ལོ་ངོ་7000ལྷག་སོང་བའི་མེ་ཆ་དང་གླིང་བུ་སོགས་རྙེད་འདུག

2023-09-07
263
༄༅།།ལོ་ངོ་7000ལྷག་སོང་བའི་མེ་ཆ་དང་གླིང་བུ་སོགས་རྙེད་འདུག
   གསར་འགོད་པས། ཅང་སུའུ་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཅང་སུའུ་རུ་ད་བར་ལོ་7000ཙམ་སོང་བའི་རྡོ་ཆས་གསར་པའི་གནའ་ཤུལ་ཞིག་གསར་དུ་རྙེད་པ་རེད། གནའ་ཤུལ་དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་8ལྷག་ཙམ་ཡོད་པ་དང་། དེ་ནས་རྫ་ཆས་དང་། རུས་ཆས། ཤིང་ཆས་བཅས་འབོར་ཆེན་རྙེད་ཡོད། འདི་ནི་ད་ཆ་འབྲི་ཆུ་དང་ཧོའེ་ཧོ་ཆུ་བོའི་ཤར་རྒྱུད་ས་ཁུལ་དུ་ཤེས་རྟོགས་སྔ་ཤོས་བྱུང་བའི་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་ཤུལ་རེད།   
   ནན་ཅིང་རྟེན་རྫས་བཤམས་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ། ཚའོ་ཡན་གྲུ་ཁའི་གནའ་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་སྣེ་ཁྲིད་མཁན་ཀན་ཧུའེ་ཡོན་གྱིས། ད་ཐེངས་རུས་ཆས་དང་ཤིང་ཆས་འབོར་ཆེན་རྙེད་པ་འདི་རིགས་དུས་མཚུངས་ཀྱི་རྡོ་ཆས་གསར་པའི་དུས་ཀྱི་གནའ་ཤུལ་ཁྲོད་མཐོང་དཀོན་པོ་རེད། དེའི་ཁྲོད་དུ། རུས་ཆས་ཀྱི་བཟོ་དབྱིབས་སྣ་ཚོགས་ཡོད་དེ། ལྷམ་དབྱིབས་རུས་ཆས་དང་། རུས་པའི་མདའ་མོ། རུས་ཁྲ། སྐྲ་དབྱིབས། རུས་ཁབ། རུས་གླིང་སོགས་ཡོད། དེ་དག་མང་ཆེ་བ་སྤུས་ཀ་ལེགས་པ་དང་། བརྡར་བ་ཤ་སྟག་རེད། ཤིང་ཆས་ལ་འབིགས་ཤིང་གིས་མེ་ཆ་དང་།  འཁེལ་འཁོར། ཤིང་གདང་སོགས་ཡོད། “རུས་ཁབ་ནི་གྱོན་ཆས་འཚེམ་བྱེད་ཡིན་པ་དང་། རུས་ཁེམ་ནི་ས་བསློགས་བྱེད་ཡིན་པས། དེའི་ཐོག་ནས་སྐྱེས་པ་ཚོས་རྨོ་འདེབས་དང་བུད་མེད་ཚོས་འཁེལ་འཐག་ཀྱི་ལས་ཀ་བྱེད་པའི་མེས་པོའི་འཚོ་བ་སྐྱེལ་སྟངས་མཚོན་གྱི་ཡོད་”ཅེས་ཟེར།
   དེའི་ཁྲོད་ནས། ད་བར་ལོ་7000ཙམ་སོང་བའི་མེ་ཆ་དང་རུས་གླིང་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།
༄༅།།ལོ་ངོ་7000ལྷག་སོང་བའི་མེ་ཆ་དང་གླིང་བུ་སོགས་རྙེད་འདུག

༄༅།།ལོ་ངོ་7000ལྷག་སོང་བའི་མེ་ཆ་དང་གླིང་བུ་སོགས་རྙེད་འདུག

༄༅།།ལོ་ངོ་7000ལྷག་སོང་བའི་མེ་ཆ་དང་གླིང་བུ་སོགས་རྙེད་འདུག


  • 顶