ལི་པུ་ཡཱའི་རྒྱལ་སར་དྲག་ཆས་འཁྲུག་རྩོད་བྱུང་སྟེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་དང་བཞི་བཅུར་རྨས་ཕོག

2022-08-30
218

1.jpg

འདི་ནི་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་ནས་པར་བླངས་པའི་གཏོར་བརླག་ཐེབས་པའི་རླངས་འཁོར་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ལི་པུ་ཡཱའི་རྒྱལ་སའི་ཏི་ལེ་པའོ་ལིའི་དྲག་ཆས་འཁྲུག་རྩོད་ལས་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱདང་བཞི་བཅུར་རྨས་ཕོག་ཡོད་ཟེར། 

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚེས་ཉེར་དྲུག་ཉིན་སོ་སོར་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་དང་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་ལ་གཏོགས་པའི་དྲག་ཆས་པས་ཏི་ལེ་པའོ་ལི་ས་ཁུལ་ནས་འཁྲུག་རྩོད་བྱས། མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་འཕྲོད་བསྟེན་པུའུ་ཡིས་གསལ་སྒྲོག་ལས་བཤད་རྒྱུར། ཏི་ལེ་པའོ་ལི་ཡི་གཞུང་བཙུགས་སྨན་ཁང་ཞིག་དང་འཕྲོད་བསྟེན་ལྟེ་གནས་ལའང་འཁྲུག་རྩོད་ཁྲོད་འགས་གཏོར་འཇབ་རྒོལ་ཐེབས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངགས་ཚོགས་པས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཏི་ལེ་པའོ་ལི་ས་ཁུལ་ནས་བྱུང་བའི་འཁྲུག་རྩོད་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མྱུར་མོར་དགྲར་འཛིན་འགུལ་སྐྱོད་མཚམས་བཞག་སྟེ་མི་སེར་དཀྱུས་མ་དང་དེའི་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། །


  • 顶 0