གེ་སར་གྱི་ལོ་རྒྱུས་ནི་དཔེར་ན་རྒྱ་ནག་གི་ཧྭ་ཤང་ཐང་སེང་བླ་མའི་རྣམ་ཐར་དངོས་ནི་གཞན་མཆིས་ཀྱང་དེང་སང་འཇམ་དབྱངས་གོང་མ་ཆེན་མོའི་མདུན་ས་ཚུན་ཆད་དུ་གཞན་ལོ་རྒྱུས་སྣ་ཚོགས་ཟློས་གར་བྱེ་པ་དང་། མུ་སྟེགས་རིག་བྱེད་པའི་གཏམ་རྒྱུད་སྣ་ཚོགས་ལྟར་དུ་གེ་སར་གྱི་སྒྲུང་ཡང་སྒྲོ་བཏགས་སམ་སྙན་ངག་གི་ཚུལ་ལམ་གང་ལྟར་ཡང་སྣ་ཚོགས་སྨྲ་ནའང་། གེ་སར་ནི་སྡེ་དགེའི་ས་ཆའི་གཡོན་ངོས་ཀྱི་ཁམས་སྟོད་ཀྱི་གླིང་བའི་སའི་སྐྱིད་ཉི་མ་ཀུན་མཁྱིལ་ཞེས་པར་སྐྱེས་ཟེར། གེ་སར་གྱིས་ཕྱིས་སུ་བཅོམ་པའི་ཧོར་གུར་སེར་ཡུ་གུར་ཧོ་ཐོན་རིགས་ཀྱི་རྒྱལ་པོའི་ཡ་རྩེ་མཁར་དམར་ནི་སྡེ་དགེའི་གཡོན་སྟོད་དངོས་སུ་ཡོད་ཅིང་། དེང་སང་དེའི་སྡེ་ཁྲོད་ཀྱི་ཤི་གྭོལ་ཚོ་བརྒྱད་ནི་མཚོ་སྔོན་གྱི་རྒྱབ་ཏུ་ཡོད་ལ། སྡེ་དེར་གེ་སར་གྱི་སྒྲུང་བཤད་པ་དང་། རྟ་རྐྱང་ཞུར་ཞོན་པའི་མི་ལ་ཡུལ་དེའི་ལྷ་འདྲེས་འཚེ་བར་འདུག དེར་སྔར་པེ་དཀར་གནས་པའི་བནྡྷ་ཧོར་གྱི་སྒོམ་གྲྭ་བཅོམ་སྐབས་ཀྱི་ཁང་ཤུལ་ཡང་སྣང་། གེ་སར་ནམ་བྱུང་གི་དུས་དེས་འདྲོང་མི་ཤེས་ཀྱང་ཧ་ཅང་མི་སྔའམ་སྙམ་སྟེ། དེའི་མདའ་གཞུ་སོགས་དང་ཡང་ཚ་སོགས་ཀྱི་རྒྱུད་དངོས་ཀྱང་ཁམས་སུ་ད་དུང་ཡོད་པར་ཐོས་ལགས།
(༼ནང་དོན་ཐ་སྙད་རིག་གནས་ཀྱི་གཞུང་གི་དོགས་གནས་འགའ་ཞིག་དྲིས་པའི་ལན་ཕྱོགས་གཅིག་ཏུ་བྲིས་པ་རབ་དཀར་པ་སངས་༽སྣ་རིང་མའི་ཤོག་ས་༡༠བ་ནས་བཤུས། །)
རྩོམ་པ་པོ། སུམ་པ་ཡེ་ཤེས་དཔལ་འབྱོར།
འཕྲིན་སྟེགས། weikangba