ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱས་ཏེ་རིམས་ནད་མཆེད་པར་བཀག་འགོག་བྱས།

2022-09-01
418

ས་གནས་ཁག་གིས་ཚན་རིག་ཐིག་པོ་དང་བབ་བསྟུན་གཙང་སེལ་རྒྱུན་འཁྱོངས་དང་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་ཏེ། རིམས་འགོག་སྲུང་ཡོལ་བརྟན་པོ་བསྐྲུན་པ་རེད།

ཐེན་ཅིན་གྱིས་རྗེས་འདེད་ཁུངས་འདེད་དང་མི་སྣ་གྲལ་བཤེར། འགྲིམ་འགྲུལ་དོ་དམ་ཚོད་འཛིན་སོགས་ཀྱི་གནད་འགག་གི་གནས་ལ་དམིགས་ནས། བབ་བསྟུན་ཐག་གཅོད་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་རེད།

སི་ཁྲོན་ཁྲེང་ཏུའུ་ཡིས་ཁུལ་བགོས་རིགས་བགར་གྱི་དོ་དམ་ཚོད་འཛིན་ལག་བསྟར་ནན་མོ་བྱས་ཤིང་། གྲོང་མི་ཡོངས་ཀྱིས་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པ་ཚང་མས་བརྟག་དཔྱད་བྱེད་པའི་རྩ་དོན་ལྟར། ཚང་མས་ཉིང་སྐྱུར་བརྟག་དཔྱད་བྱེད་བཞིན་ཡོད་པར་མ་ཟད། ད་དུང་འདུ་འཛི་ཆེ་བའི་རོལ་རྩེད་ཁང་དང་སྤྱི་པའི་རིག་རྩལ་ལུས་རྩལ་བྱེད་སྒོ་སྤེལ་ཡུལ་ཚང་མ་སྒོ་བརྒྱབ་ནས་ཚོང་གཉེར་མཚམས་འཇོག་བཅུག་ཡོད་པ་རེད།

ལིའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་གྱིས་མགྱོགས་མྱུར་གྲོང་ཁྱེར་ཡོངས་ནས་ཉིང་སྐྱུར་བརྟག་དཔྱད་ཞིབ་བཤེར་བྱས་ཤིང་། དུས་ལྟར་ཉེན་ཁ་ཡོད་པའི་རིགས་གྲལ་བཤེར་བྱས། ཀོང་ཏུང་ཧྲིན་ཀྲིན་གྱིས་མི་དང་ཁོར་ཡུག་མཉམ་དུ་འགོག་སྲུང་བྱེད་པ་ཇེ་དྲག་བཏང་ནས། དུས་དང་གནས་བབ་བལྟས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་བཀོད་སྒྲིག་བྱས་ཏེ་རིམས་ནད་འགོས་མཆེད་མི་འགྲོ་བ་བྱས།

ཧུའུ་ནན་དུ་གསར་དུ་བྱུང་བའི་གདགས་གཤིས་ཅན་གྱི་ནད་པའི་གྲངས་ཀ་རྒྱུན་མཐུད་ནས་ཇེ་ཉུང་འགྲོ་བཞིན་ཡོད་ལ། གནས་སྐབས་སྨན་ཁང་ཁག་ཅིག་རིམ་པ་བཞིན་སྒོ་བརྒྱབ་པ་རེད།  ས་གནས་དེ་གས་འགོ་ཉེན་ཆེ་བའི་ས་གནས་དང་ལས་ཁུངས། མི་ཚོགས་བཅས་ལ་དོ་དམ་ཡག་པོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་གཏོང་བའི་བླང་བྱ་བཏོན། ཞིན་ཅང་ཝུའུ་ལུའུ་མོའུ་ཆི་གྲོང་ཁྱེར་གྱིས་སློབ་རའི་དུག་སེལ་དང་བདེ་ཐང་གནས་ཚུལ་ཞིབ་བཤེར་བྱེད་པའི་སྔོན་འགྲོའི་འོག ཉེན་ཁ་མེད་པའི་ས་ཁུལ་གྱི་སློབ་གྲྭ་ཁག་རིམ་པ་བཞིན་ཡུལ་དངོས་ནས་སློབ་ཁྲིད་བྱེད་འགོ་བཙུགས་པ་དང་། ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གིས་དྲ་ཐོག་ནས་སློབ་ཁྲིད་བྱེད་འགོ་ཚུགས་པ་རེད།

  • 顶