གནའ་བོའི་གསེར་འབག་ཅིག་རྙེད་འདུག

2022-09-23
227

གནའ་བོའི་གསེར་འབག་ཅིག་རྙེད་འདུག

   ཟླ་9ཚེས་16ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་“གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོ”ཞེས་པའི་རྣམ་གྲངས་གལ་ཆེན་གྱི་འཕེལ་རིམ་ལས་དོན་ཚོགས་འདུ་འཚོགས་པ་དང་།ཚོགས་འདུའི་ཐོག་བརྡ་ཁྱབ་སྤེལ་དོན།
   ཀྲེང་ཀྲོའུ་ཧྲང་མཁར་གནའ་ཤུལ་གྱི་རིམ་པ་མཐོ་བའི་སྐུ་དྲག་གི་བང་སོ་གཅིག་གི་ནང་དུ་གསེར་གྱི་ངོ་འབག་ཅིག་ཐོན་པ་རེད།
ཆེད་མཁས་པས་དེ་ཐོན་པའི་ལོ་རབས་ནི་སན་ཞི་ཏུའེ་ཡི་གསེར་འབག་ལས་ཀྱང་སྔ་བར་བཤད།
དུས་མཚུངས་སུ་ས་འོག་ནས་ཐོན་པའི་ནང་ད་དུང་གསེར་ཤོག་སོགས་ལ་གཡུ་ཡི་ཕྲ་བརྒྱབ་པའི་རྒྱན་ཆ་བཞིན་ཡོད་པ་དེས་ཀྲུང་ཡོན་ས་ཁུལ་གྱི་གསེར་གྱི་རིག་གནས་ལ་ངོས་འཛིན་གསར་པ་བྱུང་ཡོད།
   ཀྲེང་ཀྲོའུ་གྲོང་ཁྱེར་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀུའུ་ཝན་ཧྥ་ཡིས་“འདི་ནི་རྒྱལ་ཡོངས་ཁྱབ་ཁོངས་ནང་གི་ཧྲང་རྒྱལ་རབས་རིག་གནས་གནའ་ཤུལ་ཚང་མའི་ཁྲོད་ནས་གསེར་གྱི་ངོ་འབག་རྙེད་ཐེངས་དང་པོ་”ཡིན་པར་བཤད།
   ཀྲེང་ཀྲོའུ་གྲོང་ཁྱེར་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧོང་ཕུའུ་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན།“སྔོག་འདོན་བྱེད་སྐབས་གསེར་གྱི་འབག་ནི་བང་སོM2ཡི་ནུབ་གཞོགས་ཀྱི་གྱང་ངོས་སུ་ཡོད་ཅིང་།དེ་ནི་བང་སོའི་བདག་པོའི་མགོ་ཡི་ཆེ་ཆུང་ཙམ་ཡོད་ཅིང་།གཞི་རྩའི་ཆ་ནས་མིའི་ངོ་གདོང་གཡོག་ཐུབ་ཀྱི་ཡོད”ཅེས་བཤད།
   ད་ཐེངས་ཀྱི་ཤེས་རྟོགས་ནང་“རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་ལ་ཞིབ་དཔྱད་བྱེད་པའི་ཐད།ཀྲུང་ཡོན་ཧྲང་རྒྱལ་རབས་ཀྱི་རིག་གནས་དུས་མཇུག་གི་དུས་མཚམས་དང་མཚུངས་ཤིང་།གསེར་འབག་རིག་གནས་ཀྱི་ཐད་ཀའི་འབྱུང་ཁུངས་གནད་དོན་ཐད་ཧ་ཅང་གལ་ཆེ་བའི་ཁུངས་སྣེ་འདོན་སྤྲོད་བྱས་ཡོད།

གནའ་བོའི་གསེར་འབག་ཅིག་རྙེད་འདུག

གནའ་བོའི་གསེར་འབག་ཅིག་རྙེད་འདུག


  • 顶 0