ན་མོ་མཉྫུ་ཤྲཱི་ཡེ།
མདངས་བཟང་དྲི་ཞིམ་ཡིད་འཕྲོགས་པདྨོར་ནི།།
ཟླ་བའི་གདན་ལ་འགྱིང་ཞིང་རྣམ་པར་སྒེག།
གཞོན་ནུ་གཟུགས་མཛེས་ལྟ་བས་ཆོག་མི་ཤེས།།
འཇམ་དཔལ་གཞོན་ནུའི་སྐུ་ལ་ཕྱག་འཚལ་ལོ།།
ཕྱག་གཡས་གསེར་གྱི་ལྗོན་པའི་ལྕུག་ཕྲན་ནི།།
དྲི་མེད་རལ་གྲིའི་ལོ་འདབ་སྔོ་བསངས་གཡོ།།
གཡོན་པའི་ཨུཏྤལ་ལྟེ་བར་གསེར་གྱི་ནི།།
འདབ་ལྡན་གླེགས་བམ་བུང་བའི་སིལ་སྙན་འཛིན།།
སྐུ་ལུས་གསེར་གྱི་རྒྱ་མཚོའི་འཇུག་ངོགས་ལ།།
རིན་ཆེན་ཆུ་བྱ་འཕུར་ལྡིང་སྒྲ་སྙན་སྒྲོག།
ཡོན་ཏན་རིན་ཆེན་རྒྱ་མཚོའི་གཏེར་ཆེན་ཕྱིར།།
རྒྱན་གྱི་རྦ་རླབས་ཀུན་གཡོ་ཁྱེད་ལ་འདུད།།
འཇམ་དབྱངས་དམར་སེར་གྱི་བསྟོད་པ་ཆོས་རྗེ་མཁས་གྲུབ་པས་བསྐུལ་བ་ཞེས་བྱ་བ་འདི་ནི་རྗེ་འཇིགས་མེད་གྲགས་པའམ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པ་ཡིན།
འཕྲིན་སྟེགས། weikangba