་ནི་ནང་ཆེན་རྫོང་གི་གཙོ་གནད་ཚོད་འཛིན་མི་སྣའི་ཁྲོད་ཤེས་རྟོགས་བྱུང་།
ནད་རྟགས་མེད་པའི་ནད་དུག་འགོས་མཁན25པ་ནི་ནང་ཆེན་རྫོང་གི་མི་ཡིན། ཡུས་ཧྲུའུ་གྲོང་ཁྱེར་གྱི་གཅིག་བསྡུས་ལོགས་བཀར་ས་ཚིགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་།
ཉེ་ཆར་ཉེ་འབྲེལ་ཞིང་ཆེན་དང་ཞིང་ཆེན་ནང་ཁུལ། དེ་མིན་ཁུལ་ནང་ཁུལ་གྱི་རིམས་འགོག་གནས་ཚུལ་ལ་གཞིགས་ནས། རྒྱ་ཆེའི་མང་ཚོགས་ཀྱིས་རིམས་འགོག་བླང་བྱ་བརྩི་སྲུང་ནན་མོ་དང་རིམས་འགོག་དོ་དམ་ལ་གཞོགས་འདེགས་བྱས་ཏེ། དོན་མེད་དུ་ཕྱིར་མི་འགྲོ་ཞིང་འདུ་འཛོམས་མི་བྱེད་པ། དཀྲོག་གཏམ་ལ་མི་ཉན་པ། དཀྲོག་གཏམ་མི་བཤད་པར་ཁ་ལག་གཙང་མར་བཀྲུ་ཞིང་། རླུང་རྒྱུ་རུ་འཇུག་པ། རྨིད་གཅིག་གི་བར་ཐག་བཞག་ནས་རང་ཉིད་ཀྱི་འགོག་སྲུང་ལེགས་པོར་བྱེད་དགོས། ཚན་རིག་དང་མཐུན་པར་ཁ་ཐུམ་རྒྱག་པ་དང་དྲོད་འཇལ་ཨང་བཤེར་སོགས་ཀྱི་འགོག་སྲུང་རེ་བ་ལག་བསྟར་བཟང་བོ་བྱས་ཏེ། བདེ་འཇགས་ཀྱི་བར་ཐག་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། གལ་སྲིད་ཚ་རྒྱས་པ་དང་ལུ་བ། མིད་པ་ན་བ། ཟུངས་ཟད་པ། སྣ་དབང་ཉམས་པ། ཕོ་བ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། དུས་ཐོག་ཏུ་ཁ་ཐུམ་བརྒྱབ་ནས་ཚ་བརྟག་སྨན་ཁང་དུ་ཕྱིན་ཏེ་སྨན་བཅོས་བྱ་དགོས།
འཕྲིན་སྟེགས། weikangba