བྱམས་ཁང་རྙིང་པར། རྒྱལ་བ་ཙོ་ཁ་པ་ཆེན་པོས་ལྗགས་བཀོད་གནང་བ་ལྟར། སྣེའུ་རྫོང་ནས་བཞེངས་པའི་རྒྱལ་བ་མ་ཕམ་པ་དགུང་ལོ་བརྒྱད་པའི་ཚད་རྒྱུ་གསེར་ཟངས་ལས་གྲུབ་པ་ལོངས་སྐུའི་ཆ་ལུགས་ཅན། དེའི་ནང་རྟེན་དུ་སངས་རྒྱས་ཀྱི་འཕེལ་གདུང་ཆེ་བ་བྱ་སྒོང་ནས་ཆུང་བ་ཡུངས་འབྲུ་ཙམ་གྱི་བར་མ་ག་ངྷའི་བྲེ་ཆེན་གང་། གེ་སར་རྒྱལ་པོའི་འཁོར་གསུམ་སག་ཐག རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ན་བཟའ་ཆ་ཚང་། འཕགས་པ་ཐོགས་མེད་ཀྱི་སྐུ་ཆོས། རྣམ་སྲས་མདུང་དམར་ཅན་གྱི་མདུང་། གཟུངས་ཆེ་སྡེ་ལྔ་ལ་སོགས་པ་གསེར་སྦྱང་བཙོག་མས་བྲིས་པ་སོགས། ཆོས་སྐུའི་རིང་བསྲེལ་མང་དུ་བཞུགས་པ་སྲིད་ཞིའི་དགེ་ལེགས་ཀྱི་དངོས་པོ་ཐམས་ཅད་གཅིག་ཏུ་སྤུངས་པ་འདི་ལ། རྗེ་བདག་ཉིད་ཆེན་པོས་རབ་གནས་མཛད། (བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༼གྲྭ་ས་ཆེན་པོ་བཞི་དང་རྒྱུད་པ་སྟོད་སྨད་ཆགས་ཚུལ་པད་དཀར་འཕྲེང་བ་༽བྱ་བའི་ཤོག་ངོས་༣༩ནས་བཤུས། །)
རྩོམ་པ་པོ། ཕུར་ལྕོག་ངག་དབང་བྱམས་པ།
འཕྲིན་སྟེགས། weikangba