ཕྱེ་ལེབ་རྒྱལ་མོ་གནས་འདིར་མཐོང་བྱུང་།

2022-09-01
681

༄༅།།“ཕྱེ་ལེབ་རྒྱལ་མོ”གནས་འདིར་མཐོང་བྱུང་།    མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧྥུའུ་ཅན་ཐན་པའོ་བྲག་རྡོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་མི་སྣས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་ཐོབ་པའི་རི་སྐྱེས་སྲོག་ཆགས་མཆུ་ཏོ་གསེར་ཁྲའི་ཕྱེ་མ་ལེབ་པར་ལེན་ཐུབ་པ་རེད། འདི་ནི་ཟླ་8པ་ནས་བཟུང་། སྲུང་སྐྱོང་ཁུལ་དེ་ནས་མཆུ་ཏོ་གསེར་ཁྲའི་ཕྱེ་མ་ལེབ་མཐོང་ཐེངས་གསུམ་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། མཆུ་ཏོ་གསེར་ཁྲའི་ཕྱེ་མ་ལེབ་དེ་ལ་འབུ་སྲིན་རིགས་ཀྱི་དོམ་ཁྲ་ཞེས་བརྗོད་ཀྱི་ཡོད་པ་དང་། དེ་ནི་རང་རྒྱལ་གྱི་ཕྱེ་ལེབ་རིགས་ཀྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་འབའ་ཞིག་དེ་ཡིན་པ་དང་། འཛམ་གླིང་གི་རྩ་ཆེའི་ཕྱེ་མ་ལེབ་ཆེན་པོ་བརྒྱད་ཀྱི་ཨང་དང་པོར་སླེབས་ཡོད། ཕྱེ་ལེབ་ཀྱི་རྒྱལ་མོ་དང་རྨི་ལམ་ལྟ་བུའི་ཕྱེ་མ་ལེབ་འཛམ་གླིང་སྲོག་ཆགས་ཀྱི་འགྱུར་རྡོ་གསོན་པོ་ཞེས་པའི་མཚན་སྙན་ཐོབ་ཡོད།

  ད་ལོའི་ཟླ་8པ་ནས་བཟུང་། ཧྥུའུ་ཅན་ཐན་པའོ་བྲག་རྡོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཟིན་ཐོ་ཐེངས་7ཡན་ལས། ལྟ་ཞིབ་ཚད་ལེན་བྱས་པ་ལས་མཆུ་ཏོ་གསེར་ཁྲའི་ཕྱེ་མ་ལེབ་ཕོ་མོ་མཐོང་རྒྱུ་ཡོད་པ་རེད། 

༄༅།།“ཕྱེ་ལེབ་རྒྱལ་མོ”གནས་འདིར་མཐོང་བྱུང་།

  • 顶 0