གསུམ་པ། མིང་བརྡ་གསར་བཟོ་དང་གཅིག་གྱུར་བྱས་ཚུལ།
དང་པོ། བོད་ཀྱི་བརྡ་ཆད་གཅིག་གྱུར་བྱས་པའི་བྱུང་རབས་མདོར་བསྡུས། །
མཚོ་བོད་མཐོ་སྒང་འདིར་འགྲོ་བ་མིའི་འཇིག་རྟེན་བྱུང་བ་དང་མཉམ་དུ་བརྡ་ཆད་སྤྱོད་འགོ་ཚུགས་པ་ཡིན་ལ། ཐོག་མའི་དབང་མཛད་བཅུ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་སྐབས་ནས་གནམ་གྱི་ཁྲི་བདུན་ལ་ཐུག་གི་བར་བོད་ཀྱི་སྤྱི་ཚོགས་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་བྱུང་ཞིང་།
རྒྱལ་པོ་སྲོང་བཙན་སྒམ་པོ་ནས་བཟུང་བོད་དུ་ཐུབ་པའི་བསྟན་པ་དར་བའི་འགོ་ཚུགས་ཤིང་། གང་གིས་སུ་ལ་དབང་སྒྱུར་བའི་སྲིད་དབང་འཕྲོག་རྩོད་བྱེད་པའི་དུས་བབས་དང་བསྟུན་ནས་བྱུང་བ་ཞིག་སྟེ། དབང་སྒྱུར་པས་བསམ་བློའི་སྟེང་ནས་རྒྱལ་ཁའི་འབྲས་བུ་བསྲུང་ཕྱིར་སྲིད་ཀྱི་དབང་ཆར་བརྟེན་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་རྒྱ་ཆེར་སྤེལ། དེ་སྟབས་ཀྱིས་ཆོས་ལུགས་འདི་སྲིད་གཞུང་གི་ཐད་ཀར་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གྱི་ཐོབ་ཐང་ཅན་ཞིག་ཏུའང་གྱུར་པར་བརྟེན་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་བོད་ལ་འགྱུར་པ་དང་ལྷན་དུ་དེའི་ཐུན་མོང་མ་ཡིན་པའི་བརྗོད་དོན་མཚོན་པའི་བརྡ་ཆད་གསར་པ་རྣམས་སྔ་ཕྱིར་བཀས་བཅད་རིམ་པ་གསུམ་གྱིས་གཅིག་གྱུར་བྱས། བཀས་བཅད་ཀྱི་ཡིག་ཆ་ལ་གཙོ་བོ་སྒྲ་སྒྱུར་བཻ་རོ་ཙ་ནས་ཕྱོགས་བསྡུས་བྱས་པའི་མིང་དོན་བརྡ་སྤྲོད་རྣམ་ལྔ་དང་། བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་སོགས་ཡོད་ལ། བརྡ་སྤྲོད་རྣམ་ལྔ་ཞེས་བྱ་བར་གསོ་བྱེད་སྨན་གཞུང་གི་ཆེད་སྤྱོད་བརྡ་ཆད་རྣམས་དང་། བྱེ་བྲག་རྟོགས་བྱེད་སོགས་སུ་སྔ་འགྱུར་མདོ་རྒྱུད་ཀྱི་གཞུང་གི་ཆོས་ཀྱི་ཐ་སྙད་རྒྱ་གར་སྐད་ལས་བོད་སྐད་དུ་བསྒྱུར་པ་རྣམས་སེ་བོད་སྐད་གཉིས་ཤན་སྦྱར་གྱིས་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པ་ཡིན་ནོ། །
འཕྲིན་སྟེགས། weikangba