དུས་ཡུན་ལོ ༣༠ འགོར་བའི་ཀྲུང་གོའི་བོད་ཡིག་གི་བཀའ་བསྟན་འགྱུར་མྱུར་སྐྱོབ་འདུ་འགོད་ཀྱི་འཕེལ་རིམ་ལ་གྲུབ་འབྲས་དངོས་ཐོབ་པ་སྟེ།《བསྟན་འགྱུར》སྣར་ཐང་པར་མ་མྱུར་སྐྱོབ་བྱས་ནས་ཤིང་པར་ཁྲི ༧ ལྷག་ཙམ་བརྐོས་གྲུབ་པ་དང་།
བོད་ཡིག་གི་བཀའ་བསྟན་འགྱུར་ཐོག་མར་ཤིང་པར་ལ་རྐོ་བའི་དུས་ནི་མིང་རྒྱལ་རབས་ཀྱི་རྒྱལ་པོ་ཡུང་ལོའི་སྐབས་ཡིན། དེ་རྗེས་ཀྱི་ཆིང་རྒྱལ་རབས་དང་མི་སེར་རྒྱལ་ཁབ་སྐབས་བཀའ་བསྟན་འགྱུར་སྔ་རྗེས་སུ་པར་ཤིང་ལ་བརྐོས་པའི་ནང་བོད་ཡིག་དང་། རྒྱ་ཡིགསོག་ཡིག་སོགས་སུ་བཞུགས་པར་ཁ་གྲངས་ངེས་གསལ་མེད། ད་ཆ་རྒྱལ་ཁབ་ཕྱི་ནང་དུ《བཀའ་འགྱུར》
ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་འབྲི་གུང་ཆུང་ཚང་བློ་བཟང་བྱམས་པས་ངོ་སྤྲོད་གནང་དོན། ད་ཆ་བོད་ལ་ཡོད་པའི་སྣར་ཐང་བྲིས་མར་གཞི་བཅོལ་ནས་བརྐོས་པའི་པོད ༡༠༠ ཡོད་པའི《བཀའ་འགྱུར》གྱི་པར་ཤིང་གཅིག་པུ་དེ་ནི་བོད་ལ་བསྒྲིགས་པའི་སངས་རྒྱས་ཀྱི་གསུང་གི་བདག་ཉིད་ཅིག་ཡིན་ཞེས་གསུངས།
རྨེ་རུ་དགོན་པར་པར་བརྒྱབ་མ་ཐག་པའི《བཀའ་འགྱུར》ཁྲོད་ཀྱི“ཤེར་ཕྱིན་བརྒྱ་པ”གྲལ་འགྲིག་པོས་བཞག་ཡོད་པ་དང་། སྣག་དྲི་འཐུལ་བའི་པར་ཁང་ནང་ལས་མི ༣༨ ཡོད་པ་དག་མི་གཉིས་རེ་བྱས་ཏེ་པར་ཤིང་དབུས་སུ་བཞག་ནས་གཅིག་གིས་པར་ཤིང་ཐོག་སྣག་ཚ་བྱུག་ཞོར་ཤོག་བུ་འཇོག་པ་དང་། གཞན་དེས་དཔར་བརྒྱབ་རྗེས་དཔེ་ཆ་ཤོག་ལྷེ་རེ་རེ་བཞིན་ཐོན་འོང་།
《བཀའ་འགྱུར》དཔར་རྒྱུ་སླར་གསོ་བྱུང་བ་ཕུད། ལོ་སུམ་ཅུའི་རིང་ཀྲུང་གོས《བསྟན་འགྱུར》བོད་ཡིག་པར་མ་ཤིང་པར་ལ་ཧུར་ཐག་བརྐོས་ཡོད།
འགྲོ་གྲོན་སྒོར་ཁྲི ༡༠༠༠ ལྷག་ཙམ་ཕྱིན་པའི་ནང་སྲིད་གཞུང་གི་མ་དངུལ་བཏང་བ་ཕུད། དེ་བྱིངས་རྣམས་དད་ལྡན་མང་ཚོགས་ནས་ཞལ་འདེབས་སུ་ཕུལ་བ་ཤ་སྟག་ཡིན་པ་དང་། པར་ཤིང་གི་ཤིང་ཆ་དག་ཆེད་མངགས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཐེ་བོ་རྫོང་ནས་མཁོ་སྒྲུབ་བྱས་པ་ཞིག་ཡིན། མ་དངུལ་དང་པར་ཤིང་གི་རྒྱུ་ཆ་འབྱོར་རྗེས་བོད་ཀྱི་པར་རྐོའི་ལག་རྩལ་ཡག་ཤོས་ཡིན་པའི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཕུ་གསུམ་ཤང་གི་ལག་ཤེས་ཞིང་པ་སྒྲིག་འཛུགས་བྱས་ནས་ལོ ༣༠ ཡི་རིང་ཉིན་གཅིག་ལྟར་རྒྱུན་མི་ཆད་པར་པར་ལ་བརྐོས་པ་ལས་བྱུང་བ་ཞིག་ཡིན་པ་གསར་འགོད་པས་ཤེས་བྱུང་། ཤེས་རྟོགས་བྱུང་བར་ལྟར་ན། ད་བར《བསྟན་འགྱུར》སྣར་ཐང་དཔར་མ་ཤིང་པར ༧༣༠༠༠ ལྷག་ཙམ་བརྐོས་ཟིན་ནས་དེ་བྱིངས་རྣམས་འདི་ལོའི་ལོ་མཇུག་ཏུ་ཚང་མ་མཇུག་འགྲིལ་རྒྱུ་ཡིན་པ་དང་། ད་དུང་རྨེ་རུ་དགོན་པས་མཉམ་དུ་དཔར་བའི་དཔེ་ཆ་དག་ཀྱང་དུས་བཀག་བཞིན་དགོན་པ་སོ་སོར་ཕྱིར་སྤྲོད་ཟིན་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་དད་ལྡན་མང་ཚོགས་ཀྱིས་དཔེ་ཆ་མངགས་པའི་ཐོའང་རྒྱུན་མི་ཆད་པར་འབྱོར་གྱི་ཡོད།
“འདི་ལོར་བོད་ཀྱིས་བོད་ཡིག་གི《བཀའ་འགྱུར》པར་འདེབས་ལས་དོན་མུ་མཐུད་སྤེལ་བ་དང་ཆབས་ཅིག《བསྟན་འགྱུར》པར་ཤིང་ལ་བརྐོས་ནས་མྱུར་སྐྱོབ་དང་སྲུང་སྐྱོབ་ཧུར་ཐག་བྱས་ཏེ། དཔེ་ཆ་སྲུང་སྐྱོབ་ཡག་པོ་ཡོང་བའི་ཁར་དད་ལྡན་མང་ཚོགས་ཀྱི་དཔེ་ཆའི་དགོས་མཁོ་སྐོང་བར་བྱ་རྒྱུ་ཡིན”ཞེས་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་དེ་ལྟར་གསུངས།།
འཕྲིན་སྟེགས། weikangba