རིག་ལུགས་ཀྱི་བོད་ཡིག་ལངས་གཟུགས་འབྲི་རྩལ་གྱི་ཁྱད་ཆོས་མདོར་ཙམ་བཤད་པ།

2018-01-04
404

རིག་ལུགས་ཀྱི་བོད་ཡིག་ལངས་གཟུགས་འབྲི་རྩལ་གྱི་ཁྱད་ཆོས་མདོར་ཙམ་བཤད་པ།

                   རིག་འཛིན་བསྟན་སྲུང་།

སྡེ་ཚན་དང་པོ།  ཡིག་གཟུགས་ཇུས་འགོད་ནུས་པ། 

.ཡི་གེའི་རིག་གནས་ཀྱི་ནུས་པ། 

  མིའི་རིགས་ཀྱི་བསམ་བློ་ལ་ཚན་རིག་གི་སྒྱུ་རྩལ་གསར་གཏོད་ཀྱི་ཁྱབ་སྤེལ་དང་རྒྱུན་མཐུད་པ་ནི་མཚོན་པ་ལ་བྲལ་ཐབས་མེད་པ་རྟོགས། ཡི་གེའི་གསར་གཏོད་དང་བཀོལ་སྤྱོད་ཀྱིས་ད་དུང་ཐད་ཀ་དང་ནུས་ཤུགས་ཀྱི་སྒོ་ནས་སྒྱུ་རྩལ་རྣམ་པ་མང་པོ་བྱུང་བ་ལ་སྐུལ་འདེད་བྱེད། ཡི་གེའི་རིག་གནས་ནུས་པ་ནི་གཙོ་བོ་གཤམ་གྱི་ཕྱོགས་གསུམ་ལས་མཚོན་པ་ཡིན་ནོ།  

༡༽ལོ་རྒྱུས་ཟིན་བྲིས་བྱེད་དེ་རིག་གནས་ཁྱབ་སྤེལ་གཏོང་བ་སྟེ།  

  མིའི་རིགས་ཀྱི་འཕེལ་རྒྱས་དེ་ཟིན་ཐོ་རྣལ་མ་བཀོད་པར་བྱས། མིའི་རིགས་ལ་ལོ་རྒྱུས་ཐོ་འགོད་བྱེད་རྒྱུའི་གོམས་གཤིས་ཡོད་པ་ནི་ཡི་གེ་གསར་གཏོད་བྱས་པ་ནས་མགོ་བརྩོམས་པ་ཡིན་ནོ།  

༢༽བརྡ་འཕྲོན་བརྒྱུད་བསྒྲགས་བྱེད་པ་སྟེ།  

  བརྡ་འཕྲིན་འདྲ་འདྲ་བརྒྱུད་བསྒྲགས་བྱེད་པ་ཡིན་རུང་། ཡི་གེས་མཚོན་པའི་ནང་དོན་ནི་ནམ་ཡང་འདྲ་རིས་ཀྱི་བརྡ་འཕྲིན་བརྒྱུད་བསྒྲགས་ཀྱི་ལས་ཀ་ཡང་དག་པ་ཞིག་བྱེད་དགོས་ཡིན་ནོ།  

༣༽རིམ་བཞིན་རིག་གནས་དང་སྒྱུ་རྩལ་གྱི་རྣམ་པ་རུ་འགྱུར་བ་སྟེ། 

  ཡིག་གཟུགས་འབྲི་རྩལ་དང་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། སྒྱུ་རྩལ་ཀྱི་རྣམ་པ་གཞན་དག་ལའང་ཤུགས་རྐྱེན་ཚད་ངེས་ཅན་ཞིག་ཐེབས་བཞིན་ཡོད། དེ་དང་མཉམ་དུ་སྒྱུ་རྩལ་གྱི་རྣམ་པ་འདིའི་རིགས་ཀྱི་ནང་ནས་བོད་ཀྱི་མི་དང་ཡ་གླིང་གི་མིའི་མཚན་ཉིད་རིག་པ་དང་མི་ཚུལ་གྱི་འདུ་ཤེས་དེ་མཚོན་ཡོད་པ་ཡིན་ནོ།  

.ཡི་གེའི་མཛེས་འཆོས་ནུས་པ། 

  བརྡ་འཕྲིན་བརྒྱུད་བསྒྲགས་དང་བརྗེ་རེས་ནི་ཡི་གེའི་ཆེས་རྩ་བའི་ནུས་པ་ཡིན། འོན་ཀྱང་ད་ཡོད་ཀྱི་ཡི་གེའི་རྨང་གཞིའི་ཐོག་དམིགས་ཡུལ་ཡོད་པའི་སྒོ་ནས་གསར་རྩོམ་ཇུས་འགོད་བྱེད་པ་ནི། ཡི་གེ་ལ་ནུས་པ་ཇེ་མང་དུ་གཏོང་བའི་ཆེད་དུ་ཡིན། དེའི་རྐྱེན་གྱི་ཡིག་གཟུགས་ཇུས་འགོད་ཀྱིས་ཡི་གེ་ལ་བརྡ་འཕྲིན་བརྒྱུད་བསྒྲགས་ཀྱི་ནུས་པ་ལྡན་བཅུག་པ་མ་ཟད། ད་དུང་མཛེས་དཔྱད་ཀྱི་ནུས་པ་དང་སྔར་ལས་ཁྱབ་རྒྱ་ཆེ་བ་དང་ཐུན་མོང་མ་ཡིན་པའི་བཀོལ་སྤྱོད་ཀྱི་ནུས་པ་ཐོན་ཡོད་པ་ཡིན་ནོ།  

.ཡི་གེའི་གསར་བཟོ་ནུས་པ། 

  ཡི་གེ་ཡང་བསྐྱར་ཇུས་འགོད་གྲུབ་ཚུལ་གྱི་ཐབས་ལམ་ནི་གནའ་མི་ཚོས་འཚོ་བའི་ཁྲོད་ཀྱི་ཕྱོགས་སོ་སོར་ལ་བེད་སྤྱོད་བཏང་། ཁོ་ཚོས་ཡི་གེའི་གྲུབ་ཚུལ་ལ་བསམ་གཞིགས་དང་ཞིབ་དཔྱད་བྱེད་ཀྱིན་མགོ་རྩོམ་སྟེ། ཡིག་གཟུགས་དང་ནང་དོན་བར་གྱི་འབྲེལ་བ་ལ་མཐོང་ཆེན་ཐོབ་བཅུག་པ་མ་ཟད། ད་དུང་སྣ་མང་རང་བཞིན་ཅན་གྱི་བསམ་གཞིགས་ཐོན་བཅུག་ཡོད། འདི་ནི་ཡི་གེའི་བརྡ་འཕྲིན་བརྒྱུད་བསྒྲགས་སྤྲོད་ཕྱོགས་ཀྱི་འབུར་ཐོན་གསར་པ་ཞིག་རེད་ལ། ཡི་གེ་ལ་ཟིན་བཀོད་དང་མཛེས་ཆོས་ཀྱི་ནུས་པ་ལྡན་པ་དང་མཉམ་དུ་ཡི་གེའི་ཤུགས་བསྟན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་ཡིན་པ་རེད། 

  འཇིག་རྟེན་གྱི་མི་རྣམས་ལ་ཧམ་སེམས་ཀྱི་ཆོག་ཤེས་མེད་པ་མ་བྱེད་ཅེས་དྲན་གསོ་བྱེད་པ་རེད། འབྲི་སྟངས་ཀྱི་ཐབས་ལམ་ཡང་ཧ་ཅང་ཚིག་ཉུང་ཉུང་རེད། འདིས་ཇུས་འགོད་པས་དབྱིབས་ལ་ངོ་མཚར་ཉེ་སྤྱོད་བྱེད་པ་མཚོན་པ་རེད། 

.ཡི་གེའི་མཚོན་རྟགས་ནུས་པ། 

  ཡི་གེའི་བསྐྱར་འགྱུར་གྱི་གཟུགས་ཏེ་མཚོན་རྟགས་སྣ་ཚོགས་དང་། དེང་རབས་ཀྱི་སྤྱི་ཚོགས་ཁྲོད་དུ་བརྡ་འཕྲིན་བརྒྱུད་སྤེལ་གྱི་ནུས་པ་དང་ཀུན་འཕྲོད་རང་བཞིན་ནི་ཡི་གེ་ལས་ཁྱབ་རྒྱ་ཆེ། ཡི་གེ་མི་འདྲ་བའི་བར་གྱི་ཡིག་སྒྱུར་ལ་གལ་སྲིད་ནོར་འཁྲུལ་ཤོར་སོང་ན་འགལ་རྐྱེན་ཆེན་པོ་འབྱུང་སྲིད་པ་རེད་ལ། ཡི་གེ་མི་འདྲ་བ་སྤྱོད་མཁན་བར་ལ་བཀག་འགོག་བྱེད་པ་རེད། ཡིན་ན་ཡང་མཚོན་རྟགས་ནི་དེ་དང་མི་འདྲ་སྟེ། ཡིན་ན་ཡང་མཚོན་རྟགས་ནི་དེ་དང་མི་འདྲ་སྟེ། ཁོ་ཚོ་སྟབས་བདེ་ལ་གྲངས་ཀ་ལ་ཚད་ཡོད། རྒྱུན་སྤྱོད་ཀྱི་མཚོན་རྟགས་མང་པོ་ཞིག་པར་རིས་ལ་བལྟས་ནས་སྐད་ཆ་བཤད་པ་བཞིན། སྦྱོང་མ་དགོས་པར་སེམས་ཀྱིས་རྟོགས་ཐུབ། འདི་ནི་ཕལ་ཆེར་དེང་རབས་ཀྱི་གཟུགས་བརྙན་ཡི་གེའི་སྤྱི་མཚན་ཡིན་པ་འདྲ། དེང་རབས་ཀྱི་མི་རྣམས་ཀྱང་མཚོན་རྟགས་ཀྱི་བརྡ་འཕྲིན་བརྒྱུད་བསྒྲགས་དང་བརྩེ་བ་སྤྲོད་སྤེལ་བྱེད་པའི་དམིགས་བསལ་གྱི་ཐབས་ལམ་ཞིག་དུ་ཆགས། ཐབས་ལམ་འདི་རིགས་རྒྱལ་སྤྱིས་དངོས་སུ་ཐོན་མོང་དུ་སྤྱོད་པའི་གནས་བབ་ལ་བེད་སྤྱོད་ཆོག་ལ། མི་སྒེར་གྱི་འཚོ་བའི་ནང་ལའང་སྤྱོད་ཆོག་པར་མ་ཚད་སྐད་བརྡ་ལས་ལྷག་པའི་ཡི་གེའི་ཡིད་དབང་འཕྲོག་པའི་ནུས་ཤུགས་ཐོན་ཡོད་པ་ཡིན། 

   དེང་སང་ཡིག་གཟུགས་ཇུས་འགོད་ཀྱིས་གང་ས་གང་ལ་ནུས་པ་ཆེན་པོ་ཐོན་བཞིན་ཡོད།དཔེར་ན། དུས་དེབ་དང་ཚོང་རྟགས། སྦྱར་ཡིག་དང་ཐུམ་སྒྲིལ། སྤྲོད་བརྒྱུད་བཅས་ཀྱི་ཁྲོད་དུ་ཇུས་འགོད་པས་སེམས་གཟབ་ཀྱི་ཇུས་འགོད་བྱེད་མྱོང་བའི་ཡི་གེ་དག་མཐོང་ཐུབ། ཕུལ་བྱུང་གི་ཡིག་གཟུགས་ཇུས་འགོད་སམ་རྩོམ་ཆོས་ཡོངས་ཀྱི་བླ་སྲོག ཡང་ན་རྩོམ་ཆོས་ཀྱི་མིག་བྲིས་ཀྱི་སྨྱུ་གུ་དང་། ཡང་ན་ཕུལ་བྱུང་ཇུས་འགོད་ཀྱི་གྲུབ་ཆའི་ཆ་ཤས་གཙོ་བོ་སོགས་ཀྱིས་མི་རྣམས་ལ་བག་ཆགས་བཟང་པོ་བཞག་པ་དང་། གཞི་རྩའི་འཕྲིན་ཕྲན་བརྒྱུད་བསྒྲགས་ལ་གནད་འགག་གི་ནུས་པ་ཐོན་ཡོད། དུས་རབས་ཀྱི་གོམ་སྟོབས་དང་འཕྲིན་ཕྲན་བརྒྱུད་བསྒྲགས་ཐབས་ལམ་གྱི་འཕེལ་རྒྱལ་དང་བསྟུན་ནས་ཡིག་གཟུགས་ཇུས་འགོད་ལ་མཐའ་ཡས་པའི་མི་མངོན་པའི་འཕེལ་རྒྱས་ནུས་ཤུགས་ལྡན་ཡོད་པ་ཡིན་ནོ།   དོན་ཚན་གསུམ་པ། ཡིག་གཟུགས་ཇུས་འགོད་ཀྱི་རྩ་བའི་རྩ་དོན།  

.བརྡ་སྦྱོར་གྱི་གནད་འཁེལ་རང་བཞིན། 

    དངོས་ཡོད་འཚོ་བའི་ཁྲོད་དུ་ང་ཚོས་བརྡ་འཕྲིན་མང་པོ་ལ་གདོང་གཏད་བྱེད་དགོས་ལ། བརྡ་འཕྲིན་བརྒྱུད་བསྒྲགས་སྐྱེལ་འདྲེན་བྱེད་པའི་ཡིག་གཟུགས་ཇུས་འགོད་ཞིག་ཡིན་ནས་བཟུང་། ཐོག་མའི་ལས་འགན་ནི་བརྡ་འཕྲིན་དེས་མཚོན་པའི་གོ་དོན་དེ་གནད་ལ་འཁེལ་ཏེ། གསལ་བའི་སྒོ་ནས་འཛད་སྤྱོད་པ་ལ་བརྒྱུད་བསྒྲགས་བྱེད་དགོས།  སྦྱར་ཡིག་ཕྲེང་གཅིག་དང་ཡི་གེའི་གཟིགས་དབྱིབས་མཚོན་རྟགས་རྡོག་གཅིག ཚོང་ལས་དངོས་རྟགས་གཅིག་དང་དེའི་ཐོན་རྫས་གསལ་བཤད་བཅས་ཀྱི་ཡི་གེ་ཇུས་འགོད་གང་ཞིག་ཡིན་རུང་ཚང་མ་ལ་རང་རང་གི་གོ་དོན་ཡོད། ཇི་ལྟ་བའི་སྒོ་ནས་ཡང་དག་ཅིང་ནོར་འཁྲུལ་མེད་པས་ཡི་གེའི་གཟུགས་དབྱིབས་ཀྱི་མཚོན་ཐུབ་པ་བྱ་རྒྱུ་ནི་ང་ཚོས་ཇུས་འགོད་གསར་བཟོའི་ལས་འགན་རེད། ཇུས་འགོད་གསར་བཟོ་ལས་གྲུབ་པའི་ཡིག་དབྱིངས་བརྒྱུད་དེ་གོ་དོན་གསལ་པོ་ཡོད་པ་དང་མི་རྣམས་ཀྱིས་མཐོང་མ་ཐག་དེས་བརྒྱུད་བསྒྲགས་བྱས་པའི་ནང་དོན་དྲན་ཐུབ་པ་བྱེད་དགོས། གལ་སྲིད་ཡི་གེ་ཇུས་འགོད་ཀྱི་བརྒྱུད་རིམ་ཁྲོད་དུ་ནང་དོན་བརྡ་སྦྱོར་གྱི་གནད་འཁེལ་རང་བཞིན་ལ་ཆད་ལྷག་ཤོར་ན། ཇུས་འགོད་ཀྱི་དོན་སྙིང་གང་ཡང་མེད་པར་འགྱུར་སྲིད། སྐབས་རེར་ཕུན་སུམ་ཚོགས་པའི་ནང་དོན་དམར་དམར་རྗེན་རྗེན་དུ་མཚོན་བཅུག་པ་ཧ་ཅང་དཀའ་མོ་ཡིན་པ་སྨོས་མེད་རེད། རེད་ཀྱང་གཙོ་བོ་དང་ནང་དོན་ཆེས་མཚོན་ཐུབ་པ་ཚུར་བཟུང་ནས། ལས་སྣོན་དང་ལེགས་སྒྲིག་བྱས་ཏེ་ནང་དོན་གྱི་བརྗོད་བྱ་གཙོ་བོ་ནུས་པ་ཅི་ཐོན་གྱི་སྒོ་ནས་ཡི་གེ་ཇུས་འགོད་ཁྲོད་མཚོན་ཐུབ་པར་བྱེད་དགོས་པ་ཡིན་ནོ།  

.དབྱེ་འབྱེད་ངོས་འཛིན་རང་བཞིན། 

  ཡི་གེའི་ནུས་པ་ཞེས་པ་ནི་དེའི་སྐད་ཆ་བརྒྱུད་བསྒྲགས་ལ་ཟེར་ཏེ། ཡི་གེའི་མཚོན་རྟགས་ཀྱིས་ནང་དོན་ཕྱིར་མཚོན་ཐུབ་པ་ལ་གོ་དགོས། ཕུགས་བསམ་ཅན་གྱི་ཡི་གེའི་བརྒྱུད་བསྒྲགས་ནུས་པ་ནི་གཟུགས་དབྱིབས་ལ་མཐོང་ཚོར་ཐོག་ངོས་བཟུང་རང་བཞིན་ལྡན་པ་ལ་གོ་དགོས་རྒྱུ་རེད། 

  ཡི་གེའི་ཇུས་འགོད་ཁྲོད་དུ་ཡིག་དབྱིབས་འགྱུར་ལྡོག་ཕུན་སུམ་ཚོགས་པ་དང་ཇུས་འགོད་ཀྱི་བྲོ་བ་ཇི་ལྟར་ལྡན་རུང་། གལ་སྲིད་ཡི་གེའི་ངོས་བཟུང་བ་དེ་རང་བཞིན་མེད་སོང་ན། ཇུས་འགོད་རེ་དོགས་དང་བྲལ་བའི་ཕམ་ཁ་ཞིག་རེད། མི་རྣམས་ཀྱིས་གོ་བ་ལེན་དཀའ་བ་དང་ངོས་འཛིན་ཐབས་མེད་པའི་ཡི་གེའི་ཇུས་འགོད་ཀྱིས་ནང་དོན་བརྒྱུད་བསྒྲགས་ཀྱི་གོ་བ་ཧ་ཅང་གོ་དཀའ་རེད། གལ་སྲིད་ཇུས་འགོད་བྱེད་སྐབས་གང་འདོད་ཀྱི་བོད་ཡིག་གི་ཡིག་གཟུགས་ལ་བསྒྱུར་བཅོས་བཏང་ནས་མཐོང་ཚོར་གྱི་ནུས་པ་ཁོ་ན་ལ་བརྩོན་ལེན་བྱས་ན་ཡི་གེའི་ཆེས་རྩ་བའི་ནུས་པ་ཉམས་པར་མ་ཟད། ནང་དོན་གྱི་བརྒྱུད་བསྒྲགས་དང་ཡི་གེའི་དབྱིབས་ཀྱི་ངོས་འཛིན་ནི་དེ་ལས་བཤད་མ་དགོས་པ་རེད། ཇུས་འགོད་གསར་གཏོད་ཀྱི་བརྒྱུད་རིམ་ཁྲོད་དུ་རྟོགས་སླ་བ་བྱེད་རྒྱུ་དེ་དམིགས་ཡུལ་བྱེད་པ་ལས། ཡི་གེའི་རྩ་བའི་ཁྱད་ཆོས་ལ་གཏོར་བརླག་བྱེད་མི་ཉན་པ་ཡིན་ནོ།  

.སྒྱུ་རྩལ་གྱི་རང་བཞིན། 

  དུས་ཡུན་རིང་པོ་ཞིག་ནས་ཇུས་འགོད་ཁྲོད་ཀྱི་གཟུགས་བརྙན་མཐོང་ཚོར་གྱི་ནུས་པ་ནི་མི་རྣམས་ཀྱིས་བསམ་བཞིན་དུ་སྣང་མེད་དུ་བཟང་ངན་ཅི་ཡིན་ཞིབ་བསྡུར་བྱས་པའི་ཚད་གཞི་རུ་ཆགས་ཡོད། ཡི་གེའི་ཇུས་འགོད་ཀྱི་ནང་དོན་ལ་དངོས་པོ་བརྒྱུད་བསྒྲགས་ཀྱི་ཁྱད་ཆོས་དང་མི་རྣམས་ཀྱི་སེམས་ཁམས་དང་འཚམ་པ། ལུས་ཁམས་ལ་དགོས་མཁོ་ཡོད་སྐབས་ཁོ་ལ་མཛེས་པའི་ཁྱད་ཆོས་ལྡན་དགོས་པ་རེད། 

  ཡིག་གཟུགས་ཇུས་འགོད་ཁྲོད་དུ་ཡིད་དུ་འོང་བའམ་མཛེས་པ་ཆ་ཤས་ཞིག་མཚོན་པར་མ་ཟད། ད་དུང་སྨྱུ་གུ་དང་གྲུབ་ཆ། ཇུས་འགོད་བརྒྱུད་རིམ་བཅས་ཕྱོགས་ཡོངས་ཀྱི་བློ་ཡི་གདེང་ཚད་མཚོན་ཡོད་པ་རེད། སྨྱུ་གུ་དང་སྨྱུ་གུ་བར་གྱི་འབྲེལ་བ་དང་ཡི་གེ་དང་ཡི་གེ་བར་གྱི་འབྲེལ་བ། སྨྱུ་གུ་དང་གཟུགས་བརྙན་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་ཤིང་། མཐོང་ཆོས་མཚོན་རྟགས་ཀྱི་གཟུགས་བརྙན་ལ་ལས་བསྣོན་བྱས་ཏེ་ཡིག་རྟགས་དང་བརྒྱུད་བསྒྲགས་གི་ནང་དོན་གཅིག་འགྱུར་རང་བཞིན་བྱེད་ཐུབ་པ་ནི། ཡི་གེའི་ཇུས་འགོད་སྒྱུ་རྩལ་གྱི་ཆེས་གཙོ་བོའི་བརྒྱུད་རིམ་ཞིག་ཡིན། 

  ཡིག་གཟུགས་ཇུས་འགོད་ཀྱི་ནང་དོན་མ་ནོར་བ་བརྒྱུད་བསྒྲགས་བྱས་ནས་མཐོང་ཚོར་ལ་ངོས་འཛིན་རང་བཞིན་དང་གསར་གཏོད་ཀྱི་སྒྱུ་རྩལ་རང་བཞིན་ལྡན་པར་བྱེད་དགོས། འདི་གསུམ་ཀ་གཅིག་ཕན་གཅིག་གྲོགས་དང་ཕན་ཚུན་འགྲིག་པ་ཡིན་པས། ཕྱོགས་གང་རུང་ཞིག་ལ་སྣང་མེད་བྱས་ན་ཇུས་འགོད་ལ་གནོད་པ་བྱེད་རྒྱུ་རེད། དེས་ཕྱིར་ན་ང་ཚོས་གསར་གཏོད་ཀྱི་བརྒྱུད་རིམ་ཁྲོད་ཆོས་ཉིད་འདི་ལ་བརྩི་སྲུང་བྱེད་དགོས་ལ། དངོས་ཡོད་ཀྱི་བཀོལ་སྤྱོད་ཁྲོད་གནས་ལུགས་འདི་ལ་གོ་བ་ཡག་པོ་ལེན་དགོས་སོ།  

སྡེ་ཚན་གསུམ་པ།  ཡིག་གཟུགས་ཀྱི་ལངས་གཟུགས་མཚོན་ཚུལ།

  དེང་སང་ཡིག་གཟུགས་ཀྱི་མཚོན་ཚུལ་སྔོན་ནས་རྩ་གཉིས་བས་གསེང་ནས་བཀག་རྒྱ་མེད་ལ། ལངས་གཟུགས་ཀྱི་མཚོན་ཚུལ་ཁྱད་ཆོས་ལའང་མཐོང་ཆེན་ཇེ་བྱེད་ཡིན། ཁྱད་པར་དུ་མཚོན་བྱེད་ཀྱི་ཇུས་འགོད་ཁྲོད་དུ་ཡིག་གཟུགས་ཀྱི་ལངས་གཟུགས་མངོན་པས། མི་རྣམས་ཀྱི་མཐོང་ཚོར་དབང་པོ་ལ་ངོ་མཚར་བའི་ལོངས་སྤྱོད་སྟེར། ང་ཚོས་ཡི་གེ་དེ་སྲ་གཟུགས་ཞིག་ལ་བསམ་ཚོད་བཞག་ནས་མཛེས་སྡུག་དང་བཅས་ཏེ་བར་སྟོང་ངེས་ཅན་ཞིག་གི་ནང་དུ་གནས་ཡོད་པར་སྙམ།  ཕུན་སུམ་ཚོགས་པའི་གློག་ཀླད་ལག་རྩལ་གྱི་ཐབས་ལམ་བེད་སྤྱོད་པས། ང་ཚོས་རྟོག་བཟོའི་ཡིག་གཟུགས་ལངས་གཟུགས་ཅན་གྱི་མཚོན་ཚུལ་མངོན་འགྱུར་ཡོང་བ་ལ་རོགས་པ་བྱེད། ལངས་གཟུགས་མཚོན་ཐབས་ལ་འདི་དག་སྟེ། སྒྲིབ་མེད་མཐོང་ཐབས་དང་། འབུར་རྐོས་ཀྱི་ཐབས། གྲིབ་ནག་གི་ཐབས་སོགས་ཡོད་པ་ཡིན་ནོ།  

.གྲིབ་ནག་གི་ཕན་ནུས། 

  དངོས་གཟུགས་གང་ཞིག་ཡིན་རུང་བར་སྟོང་གང་འཚམ་ཞིག་གི་ནང་དུ་གནས་ཡོད། དེ་དག་ཚང་མ་མདུན་ངོས་དང་། རྒྱབ་ངོས། གྲིབ་ནག་བཅས་ལས་ཀྱིས་གྲུབ་པ་རེད། དེ་ཕྱིར་བསམ་པས་འདི་འདྲ་ཞིག་ཚོད་དཔག་བྱེད་ཆོག་སྟེ། ཡི་གེ་གཡོན་ཕྱོགས་ཀྱི་གོང་ན་ཐད་ཀར་འོད་ཁུངསཡོད་སར་བཙུགས་ན། གཡས་ཕྱོགས་ན་གྲིབ་ནག་ཡོད་པ་རང་བཞིན་གྱིས་མྱོང་ཐུབ། ཡི་གེའི་གྲིབ་ནག་གི་རི་མོ་ལ་བརྒྱུད་ནས་ཡི་གེའི་གྲིབ་ནག་དེ་མ་གཟུགས་ཀྱི་རྣམ་པ་ལས་ལྷག་ཏུ་མཐོང་ཚོར་གྱི་སྐྱོམ་ཤུགས་ཡོད་པ་མཐོང་ཐུབ། འདི་ནི་ཆེས་སྤྱིར་བཏང་གི་ལངས་གཟུགས་མཚོན་ཐབས་ཞིག་ཡིན་ནོ།  

.འབུར་བརྐོས་ཀྱི་ཕན་ནུས།  

  ལངས་གཟུགས་འབུར་བརྐོས་ཕན་ནུས་ཀྱིས་མི་ལ་རེག་བསམ་པའི་འབར་རེ་འབུར་རེ་ཅན་ལ་རེག་མྱོང་བྱེད་པར་འདོད་པའི་ཚོར་བ་སྐྱེས་བཅུག་ཐུབ་པ་ཡིན་ནོ།  

.སྒྲིབ་མེད་མཐོང་བའི་ཕན་ནུས།  

  དངོས་གཟུགས་གང་རུང་ཞིག་ཡིན་ན་བར་སྟོང་ནང་དུ་གནས་ཡོད། དེ་དག་ཚང་མ་དེ་དང་གྲིབ་ནག་དང་སྒྲིབ་མེད་མཐོང་བའི་འབྲེལ་བ་འབྱུང་བ་ཡིན། ཡིག་གཟུགས་ཀྱིས་སྒྲིབ་མེད་མཐོང་བའི་མཚོན་ཚུལ་ཐོག་ཟུར་ཚད་ཀྱི་ཇུས་འགོད་ལ་ཁྱད་དུ་གཟབ་དགོས་ཏེ། ཟུར་ཚད་མི་འདྲ་བ་ལ་བརྟེན་ནས་སྒྲིབ་མེད་མཐོང་བའི་འབྲེལ་བ་མི་འདྲ་བ་འབྱུང་། ཡིག་གཟུགས་ཇུས་འགོད་ཀྱི་སྒྲིབ་མེད་མཐོང་བའི་འབྲེལ་བ་ནང་མདོག་གི་སྒྲིབ་མེད་མཐོང་བ་དང་མེད་འགྱུར་གྱི་སྒྲིབ་མེད་མཐོང་བ། ཐིག་གི་སྒྲིབ་མེད་མཐོང་བ་བཅས་ཀྱང་འདུས་ཡོད། དེངསང་རི་མོའི་གཟུགས་རིས་ཀྱི་མཉེན་ཆས་ཧ་ཅང་སྟོབས་ཤུགས་ཆེ་སྟེ། ངོས་མཉམ་ཇུས་འགོད་ནས་དཀྱུས་ཞེང་དཔང་གསུམ་གྱི་ལངས་གཟུགས་ཇུས་འགོད་ཚང་མ་ཧ་ཅང་སླ་ལ་མགྱོགས་པར་མ་ཟད། ལས་སླ་མོའི་སྒོ་ནས་ལངས་གཟུགས་ཡི་གེའི་དཔེ་རིས་འབྲི་ཆོག་པ་ཡིན་ཡང་སྒྲིབ་མེད་མཐོང་བའི་འགྲིག་ཚད་དང་ཟུར་ཚད་བཅས་ནི་ཇུས་འགོད་པས་ནན་ཏན་ཞིབ་འཇུག་བྱེ་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་ཡིན་ནོ།   ཞེས་པ་འདི་ནི་རིག་ལུགས་ཀྱི་བོད་ཡིག་ལངས་གཟུགས་འབྲི་རྩལ་གྱི་ཁྱད་ཆོས་མདོ་ཙམ་བཤད་པ་བྲིས་པ་ཡིན་ནོ།  

  • 顶