
ཟླ8པའི་ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་བཅུ་པ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་བཅུ་པ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཚོགས་འདུར་གཙོ་སྐྱོང་གནང་།
ལི་ཁེ་ཆང་གིས་བཤད་རྒྱུར། ད་ལོའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཕྱོགས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་ཁོར་ཡུག་ཁྲོད་བརྟན་ལྷིང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ང་ཚོས་ཕྱོགས་གཅིག་ནས་གཞི་ཁྱོན་འོས་འཚམ་གྱི་ནོར་སྲིད་དངུལ་ལོར་སྲིད་ཇུས་སྤྱད་དེ་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས“གློད་སྡོམ་ཞབས་གསུམ”བཅས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་དེ་གཉིས་ཕན་ཚུན་གྲོགས་སུ་འགྱུར་བར་བྱེད་དགོས་ཤིང་། དེ་ནི་རྡབ་རྡེག་ལ་ཁ་གཏད་གཅོག་པ་དང་དཔལ་འབྱོར་རྒྱུན་མཐུད་ངང་མདུན་སྐྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་བྱ་ཐབས་སྤྱད་དེ་སྤྱི་ཁོག་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་ཁྲལ་སློག་དང་ཁྲལ་འཕྲི། འགྲོ་གྲོན་གཅོག་པ་བཅས་ཀྱི་ལམ་སྲོལ་བརྒྱུད་རིགས་སོ་སོའི་ཁྲོམ་རའི་བྱེད་པོར་རོགས་རམ་བྱེད་དགོས། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་ཁྲོམ་རའི་བྱེད་པོའི“ས་རྒྱུ་ལེགས་བཅོས”ཀྱི་ཆེད་དུ་ཡིན་པ་དང་། སྤྱི་ཁོག་སྲིད་ཇུས་གསར་གཏོད་དང་ལག་བསྟར་བྱེད་པ་ནི“ཆུ་གཏོང་བ་དང་ལུད་རྒྱག་པའི”རྣམ་པ་ཐོན་དགོས་ལ། དེ་གཉིས་ཟུང་འབྲེལ་བྱས་ནས་དཔལ་འབྱོར་འཕར་ཤུགས་ཆག་པར་བྱས་རྗེས། དཔལ་འབྱོར་གྱི་གཤམ་རྒྱུག་གནོན་ཤུགས་འདེགས་པ་དང་འཁོར་སྐྱོད་ལུགས་མཐུན་གྱི་བར་མཐོངས་སུ་བསྐྱོད་ན། ཞིང་ཆུ་གང་བྱུང་དུ་དྲངས་མེད་པར་ཟོག་གོང་བརྟན་པོ་རྒྱུན་འཁྱོངས་བྱེད་ཐུབ་ཟེར།
ལི་ཁེ་ཆང་གིས་བཤད་རྒྱུར། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ནི་དོན་དངོས་ཐོག་གསོན་ཤུགས་ཆགས་པར་བྱེད་པ་དང་དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་བཏང་ནས། མང་ཚོགས་ལ་ཚོང་གཉེར་དང་ཁེ་ལས་གཉེར་བའི་ཐད་སྔར་བས་རང་དབང་དང་སྟབས་བདེ་བསྐྲུན་རྒྱུ་དེ་རེད། “གློད་སྡོམ་ཞབས”གསུམ་སྒྱུར་བཅོས་བྱེད་པའི་འགག་རྩ་དེ་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་ཐུག་ཡོད་ལ། དམིགས་ཚད་དང་མཐུན་ལ་སྔོན་དཔག་ལས་ལེགས་པོ་བྱུང་བ་ནི་མིག་སྔའི་ཁྲོམ་རའི་བྱེད་པོ་དུད་ཚང་དུང་ཕྱུར1.6ལྷག་ཟིན་པ་དེ་ལོ་བཅུའི་གོང་ལས་ལྡབ་2ཙམ་འཕར་ཞིང་། དེའི་ཁྲོད་ཁེར་རྐྱང་བཟོ་ཚོང་དུད་ཚང་དུང་ཕྱུར1ལྷག་ཡོད་པ་རེད། ཁྲོམ་རའི་བྱེད་པོ་ཆེ་འབྲིང་ཆུང་གསུམ་མང་པོ་རྒྱུན་འཁོར་འཕེལ་རྒྱས་བྱུང་ནས་དཔལ་འབྱོར་བསྡོམས་འབོར་ལྡབ་འཕར་ཡོང་བ་དང་ནོར་སྲིད་ཡོང་འབབ་ལྡབ་གཅིག་ཙམ་འཕར་བར་རོགས་འདེགས་བྱས་ནས་ལས་ཞུགས་ལས་གཏོད་ཀྱི་གཞི་རྩའི་ཆ་རྐྱེན་བསྐྲུན་ཡོད། ཁྲལ་སློག་དང་དཔྱ་ཁྲལ་ཆག་ཡང་། འགྲོ་གྲོན་ཇེ་ཉུང་དུ་གཏོང་བའི་ཐད་ཁྲལ་ཁུངས་ཀྱང་འདུས་པ་དང་། ཁྲོམ་རའི་བྱེད་པོ་གསར་པས་ཉེ་བའི་ལོ་ཤས་རིང་རིམ་རྩིས་བྱས་ན་དཔྱ་ཁྲལ་འཇལ་ཚད་དེ་དུས་མཉམ་གྱི་དཔྱ་ཁྲལ་ཆག་ཡང་ལས་ཆེས་ཆེར་མཐོ་བ་ཡོད། སྲིད་གཞུང་གི་གྲི་དངོ་ནང་དུ་བསྐོར་ནས་སུབ་སེལ་བྱས་ཤིང་། བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་དཀྱུས་མ་གཙོ་གནད་དུ་བཟུང་ནས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས། ལས་ཁུངས་ཁུ་བསྡུ་བྱས་རུང་འགན་འཁྲི་ཆུང་དུ་མི་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དང་གསར་སྐྲུན་བྱས་ཏེ། སྒེར་སྡོམ་ལ་ངོ་རྒོལ་དང་དྲང་གཞག་འགྲན་རྩོད་ལ་སྲུང་སྐྱོང་བྱས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྲིད་གཞུང་གི་དབང་ཆའི་མཐའ་མཚམས་ནི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཡིན་པས། ཚོང་རའི་གྲུབ་ཆ་གཙོ་བོ་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་དང་། ཁྲིམས་མཐུན་གྱི་བདག་དབང་སྲུང་སྐྱོང་བྱ་དགོས། སྲིད་དོན་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་བསྐྱར་སྐྲུན་བྱས་ནས་མང་ཚོགས་དང་ཁེ་ལས་ཀྱིས་བྱ་བ་སྒྲུབ་སྐབས་གཞན་ལ་རོགས་རམ་དང་ལན་མང་འགྲོ་མི་དགོས་པར་བྱས། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་ཆེ་རུ་ཕྱིན་ཡོད་ཟེར།
ལི་ཁེ་ཆང་གིས། དུས་ཚིགས་གཉིས་པར་དཔལ་འབྱོར་ལ་སྔོན་དཔག་ལས་བརྒལ་བའི་ཤུགས་རྐྱེན་ཐེབས་ནས་མིག་སྔར་དཔལ་འབྱོར་སླར་གསོའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལས་འགན་ལྕི་པོ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་ནུས་ལྡན་བྱེད་དགོས། ང་ཚོས་འགྲན་སློང་གསར་པར་དམིགས་ཏེ་འཕྲལ་ཐག་ཆོད་པོས་དཔལ་འབྱོར་བརྟན་གཏོང་གི་སྲིད་ཇུས་དང་རྒྱུན་མཐུད་སྲིད་ཇུས་འདོན་དགོས་ལ། དུས་ལྟར་མགྱོགས་མྱུར་དང་ནུས་ལྡན་ཕན་ཡོད་བྱེད་དགོས། དུས་མཚུངས་སུ“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་བྱེད་ཤུགས་ཇེ་ཆེར་གཏོང་དགོས། སྲིད་ཇུས་འདི་དག་དངོས་འབེབས་གང་ལེགས་བྱས་ཏེ་འབད་པ་ཆེན་པོས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཤུགས་ཆེན་པོས་དཔལ་འབྱོར་གྱི་སྤྱི་ཁོག་བརྟན་ལྷིང་དང་ལས་ཞུགས་དངོས་གོང་གཏན་འཇགས་སུ་བཏང་སྟེ། དཔལ་འབྱོར་འཁོར་རྒྱུག་དེ་འོས་འཚམ་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱེད་དགོས་ཟེར།
སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ལིའུ་ཧི། ཝེ་ཧྥིན་ཧོ། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁེ་ཀྲི་བཅས་ཚོགས་འདུར་ཞུགས། འཕེལ་བསྒྱུར་ཨུ་ལྷན་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་གཙོ་བོས་གཏམ་བཤད་གནང་། །
འཕྲིན་སྟེགས། weikangba