རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིམས་ནད་སྐོར་གྱི་གནས་ཚུལ་གསར་པ་ཁྱབ་བསྒྲགས་བྱས།

2022-09-01
319

ཟླ་བ་བརྒྱད་པའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཟླ་བ་བརྒྱད་པའི་ཚེས་སུམ་ཅུ་ཉིན་ཧྲིལ་པོར། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་སུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་ཆོད་པའི་ནད་པ་སུམ་བརྒྱ་གོ་གཉིས་ཇེ་མང་སོང་ཡོད། དེའི་ནང་ཕྱི་རྒྱལ་ནས་ཡོང་བའི་ནད་པ་ཞེ་གསུམ་ཡོད་དེ། ཧྥུའུ་ཅན་དུ་བཅུ་གཉིས་དང་།  ཀོང་ཏུང་དུ་བཅུ།  ཡུན་ནན་དུ་ལྔ། ཧྲང་ཧའེ་རུ་བཞི།  པེ་ཅིན་དུ་གསུམ། ཐེན་ཅིང་དུ་གསུམ། སི་ཁྲོན་དུ་གཉིས། ཅང་སུའུ་རུ་གཅིག  ཧྲན་ཏུང་དུ་གཅིག  ཀོང་ཞི་རུ་གཅིག   ཧྲན་ཞི་རུ་གཅིག་བཅས་ཡོད་པ་རེད། 

རང་སའི་ནད་པ་སུམ་བརྒྱ་ཞེ་དགུ་ཡོད་པ་དང་། དེའི་ནང་སི་ཁྲོན་དུ་བརྒྱ་དང་རེ་བཞི་དང་། བོད་ལྗོངས་སུ་ཞེ་ལྔ། ཧའེ་ནན་དུ་སོ་དྲུག། ཀོང་ཏུང་དུ་ཉེར་ལྔ། ཐེན་ཅིང་དུ་བཅུ་དགུ།  ཧེ་ལུང་ཅང་དུ་བཅུ་གསུམ། མཚོ་སྔོན་དུ་དགུ། ནང་སོག་ཏུ་བདུན།  ཁྲུང་ཆིང་དུ་བདུན། ལིའོ་ཉིང་དུ་ལྔ། ཧོ་ནན་དུ་ལྔ། ཧྲན་ཞི་རུ་བཞི། ཧྲན་ཤིས་ལ་གསུམ། པེ་ཅིན་དུ་གཅིག  ཧོ་པའེ་རུ་གཅིག  ཧྲང་ཧའེ་རུ་གཅིག ཀྲེ་ཅང་དུ་གཅིག  ཧུའུ་པའེ་རུ་གཅིག  ཀན་སུའུ་རུ་གཅིག  ཞིང་ཅང་དུ་གཅིག་བཅས་ཡོད་པ་རེད།

ནད་རྟགས་མེད་པའི་ནད་པ་ཆིག་སྟོང་བཞི་བརྒྱ་ཉེར་དྲུག་ཇེ་མང་སོང་ཡོད།  དེའི་ནང་ཕྱི་རྒྱལ་ནས་ཡོང་བའི་ནད་པ་བརྒྱ་ཡོད། རང་སའི་ནད་པ་ཆིག་སྟོང་སུམ་བརྒྱ་ཉེ་དྲུག་ཡོད་དེ། དེའི་ནང་བོད་ལྗོངས་སུ་དྲུག་བརྒྱ་དོན་བཞི་དང་། སི་ཁྲོན་དུ་བརྒྱ་དང་བཅུ་མེད་བདུན། མཚོ་སྔོན་དུ་གྱ་བཞི།  ལིའོ་ཉིང་དུ་དོན་གཅིག། ཧེ་ལུང་ཅང་དུ་རེ་དགུ། ཀན་སུའུ་རུ་ཞེ་གཅིག  ཐེན་ཅིན་དུ་སོ་བརྒྱད། ཧོ་པའེ་རུ་སོ་བདུན།  ཞིང་ཅང་དུ་སོ་གསུམ། ཧེ་ནན་དུ་ཉེར་དགུ། ཅང་ཞི་རུ་ཉེར་བདུན། ཧུའུ་པེ་རུ་ཉེར་བདུན། ཧོ་ནན་དུ་ཉེར་དྲུག  ཀོང་ཏུང་དུ་ཉེར་གཅིག  ཧྲན་ཞི་རུ་བཅུ་དྲུག  ཀོང་ཞི་རུ་བདུན། ཁྲུང་ཆིང་དུ་ལྔ། ནང་སོག་ཏུ་བཞི།  ཧྲན་ཏུང་དུ་བཞི།  ཅང་སུའུ་རུ་གསུམ།  ཧྲང་ཧའེ་རུ་གཅིག  ཨན་ཧའེ་རུ་གཅིག  ཧུའུ་ནན་དུ་གཅིག་བཅས་ཡོད་པ་རེད།

ཟླ་བ་བརྒྱད་པའི་ཚེས་སུམ་བཅུ་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་བར་དུ། ནད་རྟགས་ཆོད་པའི་ནད་པ་དྲུག་སྟོང་སུམ་བརྒྱ་སོ་ལྔ་ཡོད། དེའི་ནང་ནད་གཞི་ལྕི་བའི་ནད་པ་སོ་གཅིག་ཡོད།

ཟླ་བ་བརྒྱད་པའི་ཚེས་སུམ་བཅུ་ཉིན་གྱི་བར། ས་གནས་ཁག་གིས་བསྡོམས་པས་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་ཐེངས་དུང་ཕྱུར་སོ་བཞི་དང་བྱེ་བ་གསུམ་ས་ཡ་གཉིས་འབུམ་ལྔ་སྟོང་དྲུག་བརྒྱབ་ཡོད་པ་རེད།

  • 顶 0