མཚོ་སྔོན་དུར་ལམ་ཆབ་དཀར་གཙང་པོའི་བང་སོ་ཚོགས་པའི་གནའ་རྫས་རྟོག་ཞིབ་ཐད་གྲུབ་འབྲས་གསར་པ་ཐོབ་པ།

2022-09-26
363

 གསར་འགོད་པས་ཆབ་དཀར་གཙང་པོའི་གནའ་རྫས་རྟོག་ཞིབ་མཉམ་འབྲེལ་རུ་ཁག་ནས་རྒྱུས་ལོན་བྱས་གསལ། མཚོ་སྔོན་དུར་ལམ་ཆབ་དཀར་གཙང་པོའི་བང་སོ་ཚོགས་པ་2022ལོའི་ལོ་འཁོར་དུ་གནའ་རྫས་རྟོག་ཞིབ་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད་པ་དང་། གནའ་རྫས་རྟོག་ཞིབ་ཆེད་མཁས་པས་སྲུང་སྐྱོབ་རང་བཞིན་གྱི་སློག་འདོན་དང་གཙང་སེལ་བྱེད་སྐབས། 2007QM1དུར་གླིང་གི་བཟོ་བཀོད་དང་2018ལོའི་བང་སོ་དང་པོ་གཉིས་འདྲ་བ་དང་། དུར་གླིང་གཉིས་ཀྱི་གཞི་ཁྱོན་འདྲ་མཚུངས་ཡིན་པ་ཤེས་རྟོགས་བྱུང་། མ་འོངས་པར་ཆབ་དཀར་གཙང་པོའི་དུར་ཚོགས་ཀྱི་བྱང་ཁུལ་དུ་ཕྱོགས་ཡོངས་ནས་རྩད་ཞིབ་བྱ་གྲབས་འདུག །གནའ་རྫས་རྟོག་ཞིབ་པས། 2018ལོའི་བང་སོ་དང་པོ་ནི་ཆབ་དཀར་གཙང་པོའི་དུར་གླིང་དང་ཐ་ན་མདོ་དབུས་མཐོ་སྒང་དུ་བཀོད་སྒྲིག་འཐུས་ཚང་ཆེ་ཤོས་དང་གྲུབ་ཚུལ་གསལ་ཆ་ཆེ་ཤོས། བཟོ་བཀོད་རྙོག་འཛིང་ཆེ་ཤོས་ཀྱི་མཐོ་རིམ་དུར་གླིང་གི་ཡ་གྱལ་ཞིག་རེད་ཅེས་བརྗོད་ཡོད། ། 

  

  


  • 顶 0