ཁྲིན་རོས་ཧྥིན་གྱིས་འགོ་འཛིན་བྱས་ཏེ་ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་བསྡུས།

2022-09-01
396

    ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁྲིན་རོས་ཧྥིན་གྱིས་འགོ་འཛིན་བྱས་ཏེ་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་བསྡུས་ནས་བསྟན་དོན། རིམས་ནད་འགོག་སྡོམ་གནས་བབ་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་བོ་བྱས་ཏེ། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལྟར། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་འདོན་པ་དང་དུས་ཚོད་དམ་འཛིན་བྱས་ནས། རིམས་ནད་འགོས་ཁྱབ་ཏུ་འགྲོ་བ་གཏན་འགོག་བྱེད་དགོས།

    ཁྲིན་རོས་ཧྥིན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་སྒོས་ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཇུས་གཞི་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་ཇུས་གཞི་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་གལ་ཆེན་དམ་འཛིན་དང་བཀོལ་སྤྱོད་གང་ལེགས་བྱེད་པ་དང་། ཚད་མཐའི་བསམ་ཕྱོགས་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། མྱུར་ཞིང་ནུས་ལྡན་སྒོས་ཉིང་སྐྱུར་བཤེར་འཇལ་དང་ལོགས་བགར་བྱེད་པ། ཉེན་ཁ་ཆེ་འབྲིང་ས་ཁུལ་གཏན་འཁེལ་བྱེད་པ་དང་སྤྱི་ཚོགས་ངོས་ཀྱི་འགོག་སྡོམ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས། གཞི་ཁྱོན་རང་བཞིན་གྱི་རིམས་ནད་འགོས་ཁྱབ་ཏུ་མི་འགྲོ་བའི་དམིགས་འབེན་དང་ལས་འགན་ལ་འགན་སྲུང་བྱེད་པ་གསལ་བོར་ཤེས་པར་བྱེད་པ་དང་། མགྱོགས་མྱུར་རྒྱུན་འཁྱོངས་དང་བྱ་བའི་ཤུགས་ཚད་སྲུང་འཛིན་བྱེད་པ་དང་། འགོག་སྲུང་ལ་གཟབ་ནན་བྱེད་པ། མི་འདང་སར་ཞིབ་བཤེར་དང་ཁ་གསབ་བྱེད་པ། སྤུས་ཚད་ལ་ཁག་ཐེག་བྱེད་པ། གཟབ་ནན་གྱི་འགོག་སྡོམ་བྱེད་ཐབས་སྤྱོད་པ། འགན་འདྲིའི་ལམ་ལུགས་དངོས་འབེབས་བཟང་བོ་བྱེད་པ། ཁྱིམ་སྡོད་ལས་སྒྲུབ་བྱེད་ཐབས་དངོས་འབེབས་གང་ལེགས་བྱས་ནས། དུས་ཚོད་ཐུང་བའི་ནང་རིམས་ནད་གཏན་འགོག་བྱེད་པར་བརྩོན་ལེན་བྱེད་དགོས།

  • 顶 0