༄༅།། ཟུག་གཟེར།
རྩོམ་པ་པོ། བཀྲ་བྷེ།
མིག་བཙུམ་ནས་གང་ཞིག་ལ་འདང་རྒྱག་དུས།
ངའི་དྭངས་གཙང་གི་སེམས་པ་དེ་མཆི་མས་བརླན་ཚར་ཟིན།
རྣ་བར་མི་སྙན་པའི་སྐད་ཆ་དེ་དག་ནི།
ངའི་སེམས་ལ་ཕོགས་པའི་དུག་མདའ་རེད།
ད་ནི་ཁེར་རྐྱང་གིས་ཤུགས་རིང་འདྲེན་པ་ལས་ངས་ཅི་བྱ།
ཅི་ཡང་བྱས་ཟིན་པའི་ཁ་སང་གི་དགོད་སྒྲས།
ང་ལ་ཟུག་གཟེར་བསླངས་སོང་། ང་ཡི་མིག་ཆུ་འཐུང་ཟིན།
མེ་ཏོག་རྙིད་རོ་ལྟ་བུའི་སེམས་པ་དེ།
སེམས་པ་དེ་སྡུག་བསྔལ་གྱིས་བརླན་པས།
ངས་མི་བཤད ང་མི་འགྲོ ང་མི་དགོས།
ང་འདི་ལྟར་ཁ་རོག་གེར་བུད་སོང་ན།
ཕྱིར་མིག་མེད་པར་བུད་སོང་ན་རེད།།
འཕྲིན་སྟེགས། weikangba