རིམས་འགོག་ཕུལ་བྱུང་མི་སྣ་659ལ་གཟེངས་བསྟོད་བྱས།

2022-08-31
924

  རིམས་ནད་ནི་བཀའ་རྒྱ་དང་། འགོག་ཟོན་ནི་འགན་འཁྲི་ཡིན། གཞིས་ཀ་རྩེ་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བཟོ་ཚོས་རིམས་ནད་འགོག་ཟོན་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུ་དང་གཞིས་ཀ་རྩེ་གྲོང་ཨུའི་སྤྱིའི་བཀོད་སྒྲིག་དང་ཞིབ་ཕྲའི་བྱ་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རིམས་ནད་འགོག་ཟོན་བྱ་རྒྱུ་དེ་མིག་སྔའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་མཐའ་འཁྱོངས་བྱས་ཤིང་། བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་། བཀའ་བཞིན་དུ་ལག་ལེན་བསྟར་བ། འགག་སྒྲོལ་དཀའ་སེལ་དང་། བསྟུད་མར་འབད་འཐབ་ཀྱིས་རིམས་ནད་མཆེད་པར་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་བློ་དཀར་སེམས་དཀར་དང་འགན་འཁྲི་བརྟན་སྲུང་བྱེད་པའི་ཆབ་སྲིད་གཤིས་རྒྱུད་དང་། སེམས་ལ་མང་ཚོགས་བཅངས་པ། མི་དམངས་བླ་ན་མེད་པའི་དམངས་ལ་བཅངས་པའི་བརྩེ་སེམས། ཉེན་ཁ་དང་འཕྲད་སྐབས་དཔའ་ངར་ཆེར་བསྐྱེད་ཀྱིས་ཕྱིར་ཐོན་པའི་འགན་འཁྲི་འཁུར་བཅས་མངོན་པར་བྱས་ནས་དཀའ་ངལ་ལ་འཕྲད་སྐབས་ཕྱིར་མི་བཤོལ་པ་དང་། འགག་རྩའི་དུས་སུ་དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་དུ་བསྐྱོད་ཕོད་པ་བཅས་ཀྱི་ཕུལ་བྱུང་མི་སྒེར་ཁག་ཅིག་ཐོན་ཡོད།

  རྒྱ་ཆེའི་ཏང་ཡོན་ལས་བྱེད་ལས་བཟོ་པའི་ཡིད་ཆེས་ཆེར་སྐྱེད་དང་མུ་མཐུད་འབད་འཐབ་བྱེད་པར་སྐུལ་འདེད་སྔར་ལས་ལྷག་པར་བྱ་ཆེད། གཞིས་ཀ་རྩེ་གྲོང་ཨུས་ཕུལ་བྱུང་མི་སྒེར་659ལ་གཟེངས་བསྟོད་བྱ་རྒྱུའི་བརྡ་ཁྱབ་བཏང་བར་མ་ཟད། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་ལས་བཟོས་གཟེངས་བསྟོད་ཐོབ་པའི་བློ་མཐུན་མིག་དཔེར་བཟུང་སྟེ། འཐབ་སེམས་སྔར་ལས་འཕེལ་བ་དང་། ཡིད་ཆེས་སྔར་ལས་བརྟན་པ། རྡོག་རྩ་གཅིག་ཏུ་སྒྲིལ་གྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་འགོག་ཟོན་བྱ་ཐབས་ཁག་ཞིབ་ཚགས་དོན་འཁྱོལ་བྱེད་པ་དང་། རིམས་ནད་འགོག་ཟོན་གྱི་འགོག་འཐབ་དང་། འགག་སྒྲོལ་དམག་འཐབ། ཚར་གཅོད་དམག་འཐབ་བཅས་མཐའ་གཅིག་ཏུ་བརྒྱག་དགོས་པར་འབོད་སྐུལ་བཏང་བ་རེད།

  • 顶