མང་རྫོང་གི་གནའ་ཤུལ་གྲགས་ཅན་ཁག་ཅིག

2015-07-10
447

 

ཁྱུང་ཐོད་རྗེས་ཤུལ། 

  ཁྱུང་ཐོད་རྗེས་ཤུལ་ནི་ཁ་རོབ་རིག་གནས་ཀྱི་ཤུལ་རྗེས་སུ་གཏོགས་ལ།  རྒྱ་ཐོག་སྡེ་བའི་བྱང་ཕྱོགས་མུ་གེ་ཐང་གི་ཁྱུང་ཐོད་རི་རྩེ་ན་ཡོད།   ས་དེའི་ལྷོ་ཕྱོགས་དང་ནུབ་ཕྱོགས།   བྱང་ཕྱོགས་གསུམ་ཀ་ནི་གྲོག་རོང་ཡིན་པ་དང༌།   ཤར་ཕྱོགས་སུ་ལམ་ཕྲན་ཞིག་གིས་མུ་གེ་ཐང་དང་སྦྲེལ་ཡོད། ནུབ་བྱང་མཚམས་ཀྱི་རྨིད ༣༠༠ རུ་སུམ་མདོ་གཡོན་གཞིས་སྡེ་བའི་གསང་བདག་འབུམ་ཚང་ཡོད་ལ།   ལྷོ་ནུབ་མཚམས་ཀྱི་ཁྱུང་ཐོད་རི་འགྲམ་ནི་མང་ཆུ་སྔོན་མོ་ཡིན།  ནུབ་ཕྱོགས་ཀྱི་གྲོག་རོང་ལས་རྨིད ༥༠༠ མཚམས་སུ་ལབ་ཙེ་ཞིག་ཡོད་ལ། ལྷོ་ཕྱོགས་སུ་རྨིད ༣༠༠༠ དུ་སུམ་མདོ་ནས་རྫོང་མཁར་དུ་བརྒྱུད་པའི་གཞུང་ལམ་ཡོད། ལྷོ་ནུབ་ནས་རྨིད ༡༥༠༠ རུ་རབ་འོག་སོ་ཕག་བཟོ་གྲྭ་ཡོད།  ཤུལ་རྗེས་འདི་ནི་དོ་མི་མཉམ་པའི་སྐས་དབྱིབས་ཤིག་ཡིན།   ཤར་ནུབ་ཀྱི་རིང་ཚད་ལ་རྨིད ༩༠ དང༌།  ལྷོ་བྱང་དུ་རྨིད ༤༤ ཡོད། རྒྱ་ཁྱོན་ནི་རྨིད་གྲུ་བཞི་མ ༣༩༦༠ ན།   ཤར་བྱང་གི་ས་བབ་མཐོ་ལ་ལྷོ་ནུབ་ཅུང་དམའ།   ས་ངོས་སུ་རྩུབ་བཟོས་རྫ་ཆག་མང་པོ་ཡོད་རུང་རིག་གནས་ཤུལ་རྗེས་ས་ཁར་བུད་མེད།

 

གཙང་དགེ་གནའ་མཁར་རྗེས་ཤུལ།  

  གཙང་དགེ་གནའ་མཁར་རྗེས་ཤུལ་ནི། མགོ་མང་གྲོང་བརྡལ་བྲག་དཀར་སྡེ་བའི་ནུབ་བྱང་གི་རྨིད ༢༠༠ ཡི་མཚམས་ཀྱིས་ཐེམ་ཐོག་ཏུ་ཡོད་ལ།  ཤར་གྱི་ཐེམ་འོག་ནི་མཐའ་བ་གྲམ་པ་ཡིན་པ་དང༌།   ཤར་ནས་རྨིད ༡༥༠ ཡི་མཚམས་ཀྱི་ཞིངསའི་གོང་རོལ་ནི་སྡེ་དཀྱིལ་ནས་བྲག་དཀར་སློབ་ཆུང་ལ་འགྲོ་སའི་ལམ་ཕྲན་ཡིན།  ཤར་ལྷོའི་ཟུར་དུ་ས་འབུར་ཆེན་པོ་ཞིག་ཡོད་པ་དང་ཤར་ལྷོའི་རྨིད ༢༠༠ མཚམས་སུ་བྲག་དཀར་སྡེ་བ་ཆགས་ཡོད།   ནུབ་ནི་བྲག་དཀར་ཡུལ་ལྗོངས་ཁུལ་དུ་འགྲོ་སའི་གཞུང་ལམ་དང་སྦྲེལ་ཡོད་ལ།  ནུབ་ཟུར་གྱི་ཐེམ་པའི་འོག་ནི་གཙང་དགེ་ལུང་བ་ཡིན།   ལུང་བ་འདི་ནི་གནའ་མཁར་གྱི་དཀྱིལ་སྙིང་དང་མོ་ཀྱོག་ལུང་བ་འདྲེས་མཚམས་སུ་ཡོད།  བྱང་གི་རྨིད ༡༠༠ ཡི་མཚམས་ཀྱི་ཐེམ་པ་གཉིས་པའི་སྟེང་ནི་བྲག་དཀར་སློབ་ཆུང་ཡིན།    མཁར་ས་ནི་ཟུར་གསུམ་དབྱིབས་ཀྱི་ཐེམ་པ་མཐོན་པོ་ཞིག་གི་སྟེང་དུ་ཆགས་ཤིང་གྱང་ཆག་མ་གཏོགས་ལུས་མེད།   གྱང་ཆག་གི་ཞེང་ལ་རྨིད ༦ ཡོད་པ་དང་མཐོ་ལ་རྨིད ༣ ཡོད་པ་རེད།  ནུབ་ཏུ་ལྷག་པའི་གྱང་ཆག་གི་རིང་ཐུང་ལ་རྨིད༥༠ལྷག་ཡོད་ལ།  དེའི་གྱང་རྩའི་ཞེང་ལ་རྨི ད༦ དང་གྱང་རྩེའི་ཞེང་ལ་རྨིད ༢  ཡོད་པ་རེད།  ད་ལྟ་གྱང་ཆག་འདི་ནི་བྲག་དཀར་སྡེ་བའི་སྡེ་མི་རྡོ་ཚེ་རིང་དང་ཚེ་དཔག་འབུམ་གཉིས་ཀྱིས་མཁར་གྱི་བྱང་གྱང་དུ་བྱས་ཡོད་ལ། ལྷོ་གྱང་ནུབ་ཟུར་གྱི་མཁར་གྱང་ལ་གཏོར་བརླག་ཚབ་ཆེན་ཐེབས་ཡོད་པ་རེད།   གནའ་མཁར་གྱི་དཀྱིལ་དུ་ས་འབུར་གཉིས་ཡོད་པ་དང་ཤར་གྱི་ས་འབུར་གྱི་ཚངས་ཐིག་ལ་རྨིད༡༥ཡོད་པ་དང་མཐོ་ལ་རྨིད ༣༥ ཡོད་པ་རེད། ནུབ་ཟུར་གྱི་ས་འབུར་གྱི་ཚངས་ཐིག་ལ་རྨིད ༡༠ ཡོད་པ་དང་མཐོ་ལ་རྨིད ༡༤ ཡོད་པ་རེད།  མཁར་སྒོ་གཉིས་ནི་སོ་སོར་ལྷོ་གྱང་གི་ནུབ་ཕྱོགས་སུ་རྨིད༥༠མཚམས་དང་ནུབ་གྱང་གི་དཀྱིལ་དུ་ཡོད་ལ་སྒོ་ཞེང་ལ་རྨིད ༥ ཙམ་མཆིས། ནུབ་གྱང་དང་སྦྲེལ་ཡོད་པ་ནི་ཟུར་གསུམ་དབྱིབས་ཀྱི་མཁར་ཤུལ་ཡིན་ལ།   གྱང་རྩའི་ཞེང་ལ་རྨིད ༦ དང་མཐོ་ལ་རྨིད ༡ ཡོད།   མཁར་ཤུལ་གྱི་ལྷོ་བྱང་ཀྱི་རིང་ཚད་ལ་རྨིད ༨༦༠ ཡོད་པ་དང་ཤར་ནུབ་ཀྱི་ཞེང་ལ་རྨིད༣༠༠ཡོད།   རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ ༢༥༨༠༠༠ ལྷག་ཡོད་པ་རེད།  ད་ལྟ་མཁར་ནང་ཞིང་སར་བསྒྱུར་ཡོད་པ་དང་ས་བབ་ནི་ལྷོ་མཐོ་བྱང་དམའི་སྐས་དབྱིབས་སུ་གནས།  ནུབ་ཕྱོགས་སུ་ཁྱིམ་ཚང་འགའ་ཡོད།  ས་ངོས་སུ་གྱོ་མོ་ལ་སོགས་པའི་ཆག་རོ་ཧ་ཅང་མང་ན་ཡང་རིག་གནས་ཤུལ་རྗེས་ས་ངོས་སུ་བུད་མེད།  ༡༩༨༨ ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་སྲུང་སྐྱོབ་སྡེ་ཁག་ཏུ་འདེམས།

 

མཆོད་རྟེན་མགོ་ལོ།  

  མཆོད་རྟེན་མགོ་ལོ་ནི་མང་ཆུའི་འགྲམ་གྱི་ཧོ་རན་སྡེ་བར་ཡོད་ལ།  ཤར་གྱི་རྨིད ༥༠༠ ཡི་མཚམས་སུ་ཧོ་རན་སྡེ་བའི་རུ་ཆུང་དང་པོ་སྟེ་རྐེད་མཐའ་མ་ཆགས་ཡོད་པ་དང༌། བྱང་གི་རྨིད ༡༥༠ ཡི་མཚམས་སུ་གྱོག་ར་གྲམ་པ་དང་མང་ར་ཞང་ནས་ལྕང་སྡོང་འོག་མར་འགྲོ་སའི་གཞུང་ལམ་ཡོད།  ལམ་གྱི་ནུབ་ཕྱོགས་ནི་ཧོ་རན་སྡེ་བའི་རུ་ཆུང་གཉིས་པ་ཡིན་ལ།  ནུབ་ཀྱི་རྨིད ༢༠༠ ཡི་མཚམས་སུ་མང་ཆུ་ཡོད།  མཆོད་རྟེན་གྱི་རྗེས་ཤུལ་ནི་ནགས་གསེང་དུ་ཡོད་པ་དང༌།   ཚངས་ཐིག་ལ་རྨིད ༧ དང་མཐོ་ལ་རྨིད ༥ ཡོད་པའི་ཀ་རིལ་དབྱིབས་ཀྱི་ས་ཡི་མཆོད་རྟེན་ཞིག་ཡིན།  རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ ༤༠ ལྷག་ཡོད་པ་དེ་ཡང་ས་སྤུངས་ནས་གྲུབ་པ་ཞིག་ཡིན།  མཆོད་རྟེན་ཕྱི་ངོས་ནི་འདམ་བག་གིས་སྦྱར་བ་ཡིན་པས་ད་ལྟ་ཕྱི་ཤུན་མང་ཆེ་ཤོས་ལྷུང་ཡོད་པ་རེད།   ས་བབ་ནི་ནུབ་མཐོ་ལ་བྱང་དམའ་བའི་སྐས་དབྱིབས་སུ་སྣང་ལ།   ས་ངོས་སུ་ཤུལ་དངོས་དང་རིག་གནས་ཤུལ་རྗེས་ཅི་ཡང་མི་མངོན།

 

ཐར་ཤུལ་དགོན་པའི་དགོན་ཤུལ།  

  ཐར་ཤུལ་དགོན་པའི་དགོན་ཤུལ་ནི།   མང་ཆུ་གྲོང་བརྡལ་གྱི་ནུབ་ལྷོའི་སྤྱི་ལེ་༡༧གྱི་མཚམས་ཀྱི་ཤེའུ་ལུང་དུ་ཡོད་པ་དང་ཤར་གྱི་རྨིད ༡༥༠༠ རུ་ཐར་ཤུལ་སྡེ་བ་ནས་གོང་ཁར་འགྲོ་སའི་ཟེགས་ལམ་ཡོད།  ཤར་བྱང་གི་རྨིད ༢༥༠༠ རུ་ད་ལྟའི་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་ཆགས་ཡོད།  ལྷོ་རུ་ཁ་ནུབ་ནས་ཤར་བྱང་དུ་ཕྱོགས་པའི་ཤེའུ་ལུང་གྲམ་པ་ཆགས་ཡོད།  

ཡུལ་འདིའི་མིའི་ངག་རྒྱུན་དུ།  སྤྱི་ལོ ༡༦༧༡ ལོར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ཞེས་བྱ་བ་མདོ་སྨད་དུ་ཕེབས་ནས།  སྔ་རྗེས་སུ་ཞིན་ཧེ་དང་ཀོས་ནན།   ཐུན་ཏེ་བཅས་སུ་ལམ་རིམ་བློ་སྦྱོང་དང་བསྐྱེད་རྫོགས་ལ་ཐུགས་དམ་ཉམས་བཞེས་མཛད་པ་དང༌།  ཐར་ཤུལ་སྒར་གསར་འདེབས་གནང་མཛད་པ་དེ་ཐར་ཤུལ་གུར་སྒར་ཞེས་སུ་གྲགས།  དེའི་སྤྲུལ་སྐུ་ཀོས་ནན་ཐར་ཤུལ་སྒར་བ་ནས་འཁྲུངས།  མཚན་ལ་བློ་བཟང་ཆོས་ཀྱི་གྲགས་པ་གསོལ་བ་དང་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་དུ་ཕེབས་ཤིང༌།  སྤྱི་ལོ༡༧༨༩ལོར་དགའ་གདན་ཁྲི་རབས་དྲུག་བཅུ་བ་ཁྲི་ཆེན་བསྟན་པའི་ཉི་མ་གུར་སྒར་དུ་གདན་དྲངས།   དེའི་སྤྲུལ་སྐུ་ཐར་ཤུལ་ངག་དབང་ཆོས་འཕེལ་མཆོག་ནི་མཚོ་སྔོན་སོག་པོའི་རིགས་སུ་འཁྲུངས།  དབུས་སུ་ཕེབས་ཏེ་སྨད་རྒྱུད་གྲྭ་ཚང་དུ་སློབ་གཉེར་གནང༌།  སླར་མདོ་སྨད་དུ་ཕེབས་ནས་ལཱ་མོ་བདེ་གྱི་མཁན་ཁྲིར་ཡུན་རིང་བཞུགས།   ཕྱིས་སུ་ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གིས་སྤྱི་ལོ༡༩༣༥ལོར་ཐར་ཤུལ་དགེ་ལེགས་དབང་ཕྱུག་དང་ཆོས་ཀྱི་རྒྱ་མཚོ་སོགས་ཀྱི་རོགས་རམ་ལ་བརྟེན་ནས་གུར་སྒར་དགོན་པའི་ཤར་བྱང་གི་རྨིད ༢༥༠༠ ཡི་ཤེའུ་ལུང་དུ་ཐར་ཤུལ་དགོན་པ་འདེབས་འཛུགས་གནང་སྟེ།  དུས་རབས་གཉིས་ཀྱི་གུར་སྒར་དགོན་པའི་ལོ་རྒྱུས་ལ་བཞི་ཤད་བཀོད།  

གུར་སྒར་དགོན་པ་ནི་རྒྱབ་རི་ལ་བརྟེན་ཅིང་མདུན་ལྷོ་རུ་བསྐོར་ནས་ཆགས་ཡོད་པས།  ས་བབ་ནི་ཅུང་གསེག་སྟེ་བྱང་མཐོ་ལྷོ་དམའ་བའི་ཁྱད་ཆོས་མངོན་པར་གསལ།  ད་ལྟ་དགོན་ཤུལ་ལ་གཏོར་བརླག་ཆེན་པོ་ཐེབས་ནས་རིང་ཐུང་ལ་རྨིད ༡༢ ཡོད་པའི་གྲུ་བཞི་ནར་མོའི་དགོན་ཤུལ་མ་གཏོགས་ལྷག་ལུས་བྱུང་མེད་ལ། ལྷོ་མཐའ་དང་ཤར་བྱང་གི་མཁར་རྨང་ཅུང་གསལ་བོ་ཡོད་པ་དང༌།  མཁར་རྨང་གི་ཞེང་ལ་རྨིད ༡.༢ དང་མཐོ་ལ་རྨིད ༠.༡༠ ནས ༠.༢༠ ལྷག་ཡོད་པ་རེད།  དགོན་ཤུལ་གྱི་བྱང་ཕྱོགས་སུ་མི་རབས་རྗེས་མས་སྤུངས་པའི་རྡོ་ཁྲི་ཤར་ནུབ་ལ་རྨིད ༦ དང་ལྷོ་བྱང་ལ་རྨིད ༤ ། མཐོ་ཚད་ལ་རྨིད ༡.༥ ཅན་ཞིག་བརྩིགས་ཡོད་པ་ལས།   མཐའ་འཁོར་གྱི་ས་ཆ་ཚང་མ་རྩྭ་རྫོང་མཐུག་པོའི་གསེང་ན་བདེ་ཞིང་སྙོམས་པོར་སྣང་ངོ༌། །

 

ཐར་ཤུལ་དགོན་པའི་དགོན་ཤུལ།  

  ཐར་ཤུལ་དགོན་པའི་དགོན་ཤུལ་ནི།   མང་ཆུ་གྲོང་བརྡལ་གྱི་ནུབ་ལྷོའི་སྤྱི་ལེ་ ༡༧ གྱི་མཚམས་ཀྱི་ཤེའུ་ལུང་དུ་ཡོད་པ་དང་ཤར་གྱི་རྨིད ༡༥༠༠ རུ་ཐར་ཤུལ་སྡེ་བ་ནས་གོང་ཁར་འགྲོ་སའི་ཟེགས་ལམ་ཡོད།  ཤར་བྱང་གི་རྨིད ༢༥༠༠ རུ་ད་ལྟའི་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་ཆགས་ཡོད།  ལྷོ་རུ་ཁ་ནུབ་ནས་ཤར་བྱང་དུ་ཕྱོགས་པའི་ཤེའུ་ལུང་གྲམ་པ་ཆགས་ཡོད།  

ཡུལ་འདིའི་མིའི་ངག་རྒྱུན་དུ།  སྤྱི་ལོ ༡༦༧༡ ལོར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ཞེས་བྱ་བ་མདོ་སྨད་དུ་ཕེབས་ནས།  སྔ་རྗེས་སུ་ཞིན་ཧེ་དང་ཀོས་ནན།   ཐུན་ཏེ་བཅས་སུ་ལམ་རིམ་བློ་སྦྱོང་དང་བསྐྱེད་རྫོགས་ལ་ཐུགས་དམ་ཉམས་བཞེས་མཛད་པ་དང༌།  ཐར་ཤུལ་སྒར་གསར་འདེབས་གནང་མཛད་པ་དེ་ཐར་ཤུལ་གུར་སྒར་ཞེས་སུ་གྲགས།  དེའི་སྤྲུལ་སྐུ་ཀོས་ནན་ཐར་ཤུལ་སྒར་བ་ནས་འཁྲུངས།  མཚན་ལ་བློ་བཟང་ཆོས་ཀྱི་གྲགས་པ་གསོལ་བ་དང་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་དུ་ཕེབས་ཤིང༌།  སྤྱི་ལོ  ༡༧༨༩  ལོར་དགའ་གདན་ཁྲི་རབས་དྲུག་བཅུ་བ་ཁྲི་ཆེན་བསྟན་པའི་ཉི་མ་གུར་སྒར་དུ་གདན་དྲངས།   དེའི་སྤྲུལ་སྐུ་ཐར་ཤུལ་ངག་དབང་ཆོས་འཕེལ་མཆོག་ནི་མཚོ་སྔོན་སོག་པོའི་རིགས་སུ་འཁྲུངས།  དབུས་སུ་ཕེབས་ཏེ་སྨད་རྒྱུད་གྲྭ་ཚང་དུ་སློབ་གཉེར་གནང༌།  སླར་མདོ་སྨད་དུ་ཕེབས་ནས་ལཱ་མོ་བདེ་གྱི་མཁན་ཁྲིར་ཡུན་རིང་བཞུགས།   ཕྱིས་སུ་ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གིས་སྤྱི་ལོ ༡༩༣༥ ལོར་ཐར་ཤུལ་དགེ་ལེགས་དབང་ཕྱུག་དང་ཆོས་ཀྱི་རྒྱ་མཚོ་སོགས་ཀྱི་རོགས་རམ་ལ་བརྟེན་ནས་གུར་སྒར་དགོན་པའི་ཤར་བྱང་གི་རྨིད ༢༥༠༠ ཡི་ཤེའུ་ལུང་དུ་ཐར་ཤུལ་དགོན་པ་འདེབས་འཛུགས་གནང་སྟེ།  དུས་རབས་གཉིས་ཀྱི་གུར་སྒར་དགོན་པའི་ལོ་རྒྱུས་ལ་བཞི་ཤད་བཀོད།  

གུར་སྒར་དགོན་པ་ནི་རྒྱབ་རི་ལ་བརྟེན་ཅིང་མདུན་ལྷོ་རུ་བསྐོར་ནས་ཆགས་ཡོད་པས།  ས་བབ་ནི་ཅུང་གསེག་སྟེ་བྱང་མཐོ་ལྷོ་དམའ་བའི་ཁྱད་ཆོས་མངོན་པར་གསལ།  ད་ལྟ་དགོན་ཤུལ་ལ་གཏོར་བརླག་ཆེན་པོ་ཐེབས་ནས་རིང་ཐུང་ལ་རྨིད༡༢ཡོད་པའི་གྲུ་བཞི་ནར་མོའི་དགོན་ཤུལ་མ་གཏོགས་ལྷག་ལུས་བྱུང་མེད་ལ། ལྷོ་མཐའ་དང་ཤར་བྱང་གི་མཁར་རྨང་ཅུང་གསལ་བོ་ཡོད་པ་དང༌།  མཁར་རྨང་གི་ཞེང་ལ་རྨིད ༡.༢ དང་མཐོ་ལ་རྨིད ༠.༡༠ ནས ༠.༢༠ ལྷག་ཡོད་པ་རེད།  དགོན་ཤུལ་གྱི་བྱང་ཕྱོགས་སུ་མི་རབས་རྗེས་མས་སྤུངས་པའི་རྡོ་ཁྲི་ཤར་ནུབ་ལ་རྨིད ༦ དང་ལྷོ་བྱང་ལ་རྨིད ༤། མཐོ་ཚད་ལ་རྨིད ༡.༥ཅན་ཞིག་བརྩིགས་ཡོད་པ་ལས།   མཐའ་འཁོར་གྱི་ས་ཆ་ཚང་མ་རྩྭ་རྫོང་མཐུག་པོའི་གསེང་ན་བདེ་ཞིང་སྙོམས་པོར་སྣང་ངོ༌། །

  • 顶