གཉེན་དོན་གཏམ་དཔེ།

2016-09-28
242

 

  ལྷ་ཤིང་བར་གྱི་འབྱར་རྩི། །ལྷ་མྱི་བར་གྱི་འཕྲིན་པ། ། 

  ས་གར་སོང་ཟེར་ན་འདིར་སོང་།། སས་གན་འགྲུབ་ཟེར་ན་འདི་འགྲུབ། ། 

  སྟོད་ན་རྐ་རྒན་བརྐོས་སའི་ཤུལ།། སྨད་ན་གཤོལ་རྒན་དྲུད་སའི་རྗེས། ། 

  དགེ་ལབ་ཙེ་བསྟོད་བསྟོད།།  མནོལ་བ་བསང་དུག་དུག ། 

  བྱ་ཁུ་བྱུག་གྲགས་ལ་ནམ་ཚ་དུས་ཤིག། ནས་སྔོན་མོ་འདེབས་ལ་ས་གཞིར་སྐབས་ཤིག ། 

  སྦྲ་རྒན་ཅན་ལ་ཧེབ་ལངས། །སྦྲེའུ་ཅན་ལ་ཡིད་ཆད། ། 

  ཡ་ཐོད་རྟ་ཕོ་ཁ་བཀལ་ཡིན། །མ་ཐོད་མཛོ་བོ་དོས་བཀལ་ཡིན། ། 

  བན་དེ་ངུ་རེ་ཤ་ཁ་འདོན་དགོས།། བག་མ་ངུ་རེ་ཡོབ་ཆེན་བཙལ་དགོས། ། 

  རྨ་ཆུ་སྔོན་མོའི་ད་ཁུག་ནས།། བྱ་རྨ་བྱ་སྔོན་མོས་སྒྲོ་གུར་ཞིག་ཕུབ་དགོས། ། 

  འབྲུ་ཤུག་སྔོན་མོའི་རྩེ་མོ་ནས།། བྱ་ཁུ་བྱུག་སྔོན་མོས་གསུང་སྐད་ཅིག་སྒྲོག་དགོས། ། 

  མི་མགོ་ནག་དཔེ་བརྒྱ་དཔེ་སྟོང་རེད།། སྟོད་རི་ཆེན་ལམ་བརྒྱ་ལམ་སྟོང་རེད། ། 

  ཕ་ཆེན་བུ་ལ་ཚིག་ཆེན་བཤད། །འདོ་རིག་རྟ་ཕོར་གོང་ཆེན་བྱིན། ། 

  ར་རོག་རོག་ཞིག་གི་ནང་རྫོང་།།  ཕྱུགས་ཁྲ་ཁྲ་ཞིག་གི་མགོ་རྫི། ། 

  སྤྲིན་དཀར་པོ་ཐོད་ལ་བཟུང་ནས།། ས་ནག་པོ་འདོམ་ལ་འཇལ་ནས། ། 

  མི་ངོ་ཆོད་ཀི་མི་མིན། །བྱང་ལམ་ཆོད་པའི་རྟ་མིན། ། 

  གླིང་དཔལ་རྟུལ་སུམ་ཅུར་ལས་བཅོལ།། དེའི་ནང་གི་རྒྱ་ཚར་སྙིང་བཅོལ།   

  ཆོས་འདོན་པའི་བ་རྒན། ། བྱ་བཅོལ་བའི་བུ་རྒོད།། 

  དཀར་པོ་ཆོས་ལ་དཀར་ཐིགས། །སྨུག་པོ་གཉེན་ལ་ཡར་གཏོགས། ། 

  དབྱར་གསུམ་ཆོན་ཐག་བསྣོལ་སྡེབ།། དགུན་གསུམ་དུ་བ་སྨུག་འདྲེས། ། 

  བཟང་འོ་མ་མཆོད་རེས། །  དགའ་ལག་ལ་ལེན་རེས། ། 

  ལག་པ་གཡས་ཀྱི་གཡོན་ལ་འཇོག་དགོས།། ཕྲག་པ་གསེར་གྱི་ཁིས་ལ་འཇོག་དགོས། ། 

  ས་འདི་ན་འདི་འདྲའི་དཔེ་ཡོད།། ཞིང་ཆུང་མའི་གཉའ་ན་རྐ་ཡོད། ། 

  སྨན་སྐྱིད་ས་ནས་མི་འདུག།  ར་བདེ་ས་ནས་མི་འདུག ། 

  སྔ་མ་གསུམ་གྱི་སྔོན་མ། །ནམ་མཁའི་སྤྲིན་གྱི་ཐོག་མ། ། 

  མཁར་རྡུང་ས་ན་ས་མེད། །ལུག་བསྐྱིལ་ས་ན་རྩྭ་མེད། ། 

  གཉེན་འདང་མཛའ་འདང་། །  མནའ་འདང་གཏམ་འདང་། ། 

  ཁ་ལྕེ་བར་གྱི་མཛའ་རིལ་བོ་མིན།། ཡ་ཆུང་སེམས་ཀྱི་ཁྲ་རིལ་བོ་མིན། ། 

  སྔ་བཟད་དང་པོ་གལ་ཆེ། །བྱང་ལམ་བར་མ་དྲིན་ཆེ། ། 

  སྔ་གཏམ་བཤད་པའི་ཚིག །  རྐང་པ་སྤོས་པའི་རྗེས། ། 

  བུ་མོས་གནས་དྲན། །   མཛོ་མོས་ས་དྲན། ། 

  ཆུང་མ་གཉིས་ཀ་སྤུན། །  གདུ་བུ་གཉིས་ཀ་ཆ། ། 

  ཁ་ར་ནང་ནས་རྟ་བརྐུས། །  ཁ་ཚིག་བར་ནས་བློ་བརྐུས། ། 

  རྫུ་ལྟག་པར་འཕངས། །ཞྭ་ཐོད་ཁར་དེད།  ། 

  སེམས་ཟན་གྱི་ཟས། །རྣར་སྙན་གྱི་ཚིག ། 

  • 顶