ཁྲ་མོ་གླིང་གི་སྐོར།

2014-12-29
291

    རྒྱལ་པོས་རྒྱ་ཁྲི་ཤིང་ཁྲི་བསྐོར་འབྱེད་པ་ལ། སྨད་ཡུལ་གླིང་དཀར་སྟོད་གཅིག་བྱུང་། ཧོར་ཡུལ་ཡོལ་མར་ཡོ་དམར་སྡིངས་ཆེན་དུ། །ཧོར་གེ་སར་རྒྱལ་པོ་འདུལ་བ་ལ། །སྟོད་ཡུལ་གླིང་དཀར་སྟོད་གཅིག་བྱུང་། །འདྲེ་ཀླུ་བ་ཙན་ཐོས་ཞེས་བྱ་བ་དང་། །འབྲོང་ཀ་ཀ་ར་རིང་འདུལ་བ་ལ། །བར་ཡུལགླིང་དཀར་སྟོད་གཅིག་བྱུང་། །ཞེས་པ་གསུངས་པའི་བར་གྱི་གླིང་དཀར་སྟོད་པ་སྣམ་གྱི་ས་ཡུལ་ཡིན་ཏེ། གླིང་གི་གྲ་མ་སྨུག་གུ་ནི་པ་སྣམ་རྫོང་གི་ནུབ་བྱང་གི་ཕྱོགས་ཐམས་ཅད་སྔོག་དུས་ཞིང་མེད་གྲ་མ་ཁོ་ནས་ས་ཡུལ་རྣམས་ཁེངས་ཡོད་པ་ཕྱིས་ཞིང་དུ་བཅོས་ཀྱང་། ཞིང་དཀྱིལ་གྱི་སྟོངས་རྣམས་གྲ་མ་ཁེངས་ཡོད་དོ། །གླིང་གི་འཇག་ཐང་སྐྱ་མོ་ནི་པ་རྣམ་གྱི་བྱང་ཤར་ཉིན་ལམ་ཙམ་གྱི་ས་ཡུལ་ཐམས་ཅད་འཇག་མས་ཁེངས་ཡོད་ཀྱང་། ཕྱིས་ཉེ་བའི་ས་ཡུལ་སྐྱེ་ཙེར་བཏབ་པ་ཡིན་ལ། ཐག་རིང་བའི་ཐང་ལ་ད་ལྟ་ཡང་འཇག་མ་ཡོད་དོ། །གླིང་གི་ཟམ་པ་དགུར་མོ་ནི་པ་སྣམ་མདུན་གྱི་ཟམ་པ་དེ་ཡིན། རྒྱལ་པོའི་ཕོ་ལྷ་གྱེར་ཚོན་དཀར་པོས་ཎི་དགོན་པའི་ལྟགས་ཀྱི་ལྷ་གཙུག་དེར་གནས་ཤིང་། པ་སྣམ་རྩེ་ཞོལ་གྱི་ལྷ་མཆོད་རྒྱས་པ་སྟོན་རྩས་གོང་རྒྱུན་དུ་བྱེད། མོ་ལྷ་གུང་སྨན་རྒྱལ་མོ་ནི་ཇོ་མོ་ལྷ་རི་དེ་ཡིན། ཚང་རོག་དུག་སྦྲུལ་ནག་པོ་ལྷོའོ་ཕྱོགས་ན་གནས་པའི་དེང་སང་སྐབས་གཟའ་བདུད་པ་ཟེར་བ་སོགས་ཡིན། སྤྲུལ་བའི་རྒྱལ་པོས་པ་སྣམ་དེར་ཞབས་ཀྱིས་བཅགས་ཤིང་བཞུགསཔ་འི་གནས་མཛད་པའི་ས་ཡུལ་ཁྱད་པར་ཅན་དུ་འཕགས་སོ།། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༼མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་༽ཀྱི་ཤོག་ངོས་༡༢༥བཤུས། ། 

                                              རྩོམ་པ་པོ།   ཇོ་ནང་ཏཱ་ར་ན་ཐ། 

  • 顶