མི་ཚེ་བརྒྱ་ཆར་བཀུག་ན།

2016-12-13
316

      མི་ཚེ་བརྒྱ་ཆར་བཀུག་ན།

               བོང་སྟག་རི་ལུ།

  དུས་ཚོད་གསེར་ལས་དཀོན་པར་ང་ལ་གསལ་ཆ་ཡོད་མོད།།

  ང་ཡི་མི་ཚེ་ཞེས་པ་འདི་ལྟར་སྐྱེལ་དགོས་བྱུང་སོང་།།

  མི་ཚེ་ཨང་ཀིའི་བརྩིས་ན་བརྒྱ་ཆའི་བརྒྱ་ཡིས་ཟིན་ན།།

  ང་ཡི་ཆ་ཤས་རེ་རེས་རང་གི་གཏམ་རྒྱུད་བྲིས་འདུག །

  ར་རྫི་ལུག་རྫི་བྱས་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  རྩེད་ཞོར་དགོད་ཞོར་ངང་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  འ་འུར་ཟང་ཟིང་ཁྲོད་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  ཇ་ཁང་ཆང་ཁང་བརྒྱུད་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  བྱ་བ་དེ་ག་བསམ་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  བྱ་བ་འདི་ག་བསམ་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  བུ་མོ་དེ་ག་བསམ་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  བུ་མོ་འདི་ག་བསམ་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  མགོ་བདག་ཕ་མ་བྱས་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  མགོ་བདག་དགེ་རྒན་བྱས་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  མགོ་བདག་འགོ་ཁྲིད་བྱས་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  མགོ་བདག་ཆུང་མ་བྱས་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  བག་ཡོད་ཚུལ་ལྡན་བྱས་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  ཁྲེལ་མེད་ལུགས་མེད་བྱས་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  དེ་གཉིས་གང་རུང་མ་བསམ་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  དེ་གཉིས་གང་རུང་བསམ་ནས་བརྒྱ་ཆའི་ཆ་ཞིག་ཤོར་སོང་།།

  མི་ཚེ་ཨང་ཀིའི་བརྩིས་ན་བརྒྱ་ཆའི་བརྒྱ་ཡིས་ཟིན་ན།།

  ང་ཡི་ཆ་ཤས་རེ་རེས་རང་གི་གཏམ་རྒྱུད་བྲིས་འདུག །

  མི་ཚེའི་ཆ་ཤས་སྔ་མ་རྡེ་འུ་དཀར་པོས་བཀང་འདུག །

  མི་ཚེའི་ཆ་ཤས་ཕྱི་མ་རྡེ་འུ་ནག་པོས་ཁེངས་འདུག །

  • 顶