འཇོ་མདའ་རྫོང་དུ་ཉིང་སྐྱུར་བརྟག་དཔྱད་སྒོ་འགྲམ་དུ་སྐྱེལ་ནས་མང་ཚོགས་དང་མཉམ་དུ་རིམས་ནད་འགོག་པ།

2022-08-29
387

1.jpg

ལས་དོན་མི་སྣ་ས་བབ་སྨི4400ཡན་གྱི་དབྱར་སར་ཉིང་སྐྱུར་བརྟག་དཔྱད་བྱེད་དུ་འགྲོ་བ།

2.jpg

མང་ཚོགས་ཀྱི་རྒྱུ་ཆ་བསྡུ་ལེན་བྱེད་བཞིན་པ།

3.jpg

དང་བླངས་པ་དང་མཉམ་དུ་རིམས་འགོག་ལས་དོན་ཁྲོད་ཞུགས་པ།

5.jpg

ལས་དོན་མི་སྣས་མང་ཚོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

1.jpg

དང་བླངས་པ་དང་ལས་དོན་མི་སྣས་མཉམ་དུ་ལས་དོན་སྒྲུབ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་སུ་རིམས་ནད་བྱུང་བ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གིས་ཕྱོགས་ཡོངས་ནས་ཉིང་སྐྱུར་བརྟག་དཔྱད་ལས་དོན་གང་ལེགས་སྤེལ་བ་རེད། དབྱར་སའི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། ཁ་པར་གྱི་བརྡ་རྟགས་ཞན་པའི་དབང་གིས། འཇོ་མདའ་རྫོང་གི་དང་བླངས་པ་དང་འཇོ་མདའ་རྫོང་མི་དམངས་སྨན་ཁང་གི་ལས་དོན་མི་སྣ་གསུམ་ཀྱིས་ཉིང་སྐྱུར་བརྟག་དཔྱད་ཚོགས་ཆུང་སྒྲིག་ནས། རྐང་ཐང་དུ་འཇོ་མདའ་རྫོང་འཇོ་མདའ་གྲོང་རྡལ་རྨིག་མདའ་གྲོང་ཚོའི་དབྱར་ས་རུ་ཕྱིན་ནས། ས་གནས་དེའི་འབྲོག་པ་མང་ཚོགས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་རེད། འབྲོག་སའི་ས་བབ་སྨི4300ཙམ་ལ་ཟིན་པ་དང་། ལས་དོན་མི་སྣས་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ས་བབ་མཐོ་བས་དབྱང་དཀོན་པ་སོགས་ཀྱི་དཀའ་ངལ་ཡོངས་སུ་སེལ་ཏེ། སེམས་སུ་མང་ཚོགས་བཅངས་ནས་འབྲོག་ཁྱིམ་རེ་རེ་བརྒྱུད་དེ་ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་དོན་གང་ལེགས་སྒྲུབ་པ་རེད། ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ཚོགས་ཆུང་དེ་དང་འདྲ་བ་འཇོ་མདའ་རྫོང་དུ་ད་དུང་ཤིན་ཏུ་མང་ལ། ཁོང་ཚོས་དཀའ་སྡུག་ལ་མ་འཛེམ་པར་འབྲོག་ས་དང་། ཞིང་ཁ། རོང་འབྲོག་པའི་དུད་ཁྱིམ་དུ་བརྒྱུད་ཅིང་། དེའི་དམིགས་ཡུལ་ནི་མི་གཅིག་ཀྱང་མི་ལུས་པར་ཉིང་སྐྱུར་བརྟག་དཔྱད་བྱས་ནས། བྱ་སྤྱོད་དངོས་ཀྱིས་རིམས་ནད་འགོག་རྒོལ་ལས་རྒྱལ་པའི་ཆོད་སེམས་ཡོངས་སུ་མཚོན་པ་རེད། 

  • 顶 0