བོད་ཡིག་གི་དུས་གསུམ་རྣམ་བཞག

2015-11-26
236

བོད་ཡིག་གི་དུས་གསུམ་རྣམ་བཞག 

             ༼དང་པོ༽  

བྱ་ཚིག་མ་ནིང་བྱེད་པ་མོ་ཡིས་འཕུལ།། པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ།། 

སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ།། བརྗོད་བདེར་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད།། 

མདོར་ན་པ་སྡེ་ལས་གཞན་འཕུལ་གསུམ་མོ།། 

  

དཔེར་བརྗོད། མ་འོངས། ད་ལྟ། འདས་པ། སྐུལ་ཚིག 

ལུགས་ངན་སོགས་དགག་བྱ་འགོག་བྱེད་བཀག་པ་ཁོག་ཅིག 

སྣོད་སོགས་ཆུས་དགང་འགེངས་བྱེད་བཀང་བ་ཁེང་ཞིག 

གོས་སོགས་ཀྱིས་དགབ་བྱ་འགེབས་བྱེད་བཀབ་པ་ཁོབ་ཅིག 

མང་པོ་ལས་ལོགས་སུ་དགར་བྱ་དགར་བྱེད་བཀར་བ་ཁོར་ཅིག 

ཁལ་སོགས་དགལ་བྱ་འགེལ་བྱེད་བཀལ་བ་ཁོལ་ཅིག 

ཤིང་སོགས་དགས་བྱ་འགས་བྱེད་བཀས་པ་ཁོས་ཅིག 

ལྕགས་ཀྱུ་སོགས་ཀྱིས་དགུག་བྱ་འགུགས་བྱེད་བཀུག་པ་ཁུག་ཅིག 

དགྲ་སོགས་དགུམ་བྱ་འགུམས་བྱེད་བཀུམས་པ་ཁུམས་ཤིག 

ཤིང་སོགས་ཀྱི་རྩ་བ་དགོག་བྱ་འགོག་བྱེད་བཀོག་པ་ཁོག་ཅིག 

ཟིན་ཐོ་སོགས་དགོད་བྱ་འགོད་བྱེད་བཀོད་པ་ཁོད་ཅིག 

གྲལ་དང་གནས་སུ་དགོད་བྱ་འགོད་བྱེད་བཀོད་པ་ཁོད་ཅིག 

མེ་ཏོག་སོགས་དགྲམ་བྱ་འགྲེམས་བྱེད་བཀྲམ་པ་ཁྲོམས་ཤིག 

བཀའི་དགོངས་པ་སོགས་དགྲོལ་བྱ་འགྲེལ་བྱེད་བཀྲལ་བ་ཁྲོལ་ཅིག 

མདུད་པ་དགྲོལ་བྱ་འགྲོལ་བྱེད་བཀྲོལ་བ་ཁྲོལ་ཅིག 

དཀར་ཡོལ་སོགས་གཅག་བྱ་གཅོག་བྱེད་བཅག་པ་ཆོགས་ཤིག 

ཞབས་ཀྱིས་གཅག་བྱ་འཆག་བྱེད་བཅགས་པ་ཆོགས་ཤིག 

ཤིང་སོགས་གཅད་བྱ་གཅོད་བྱེད་བཅད་པ་ཆོད་ཅིག 

སྐུ་མདུན་དུ་གཅར་བྱ་གཅོར་བྱེད་བཅར་བ་གཅོར་ཅིག 

ཕ་མས་བུ་སོགས་གཅུན་བྱ་འཇུན་བྱེད་བཅུན་པ་ཆུན་ཅིག 

ཟས་སོགས་གཉག་བྱ་གཉོག་བྱེད་གཉགས་པ་གཉོགས་ཤིག 

སྦྱིན་པ་སོགས་གཏང་བྱ་གཏོང་བྱེད་བཏང་བ་ཐོང་ཞིག 

མགོ་བོ་སོགས་གཏུམ་བྱ་འཐུམ་བྱེད་བཏུམས་པ་ཐུམས་ཤིག 

ལམ་སྲོལ་སོགས་གཏོད་བྱ་གཏོད་བྱེད་བཏོད་པ་གཏོད་ཅིག 

ས་བོན་སོགས་གདབ་བྱ་འདེབས་བྱེད་བཏབ་པ་ཐོབ་ཅིག 

མང་པོའི་ནང་ནས་གདམ་བྱ་འདེམས་བྱེད་བདམས་པ་འདོམས་ཤིག 

མིང་དང་རྒྱན་སོགས་གདགས་བྱ་འདོགས་བྱེད་བཏགས་པ་ཐོགས་ཤིག 

གདན་སོགས་གདིང་བྱ་འདིང་བྱེད་བཏིང་བ་ཐིངས་ཤིག 

གུས་པས་གདུད་བྱ་འདུད་བྱེད་བཏུད་པ་ཐུད་ཅིག 

དགྲ་བོ་སོགས་གདུལ་བྱ་འདུལ་བྱེད་བཏུལ་བ་ཐུལ་ཅིག 

གདུང་མ་སོགས་གདེག་བྱ་འདེགས་བྱེད་བཏེགས་པ་ཐེགས་ཤིག 

ཕྱིར་རོལ་དུ་གདོན་བྱ་འདོན་བྱེད་བཏོན་པ་ཐོན་ཅིག 

ཆར་སོགས་དབབ་བྱ་འབབ་བྱེད་བབས་པ་ 

བཀའ་སོགས་གཏན་ལ་དབབ་བྱ་འབེབས་བྱེད་ཕབ་པ་ཕོབས་ཤིག 

མཚོན་སོགས་ཀྱིས་ཁུང་བུ་དབུག་བྱ་འབིགས་བྱེད་ཕུག་པ་ཕུགས་ཤིག 

གདུགས་དང་གུར་སོགས་དབུབ་བྱ་འབུབས་བྱེད་ཕུབ་པ་ཕུབས་ཤིག 

མཎྜལ་སོགས་དབུལ་བྱ་འབུལ་བྱེད་ཕུལ་བ་ཕུལ་ཅིག 

ཆུ་སོགས་དབོ་བྱ་འབོ་བྱེད་ཕོ་བ་ཕོས་ཤིག 

སྡོམ་པ་དང་གདམས་ངག་སོགས་དབོག་བྱ་འབོགས་བྱེད་ཕོག་པ་ཕོགས་ཤིག 

རི་མོ་སོགསདབྱི་བྱ་འབྱིད་བྱེད་ཕྱིས་པ་ཕྱིས་ཤིག 

སྒོ་སོགས་དབྱེ་བྱ་འབྱེད་བྱེད་ཕྱེ་བ་ཕྱེས་ཤིག 

ནང་ནས་ཕྱིར་དུདབྱུང་བྱ་འབྱིན་བྱེད་ཕྱུང་བ་ཕྱུངས་ཤིག 

མཛའ་བོ་སོགས་སོ་སོར་དབྲལ་བྱ་འབྲལ་བྱེད་ཕྲལ་བ་ཕྲོལ་ཅིག 

གྲངས་ཀྱི་ཁ་ནས་དབྲི་བྱ་འཕྲི་བྱེད་ཕྲིས་པ་ཕྲིས་ཤིག 

སྟེང་དུ་གཞག་བྱ་འཇོག་བྱེད་བཞག་པ་ཞོག་ཅིག 

སྐྲ་སོགས་གཞར་བྱ་གཞར་བྱེད་བཞར་བ་གཞོར་ཅིག 

དཔག་ཚད་སོགས་གཞལ་བྱ་འཇལ་བྱེད་བཅལ་བ་འཇོལ་ཅིག 

ཁུ་བ་སོགས་གཞིབ་བྱ་འཇིབ་བྱེད་བཞིབས་པ་འཇིབས་ཤིག 

མེ་དང་ཉོན་མོངས་སོགས་གཞིལ་བྱ་འཇིལ་བྱེད་བཅིལ་བ་ཆིལ་ཅིག 

ནང་དུ་གཞུག་བྱ་འཇུག་བྱེད་བཅུག་པ་ཆུགས་ཤིག 

ཤིང་སོགས་གཞོག་བྱ་གཞོག་བྱེད་བཞོགས་པ་གཞོགས་ཤིག 

དགྲ་བོའི་དཔུང་སོགས་གཞོམ་བྱ་འཇོམས་བྱེད་བཅོམ་པ་ཆོམས་ཤིག 

སྲོལ་སོགས་གཟུག་བྱ་འཛུགས་བྱེད་བཙུགས་པ་ཚུགས་ཤིག 

དངོས་པོ་སོགས་གཟུང་བྱ་འཛིན་བྱེད་བཟུང་བ་ཟུངས་ཤིག 

གནས་ཁང་དུ་གཟུད་བྱ་འཛུད་བྱེད་བཙུད་པ་ཚུད་ཅིག 

མཚོན་ཁ་ལས་གཟུར་བྱ་འཛུར་བྱེད་བཟུར་བ་ཟུར་ཅིག 

འཕྲང་སོགས་ལ་གཤར་བྱ་གཤར་བྱེད་བཤར་བ་གཤོར་ཅིག 

མེ་སོགས་གསད་བྱ་གསོད་བྱེད་བསད་པ་སོད་ཅིག 

སིལ་ཁྲོལ་སོགས་གསིལ་བྱ་གསིལ་བྱེད་བསིལ་བ་གསིལ་ཅིག 

 

                      ༼གཉིས་པ༽ 

བྱ་ཚིག་ཕོ་ཡིས་འཕུལ་ལ་འདས་པའང་དེ།། བྱེད་ཚིག་ཕལ་ཆེར་འཕུལ་མེད་ཅན་དུ་ངེས།། 

སྐབས་འགར་འདས་ལ་རྗེས་འཇུག་ས་རྐྱང་གིས།། ཆོག་ནུས་སྟོན་ལ་མགོ་ཅན་མང་བའི་སྡེ།། 

སྐུད་པ་སོགས་བཀལ་བྱ་འཁལ་བྱེད་བཀལ་བ་ཁོལ་ཅིག 

ཐག་པས་བཀྱིག་བྱ་འཁྱིག་བྱེད་བཀྱིགས་པ་ཁྱིགས་ཤིག 

གཡུལ་སོགས་བཀྱེ་བྱ་འགྱེད་བྱེད་བཀྱེས་པ་ཁྱེས་ཤིག 

དྲི་མ་སོགས་བཀྲུ་བྱ་འཁྲུད་བྱེད་བཀྲུས་པ་ཁྲུས་ཤིག 

དུག་མཚོན་སོགས་ཀྱིས་བཀྲོང་བྱ་ཀྲོང་བྱེད་བཀྲོངས་པ་ཀྲོངས་ཤིག 

ཡི་གེ་སོགས་བཀླག་བྱ་ཀློག་བྱེད་བཀླགས་པ་ཀློགས་ཤིག 

དར་གོས་སོགས་ཀྱིས་བཀླུབ་བྱ་ཀླུབ་བྱེད་བཀླུབས་པ་ཀླུབས་ཤིག 

ནོར་སོགས་བརྐུ་བྱ་རྐུ་བྱེད་བརྐུས་པ་རྐུས་ཤིག 

ཁྲོན་པ་སོགས་བརྐོ་བྱ་རྐོ་བྱེད་བརྐོས་པ་རྐོས་ཤིག 

རྐང་ལག་སོགས་བརྐྱང་བྱ་རྐྱོང་བྱེད་བརྐྱངས་པ་རྐྱོངས་ཤིག 

ཆུ་སོགས་བསྐམ་བྱ་སྐེམ་བྱེད་བསྐམས་པ་སྐོམས་ཤིག 

ལས་སྣེ་སོགས་བསྐོ་བྱ་སྐོ་བྱེད་བསྐོས་པ་སྐོས་ཤིག 

རེ་བ་སོགས་བསྐང་བྱ་སྐོང་བྱེད་བསྐངས་པ་སྐོངས་ཤིག 

གོས་སོགསབསྐོན་བྱ་སྐོན་བྱེད་བསྐོན་པ་སྐོན་ཅིག 

འཁོར་ལོ་སོགསབསྐོར་བྱ་སྐོར་བྱེད་བསྐོར་བ་སྐོར་ཅིག 

སྣུམ་སོགསབསྐུ་བྱ་སྐུད་བྱེད་བསྐུས་པ་སྐུས་ཤིག 

ཤོ་རྒྱན་སོགས་བསྐུག་བྱ་སྐུག་བྱེད་བསྐུགས་པ་སྐུགས་ཤིག 

ནོར་སོགས་བསྐུང་བྱ་སྐུང་བྱེད་བསྐུངས་པ་སྐུངས་ཤིག 

རྐང་ལག་སོགས་བསྐུམ་བྱ་སྐུམ་བྱེད་བསྐུམས་པ་སྐུམས་ཤིག 

དབང་འཕྲིན་སོགས་བསྐུར་བྱ་སྐུར་བྱེད་བསྐུར་བ་སྐུར་ཅིག 

བྱ་བ་སོགས་བསྐུལ་བྱ་སྐུལ་བྱེད་བསྐུལ་བ་སྐུལ་ཅིག 

དྲིན་སོགས་ཀྱིས་བསྐྱང་བྱ་སྐྱོང་བྱེད་བསྐྱངས་པ་སྐྱོངས་ཤིག 

འཇིགས་པ་ལས་བསྐྱབ་བྱ་སྐྱོབ་བྱེད་བསྐྱབས་པ་སྐྱོབས་ཤིག 

སྣོད་སོགས་ལག་པས་བསྐྱམ་བྱ་སྐྱོམ་བྱེད་བསྐྱམས་པ་སྐྱོམས་ཤིག 

གཏམ་སོགས་ཡང་ཡང་བསྐྱར་བྱ་སྐྱོར་བྱེད་བསྐྱར་བ་སྐྱོར་ཅིག 

གནས་གཞན་དུ་བསྐྱལ་བྱ་སྐྱེལ་བྱེད་བསྐྱལ་བ་སྐྱོལ་ཅིག 

ཟས་ནོར་གཞན་ལབསྐྱི་བྱ་སྐྱི་བྱེད་བསྐྱིས་པ་སྐྱིས་ཤིག 

ཆུ་སོགས་བསྐྱིལ་བྱ་སྐྱིལ་བྱེད་བསྐྱིལ་བ་སྐྱིལ་ཅིག 

ཟས་སོགས་ཁ་ནསབསྐྱུག་བྱ་སྐྱུག་བྱེད་བསྐྱུགས་པ་སྐྱུགས་ཤིག 

ཁེངས་པ་སོགས་བསྐྱུང་བྱ་སྐྱུང་བྱེད་བསྐྱུངས་པ་སྐྱུངས་ཤིག 

སེམས་ནས་བསྐྱུད་བྱ་སྐྱུད་བྱེད་བསྐྱུད་པ་སྐྱུད་ཅིག 

རྒྱབ་ཏུ་བསྐྱུར་བྱ་སྐྱུར་བྱེད་བསྐྱུར་བ་སྐྱུར་ཅིག 

སེམས་རྒྱ་སོགས་བསྐྱེད་བྱ་སྐྱེད་བྱེད་བསྐྱེད་པ་སྐྱེད་ཅིག 

རླུང་གིས་བསྐྱོད་བྱ་སྐྱོད་བྱེད་བསྐྱོད་པ་སྐྱོད་ཅིག 

རྟ་སོགས་ལབསྐྱོན་བྱ་སྐྱོན་བྱེད་བསྐྱོན་པ་སྐྱོན་ཅིག 

དགྲ་བོ་སོགས་གནས་ནས་བསྐྲད་བྱ་སྐྲོད་བྱེད་བསྐྲད་པ་སྐྲོད་ཅིག 

ཟས་སོགས་བསྐྲུ་བྱ་སྐྲུ་བྱེད་བསྐྲུས་པ་སྐྲུས་ཤིག 

ཆུ་ཡུར་སོགས་བསྐྲུན་བྱ་སྐྲུན་བྱེད་བསྐྲུན་པ་སྐྲུན་ཅིག 

གད་མོ་བགད་བྱ་དགོད་བྱེད་བགད་པ་དགོད་ཅིག 

རྐང་པས་བགོམ་བྱ་འགོམ་བྱེད་བགོམས་པ་འགོམས་ཤིག 

ཆུ་བོ་སོགས་བརྒལ་བྱ་རྒལ་བྱེད་བརྒལ་བ་རྒོལ་ཅིག 

དགྲ་ལ་རྒལ་བྱ་རྒོལ་བྱེད་བརྒལ་བ་རྒོལ་ཅིག 

གྲི་མཚོན་སོགས་བརྒྱག་བྱ་རྒྱག་བྱེད་བརྒྱབ་པ་རྒྱོབ་ཅིག 

རིགས་གཟུགས་སོགས་ཀྱིས་བརྒྱག་བྱ་རྒྱགས་བྱེད་བརྒྱགས་པ་རྒྱོགས་ཤིག 

སྣོད་དང་ཀོ་བ་སོགས་བརྒྱང་བྱ་རྒྱོང་བྱེད་བརྒྱངས་པ་རྒྱོངས་ཤིག 

ཕྲ་རྒྱན་སོགས་ཀྱིས་བརྒྱན་བྱ་རྒྱན་བྱེད་བརྒྱན་པ་རྒྱན་ཅིག 

ཕྲེང་བ་སོགས་བརྒྱུ་བྱ་རྒྱུད་བྱེད་བརྒྱུས་པ་རྒྱུས་ཤིག 

རྟ་སོགས་བརྒྱུག་བྱ་རྒྱུག་བྱེད་བརྒྱུགས་པ་རྒྱུགས་ཤིག 

མནའ་སོགས་བསྒག་བྱ་སྒོག་བྱེད་བསྒགས་པ་སྒོགས་ཤིག 

བུ་རམ་སོགས་བསྒར་བྱ་སྒར་བྱེད་བསྒར་བསྒོར་ཅིག 

གྲོགས་སོགས་ལ་བསྒུག་བྱ་སྒུག་བྱེད་བསྒུགས་པ་སྒུགས་ཤིག 

མགོ་སོགས་བསྒུར་བྱ་སྒུར་བྱེད་བསྒུར་བ་སྒུར་ཅིག 

ལག་པས་བསྒུལ་བྱ་སྒུལ་བྱེད་བསྒུལ་བ་སྒུལ་ཅིག 

བག་ཆགས་སོགས་བསྒོ་བྱ་སྒོ་བྱེད་བསྒོས་པ་སྒོས་ཤིག 

རིལ་བུ་སོགས་བསྒོང་བྱ་སྒོང་བྱེད་བསྒོངས་པ་སྒོངས་ཤིག 

བཟོད་པ་སོགས་བསྒོམ་བྱ་སྒོམབྱེད་བསྒོམས་པ་སྒོམས་ཤིག 

དུས་སོགས་བསྒྱང་བྱ་སྒྱང་བྱེད་བསྒྱངས་པ་སྒྱོངས་ཤིག 

ཉམས་ཀྱིས་བསྒྱིང་བྱ་སྒྱིང་བྱེད་བསྒྱིངས་པ་སྒྱིངས་ཤིག 

སྐད་སོགས་བསྒྱུར་བྱ་སྒྱུར་བྱེད་བསྒྱུར་བ་སྒྱུར་ཅིག 

རྩིག་པ་སོགས་བསྒྱེལ་བྱ་སྒྱེལ་བྱེད་བསྒྱེལ་བསྒྱེལ་ཅིག 

བཀའ་སོགས་བསྒྲག་བྱ་སྒྲོག་བྱེད་བསྒྲགས་པ་སྒྲོགས་ཤིག 

གྲངས་སོགས་བསྒྲང་བྱ་སྒྲོང་བྱེད་ བསྒྲངས་པ་ སྒྲོངས་ཤིག 

ཆུ་བོ་སོགས་ལས་བསྒྲལ་བྱ་སྒྲོལ་བྱེད་བསྒྲལ་བ་སྒྲོལ་ཅིག 

གོ་རིམ་སོགས་བསྒྲིག་བྱ་སྒྲིག་བྱེད་བསྒྲིགས་པ་སྒྲིགས་ཤིག 

ལེགས་ཉེས་བསྒྲིན་བྱ་སྒྲིན་བྱེད་བསྒྲིན་པ་སྒྲིན་ཅིག 

མུན་པས་སྣང་བ་སོགས་བསྒྲིབ་བྱ་སྒྲིབ་བྱེད་བསྒྲིབས་པ་སྒྲིབས་ཤིག 

བློ་དང་སྐུད་པ་སོགས་བསྒྲིམ་བྱ་སྒྲིམ་བྱེད་བསྒྲིམས་པ་སྒྲིམས་ཤིག 

ཐི་གུ་སོགས་བསྒྲིལ་བྱ་སྒྲིལ་བྱེད་བསྒྲིལ་བ་སྒྲིལ་ཅིག 

རྡོ་སོགས་བསྒྲུག་བྱ་སྒྲུག་བྱེད་བསྒྲུགས་པ་སྒྲུགས་ཤིག 

དཔེ་སོགས་ཀྱིས་བསྒྲུན་བྱ་སྒྲུན་བྱེད་བསྒྲུན་པ་སྒྲུན་ཅིག 

དམ་པའི་ཆོས་སོགས་བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབས་པ་སྒྲུབས་ཤིག 

ཆོས་མཚུངས་སོགས་བསྒྲེ་བྱ་སྒྲེ་བྱེད་བསྒྲེས་པ་སྒྲེས་ཤིག 

རྒྱལ་མཚན་སོགས་བསྒྲེང་བྱ་སྒྲེང་བྱེད་བསྒྲེངས་པ་སྒྲེངས་ཤིག 

གོས་སོགས་ལུས་ལ་བསྒྲོན་བྱ་སྒྲོན་བྱེད་བསྒྲོན་པ་སྒྲོན་ཅིག 

བཙས་མ་སོགས་བརྔ་བྱ་རྔ་བྱེད་བརྔས་པ་རྔོས་ཤིག 

ནོར་སོགས་བརྔན་བྱ་རྔན་བྱེད་བརྔན་པ་རྔོན་ཅིག 

དབུགས་སོགས་བརྔུབ་བྱ་རྔུབ་བྱེད་བརྔུབས་པ་རྔུབས་ཤིག 

འབྲུ་སོགས་བརྔོ་བྱ་རྔོ་བྱེད་བརྔོས་པ་རྔོས་ཤིག 

རི་དྭགས་སོགས་བརྔོན་བྱ་རྔོན་བྱེད་བརྔོན་པ་རྔོན་ཅིག 

དགེ་བ་སོགས་བསྔོ་བྱ་སྔོ་བྱེད་བསྔོས་པ་སྔོས་ཤིག 

གཏེར་ཁ་སོགས་བསྔོག་བྱ་སྔོག་བྱེད་བསྔོགས་པ་སྔོགས་ཤིག 

ཕྲེང་བ་སོགས་ལག་པར་བཅང་བྱ་འཆང་བྱེད་བཅངས་པ་ཆོངས་ཤིག 

གནས་སོགས་སུ་བཅའ་བྱ་འཆའ་བྱེད་བཅས་པ་འཆོས་ཤིག 

ཐག་པ་སོགས་ཀྱིས་བཅིང་འཆིང་བྱེད་བཅིངས་པ་ཆིངས་ཤིག 

རྟ་སོགས་ལ་བཅིབ་བྱ་འཆིབ་བྱེད་བཅིབས་པ་ཆིབས་ཤིག 

ཆུ་སོགས་བཅུ་བྱ་འཆུ་བྱེད་བཅུས་པ་ཆུས་ཤིག 

ནོར་སོགས་གཞན་ལ་བཅོལ་བྱ་འཆོལ་བྱེད་བཅོལ་བ་ཆོལ་ཅིག 

རང་རྒྱུད་སོགས་བཅོས་བྱ་འཆོས་བྱེད་བཅོས་པ་ཆོས་ཤིག 

བདག་གཞན་སོགས་ཕན་ཚུན་བརྗེ་བྱ་རྗེ་བྱེད་བརྗེས་པ་རྗེས་ཤིག 

སྐྱེས་བུ་དམ་པ་སོགས་ལབརྗེད་བྱ་རྗེད་བྱེད་བརྗེད་པ་རྗེད་ཅིག 

གཏམ་སོགས་བརྗོད་བྱ་རྗོད་བྱེད་བརྗོད་པ་རྗོད་ཅིག 

རྐང་ལག་སོགས་བརྙང་བྱ་རྙོང་བྱེད་བརྙངས་པ་རྙོངས་ཤིག 

རྒྱུ་མཚན་སོགས་བསྙད་བྱ་སྙོད་བྱེད་བསྙད་པ་སྙོད་ཅིག 

ཅ་ལག་སོགས་ལག་གིས་བསྙམ་བྱ་སྙོབ་བྱེད་བསྙབས་པ་སྙོབས་ཤིག 

རིང་ཐུང་སོགས་བསྙབ་བྱ་སྙོམ་བྱེད་བསྙམས་པ་སྙོམས་ཤིག 

ཞོ་དང་ཆང་སོགས་བསྙལ་བྱ་སྙོལ་བྱེད་བསྙལད་བ་སྙོལ་ཅིག 

ཆུ་སོགས་བསྙིག་བྱ་སྙིག་བྱེད་བསྙིགས་པ་སྙིགས་ཤིག 

བྲག་རི་སོགས་བསྙིལ་བྱ་སྙིལ་བྱེད་བསྙིལད་བ་སྙིལ་ཅིག 

མར་ཁུ་སོགས་བསྙུག་བྱ་སྙུག་བྱེད་བསྙུགས་པ་སྙུགས་ཤིག 

ཡོ་བྱད་སོགས་ཉུང་དུ་བསྙུང་བྱ་སྙུང་བྱེད་བསྙུངས་པ་སྙུངས་ཤིག 

ནད་ཀྱིསབསྙུན་བྱ་སྙུན་བྱེད་བསྙུནད་པ་ 

རྒྱབ་འབོལ་སོགས་ལ་བསྙེ་བྱ་སྙེ་བྱེད་བསྙེས་པ་སྙེས་ཤིག 

གནས་སུ་བསྙེག་བྱ་སྙེག་བྱེད་བསྙེགས་པ་སྙེགས་ཤིག 

དགེ་རྒན་སོགས་བསྙེན་བྱ་སྙེན་བྱེད་བསྙེནད་པ་སྙེན་ཅིག 

ཡོན་ཏན་སོགས་ཀྱིས་བསྙེམ་བྱ་སྙེམ་བྱེད་བསྙམས་པ་སྙེམས་ཤིག 

ཁྲོ་བས་བསྙེར་བྱ་སྙེར་བྱ་བསྙེརད་བ་སྙེར་ཅིག 

བུ་ལོན་སོགས་བསྙོག་བྱ་སྙོག་བྱེད་བསྙོགས་པ་སྙོགས་ཤིག 

ཟས་སོགས་བསྙོད་བྱ་སྙོད་བྱེད་བསྙོད་པ་སྙོད་ཅིག་ 

ཧམ་རྫུན་གྱིས་བསྙོན་བྱ་སྙོན་བྱེད་བསྙོནད་པ་སྙོན་ཅིག 

གྲོ་ནས་སོགས་བསྙོར་བྱ་སྙོར་བྱེད་བསྙོར་བ་སྙོར་ཅིག 

རྒྱགས་ཕྱེ་སོགས་བཏག་བྱ་འཐག་བྱེད་བཏགས་པ་འཐོག་ཅིག 

ཆུ་སོགས་བཏིག་བྱ་གཏིག་བྱེད་བཏིགས་པ་གཏིགས་ཤིག 

རྩྭ་དང་མེ་ཏོག་སོགས་བཏུ་བྱ་འཐུ་བྱེད་བཏུས་པ་ཐུས་ཤིག 

ཇ་ཆང་སོགས་བཏུང་བྱ་འཐུང་བྱེད་བཏུངས་པ་འཐུངས་ཤིག 

སྤུ་སོགས་བཏོག་བྱ་འཐོག་བྱེད་བཏོགས་པ་འཐོགས་ཤིག 

ལེགས་ཉེས་སོགས་བརྟག་བྱ་རྟོག་བྱེད་བརྟགས་པ་རྟོགས་ཤིག 

བློའམ་ཡིད་བརྟན་བྱ་རྟོན་བྱེད་བརྟན་པ་རྟོན་ཅིག་ 

སློབ་སྦྱོང་སོགས་ལ་བརྟུན་བྱ་རྟུན་བྱེད་བརྟུན་པ་རྟུན་ཅིག 

ཕྱོགས་གཅིག་ཏུ་བརྟུལ་བྱ་རྟུལ་བྱེད་བརྟུལ་བ་རྟུལ་ཅིག 

རྒྱུ་རྐྱེན་སོགས་ལ་བརྟེན་བྱ་རྟེན་བྱེད་བརྟེན་པ་རྟེན་ཅིག 

རྟ་སོགས་རྟོད་པས་བརྟོད་བྱ་རྟོད་བྱེད་བརྟོད་པ་རྟོད་ཅིག 

རྣག་སོགས་བརྟོལ་བྱ་རྟོལ་བྱེདབརྟོལ་བ་རྟོལ་ཅིག 

མིག་གིས་བལྟ་བྱ་ལྟ་བྱེད་བལྟས་པ་ལྟོས་ཤིག 

གོས་སོགས་བལྟབ་བྱ་ལྟེབ་བྱེད་བལྟབས་པ་ལྟེབས་ཤིག 

སྤྲུལ་པའི་སྐུ་སོགས་བལྟམ་བྱ་ལྟམ་བྱེད་བལྟམས་པ་ལྟོམས་ཤིག 

ཆུའི་ནང་དུ་བསྟིམ་བྱ་སྟིམ་བྱེད་བསྟིམས་པ་སྟིམས་ཤིག 

སྒ་སོགས་བསྟད་བྱ་སྟོད་བྱེད་བསྟད་པ་སྟོད་ཅིག 

ལྟད་མོ་སོགས་བསྟན་བྱ་སྟོན་བྱེད་བསྟན་པ་སྟོན་ཅིག 

ཞལ་དུ་བསྟབ་བྱ་སྟོབ་བྱེད་བསྟབས་པ་སྟོབས་ཤིག 

ལག་ལེན་བསྟར་བྱ་སྟར་བྱེད་བསྟར་བ་སྟར་ཅིག 

གཉིས་མེད་ཏུ་བསྟིམ་བྱ་སྟིམ་བྱེད་བསྟིམས་པ་སྟིམས་ཤིག 

ཐུང་ངུར་བསྟུང་བྱ་སྟུང་བྱེད་བསྟུངས་པ་སྟུངས་ཤིག 

སྔོན་མའི་འཕྲོར་བསྟུད་བྱ་སྟུད་བྱེད་བསྟུད་པ་འཐུད་ཅིག 

གཞན་གྱི་བློ་དང་བསྟུན་བྱ་སྟུན་བྱེད་བསྟུན་པ་སྟུན་ཅིག 

དགེ་རྒན་སོགས་བསྟེན་བྱསྟེན་བྱེད་བསྟེན་པ་སྟེན་ཅིག་ 

ཕྱུགས་སོགས་བདའ་བྱ་འདེད་བྱེད་བདས་པ་དེད་ཅིག 

ཐལ་མོ་སོགས་བརྡབ་བྱ་རྡེབ་བྱེད་བརྡབས་པ་རྡོབས་ཤིག 

གྲི་སོགས་བརྡར་བྱ་རྡར་བྱེད་བརྡར་བ་རྡོར་ཅིག 

འབྲུ་སོགས་ཐང་དུ་བརྡལ་བྱ་རྡལ་བྱེད་བརྡལ་བ་རྡོལ་ཅིག 

ཁང་པ་སོགས་བརྡིབ་བྱ་རྡིབ་བྱེད་བརྡིབས་པ་ 

རྔ་སོགས་བརྡུང་བྱ་རྡུང་བྱེད་བརྡུངས་པ་རྡུངས་ཤིག 

དབྱུག་པ་སོགས་ཀྱིས་བརྡེག་བྱ་རྡེག་བྱེད་བརྡེགས་པ་རྡེགས་ཤིག 

སྣོད་ཀྱི་མཐིལ་སོགས་བརྡོལ་བྱ་རྡོལ་བྱེད་བརྡོལ་བ་ 

སྐྱོ་མ་སོགས་བལྡག་བྱ་ལྡག་བྱེད་བལྡགས་པ་ལྡོགས་ཤིག 

ཟས་སོགསསོ་ཡིས་བལྡད་བྱ་ལྡད་བྱེད་བལྡད་པ་ལྡོད་ཅིག 

འབྲུག་སྒྲ་སོགས་བལྡིར་བྱ་ལྡིར་བྱེད་བལྡིར་བ་ལྡིར་ཅིག 

གདན་ལ་བསྡད་བྱ་སྡོད་བྱེདབསྡད་པ་སྡོད་ཅིག 

ཐག་པས་བསྡམ་བྱ་སྡོམ་བྱེད་བསྡམས་པ་སྡོམས་ཤིག 

དགྲ་བོ་སོགས་ལ་བསྡིག་བྱ་སྡིག་བྱེད་བསྡིགས་པ་སྡིགས་ཤིག 

དབང་དུ་བསྡུ་བྱ་སྡུད་བྱེད་བསྡུས་པ་སྡུས་ཤིག 

འཁོན་པ་སོགས་བསྡུམ་བྱ་སྡུམ་བྱེད་བསྡུམས་པ་སྡུམས་ཤིག 

བཟང་ངན་སོགས་བསྡུར་བྱ་སྡུར་བྱེད་བསྡུར་བ་སྡུར་ཅིག 

ཕན་ཚུན་མཉམ་དུ་བསྡེབ་བྱ་སྡེབ་བྱེད་བསྡེབས་པ་སྡེབས་ཤིག 

ལུས་སྲོག་སོགས་དང་བསྡོ་བྱ་སྡོ་བྱེད་བསྡོས་པ་སྡོས་ཤིག 

རྒྱགས་ཕྱེ་ཉེ་བར་སོགས་བསྡོག་བྱ་སྡོག་བྱེད་བསྡོགས་པ་སྡོགས་ཤིག 

མཉམ་དུ་བསྡོང་བྱ་སྡོང་བྱེད་བསྡོངས་པ་སྡོངས་ཤིག 

གྲངས་སོགས་བསྡོམ་བྱ་སྡོམ་བྱེད་བསྡོམས་པ་སྡོམས་ཤིག 

ཡིད་ལ་བརྣག་བྱ་རྣོག་བྱེད་བརྣགས་པ་རྣོགས་ཤིག 

ཟས་ཀྱིས་མིད་པ་བརྣང་བྱ་རྣོང་བྱེད་བརྣངས་པ་རྣོངས་ཤིག 

ནན་ཏན་དུ་བརྣན་བྱ་རྣོན་བྱེད་བརྣན་པ་རྣོན་ཅིག 

ལོངས་སྤྱོད་སོགས་ལ་བརྣབ་བྱ་རྣབ་བྱེད་བརྣབས་པ་རྣོབས་ཤིག 

ལྷག་མ་སོགས་བསྣན་བྱ་སྣོན་བྱེད་བསྣན་པ་སྣོན་ཅིག 

དྲི་དང་ཕྱག་ཏུ་བསྣམ་བྱ་སྣོམ་བྱེད་བསྣམས་པ་སྣོམས་ཤིག 

མཇུག་མ་སོགས་བསྣར་བྱ་སྣར་བྱེད་བསྣར་བ་སྣོར་ཅིག 

མཚོན་ཆ་སོགས་ཀྱིས་བསྣུན་བྱ་སྣུན་བྱེད་བསྣུན་པ་སྣུན་ཅིག 

ལུགས་ངན་སོགས་བསྣུབ་བྱ་སྣུབ་བྱེད་བསྣུབས་པ་སྣུབས་ཤིག 

དུས་སོགས་བསྣུར་བྱ་སྣུར་བྱེད་བསྣུར་བ་སྣུར་ཅིག 

གྲོ་ཞིབ་སོགས་བསྣོ་བྱ་སྣོ་བྱེད་བསྣོས་པ་སྣོས་ཤིག 

གོང་འོག་སོགས་བསྣོག་བྱ་སྣོག་བྱེད་བསྣོགས་པ་སྣོགས་ཤིག 

གོ་རིམ་སོགས་བསྣོར་བྱ་སྣོར་བྱེད་བསྣོར་བ་སྣོར་ཅིག 

སྟེང་འོག་སོགས་བསྣོལ་བྱ་སྣོལ་བྱེད་བསྣོལ་བ་སྣོལ་ཅིག 

ཆུ་སོགས་བཙག་བྱ་འཚག་བྱེད་བཙགས་པ་ཚོགས་ཤིག 

ནང་དུ་བཙང་བྱ་འཚང་བྱེད་བཙངས་པ་ཚོངས་ཤིག 

ཤ་རུས་སོགས་བཙབ་བྱ་གཙབ་བྱེད་བཙབས་པ་གཙོབས་ཤིག 

ཕྱག་སོགས་བཙལ་བྱ་འཚལ་བྱེད་བཙལ་བ་འཚོལ་ཅིག 

ལག་པ་སོགས་ཀྱིས་བཙིར་བྱ་འཚིར་བྱེད་བཙིར་བ་ཚིར་ཅིག 

ཁ་སོགས་བཙུམ་བྱ་འཚུམ་བྱེད་བཙུམས་པ་ཚུམས་ཤིག 

གོས་སོགས་བཙེམ་བྱ་འཚེམ་བྱེད་བཙེམས་པ་ཚེམས་ཤིག 

གསེར་སོགས་བཙོ་བྱ་འཚོད་བྱེད་བཙོས་པ་ཚོས་ཤིག 

རྡོ་དང་དབྱུག་པས་བཙོག་བྱ་འཚོག་བྱེད་བཙོགས་པ་ཚོགས་ཤིག 

ནོར་སོགས་བཙོང་བྱ་འཚོང་བྱེད་བཙོངས་པ་ཚོངས་ཤིག 

ཞལ་ལྕེ་སོགས་བརྩད་བྱ་རྩོད་བྱེད་བརྩད་པ་རྩོད་ཅིག 

སྙན་ངག་སོགས་བརྩམ་བྱ་རྩོམ་བྱེད་བརྩམས་པ་རྩོམས་ཤིག 

འབད་པས་བརྩལ་བྱ་རྩོལ་བྱེད་བརྩལ་བ་རྩོལ་ཅིག 

གྲངས་སོགས་བརྩི་བྱ་རྩི་བྱེདབརྩིས་པ་རྩིས་ཤིག 

ཁང་པ་སོགས་བརྩིག་བྱ་རྩིག་བྱེད་བརྩིགས་པ་རྩིགས་ཤིག 

རྩེད་མོ་སོགས་བརྩེ་བྱ་རྩེ་བྱེད་བརྩེས་པ་རྩེས་ཤིག 

སྟེང་དུ་བརྩེག་བྱ་རྩེག་བྱེད་བརྩེགས་པ་རྩེགས་ཤིག 

གནང་སྦྱིན་སོགས་བསྩལ་བྱ་སྩོལ་བྱེད་བསྩལ་བ་སྩོལ་ཅིག 

མགྲོན་པོ་སོགས་བརྫང་བྱ་རྫོང་བྱེད་བརྫངས་པ་རྫོངས་ཤིག 

སྤགས་དང་ཐུད་སོགས་བརྫི་བྱ་རྫི་བྱེད་བརྫིས་པ་རྫིས་ཤིག 

ཁྲོ་བོ་སོགས་བརྫུ་བྱ་རྫུ་བྱེད་བརྫུས་པ་རྫུས་ཤིག 

ཕུ་ཐུང་སོགས་ཡར་བརྫེ་བྱ་རྫེ་བྱེད་བརྫེས་པ་རྫེས་ཤིག 

མར་སོགས་བཞུ་བྱ་ཞུ་བྱེད་བཞུས་པ་ཞུས་ཤིག 

འོ་མ་སོགས་བཞོ་བྱ་འཇོ་བྱེད་བཞོས་པ་ཞོས་ཤིག 

རྟ་སོགས་བཞོན་བྱ་ཞོན་བྱེད་བཞོན་པ་ཞོན་ཅིག 

ཟས་སོགས་བཟའ་བྱ་ཟ་བྱེད་བཟས་པ་ཟོ་ཞིག 

ངག་ནས་ཡིག་དྲུག་བཟླ་བྱ་ཟློ་བྱེད་བཟླས་པ་ཟློས་ཤིག 

རྩོད་པ་སོགས་བཟླུམ་བྱ་ཟླུམ་བྱེད་བཟླུམས་པ་ཟླུམས་ཤིག 

སྣོད་དུ་བཟླུག་བྱ་ཟླུག་བྱེད་བཟླུགས་པ་ཟླུགས་ཤིག 

གནོད་འཚེ་སོགས་བཟློག་བྱ་ཟློག་བྱེད་བཟློག་པ་ཟློག་ཅིག 

རྒྱུ་ནོར་སོགས་བརླག་བྱ་རླག་བྱེད་བརླགས་པ་ 

དགྲ་བོ་སོགས་རྡུལ་དུ་བརླག་བྱ་རློག་བྱེད་བརླགས་པ་རློགས་ཤིག 

ཆུ་སོགས་ཀྱིས་བརླན་བྱ་རློན་བྱེད་བརླན་པ་རློན་ཅིག 

བྱིན་གྱིས་བརླབ་བྱ་རློབ་བྱེད་བརླབས་པ་རློབས་ཤིག 

གདོན་དང་ང་རྒྱལ་སོགས་ཀྱིས་བརླམ་བྱ་རློམ་བྱེད་བརླམས་པ་རློམས་ཤིག 

སྡིག་པ་སོགས་བཤག་བྱ་འཆགས་བྱེད་བཤགས་པ་བཤོགས་ཤིག 

སྤུབས་སོགས་བཤང་བྱ་གཤོང་བྱེད་བཤངས་པ་ཤོངས་ཤིག 

གཏམ་སོགས་བཤད་བྱ་འཆད་བྱེད་བཤད་པ་ཤོད་ཅིག 

མཆོད་པ་སོགས་བཤམ་བྱ་གཤོམ་བྱེད་བཤམས་པ་ཤོམས་ཤིག 

བྲེ་ཚད་ཀྱིས་འབྲུ་སོགས་བཤར་བྱ་གཤོར་བྱེད་བཤར་པ་བཤོར་ཅིག 

ཁང་པ་སོགས་བཤིག་བྱ་ཤིག་བྱེད་བཤིགས་པ་ཤིགས་ཤིག 

དངོས་པོ་གཞན་ལ་བཤུག་བྱ་ཤུག་བྱེད་བཤུགས་པ་ཤུགས་ཤིག 

སྨད་པའི་ཕྱིར་བཤུང་བྱ་གཤུང་བྱེད་བཤུངས་པ་ཤུངས་ཤིག 

བདེན་རྫུན་བཤེར་བྱ་ཤེར་བྱེད་བཤེར་བ་ཤེར་ཅིག 

ཆུ་སོགས་བཤོ་བྱ་གཤོ་བྱེད་བཤོས་པ་ཤོས་ཤིག 

རི་དྭགས་སོགས་བཤོར་བྱ་གཤོར་བྱེད་བཤོར་བ་གཤོར་ཅིག 

བསོད་ནམས་སོགས་བསག་བྱ་གསོག་བྱེད་བསགས་པ་སོག་ཅིག 

དྲིན་ལན་སོགས་བསབ་བྱ་གསོབ་བྱེད་བསབས་པ་སོབས་ཤིག 

སེམས་ཀྱིས་བསམ་བྱ་སེམས་བྱེད་བསམས་པ་སོམས་ཤིག 

སང་གི་བྱ་བ་བསར་བྱ་གསོར་བྱེད་བསར་བ་གསོར་ཅིག 

སྐྱོན་དང་དྲི་མ་སོགས་གསལ་བྱ་སེལ་བྱེད་བསལ་བ་སོལ་ཅིག 

རལ་པ་སོགས་བསིག་བྱ་གསིག་བྱེད་བསིགས་པ་སིགས་ཤིག 

རྐང་རྗེས་སོགས་བསུབ་བྱ་སུབ་བྱེད་བསུབས་པ་སུབས་ཤིག 

སྣོད་ཀྱི་ཁ་སོགས་བསུམ་བྱ་སུམ་བྱེད་བསུམས་པ་སུམས་ཤིག 

མདའ་སོགས་བསྲང་བྱ་སྲོང་བྱེད་བསྲངས་པ་སྲོངས་ཤིག 

རྐྱེན་ངན་སོགས་བསྲན་བྱ་སྲན་བྱེད་བསྲན་པ་སྲོན་ཅིག 

ཟས་ནོར་སོགས་བསྲི་བྱ་སྲི་བྱེད་བསྲིས་པ་སྲིས་ཤིག 

ཚེ་སོགས་རིང་དུ་བསྲིང་བྱ་སྲིང་བྱེད་བསྲིངས་པ་སྲིངས་ཤིག 

ས་མཚམས་སོགས་བསྲུང་བྱ་སྲུང་བྱེད་བསྲུངས་པ་སྲུངས་ཤིག 

ཇ་སོགས་བསྲུབ་བྱ་སྲུབ་བྱེད་བསྲུབས་པ་སྲུབས་ཤིག 

རྫས་སོགས་མཉམ་དུ་བསྲེ་བྱ་སྲེ་བྱེད་བསྲེས་པ་སྲེས་ཤིག 

བུད་ཤིང་སོགས་བསྲེག་བྱ་སྲེག་བྱེད་བསྲེགས་པ་སྲེགས་ཤིག 

ནོར་རྫས་སོགསབསྲེལ་བྱ་སྲེལ་བྱེད་བསྲེལ་བ་སྲེལ་ཅིག

  • 顶