གླིང་གེ་སར་རྒྱལ་པོའི་དྲན་རྟེན་ལྷ་ཁང་གི་སྐོར།

2014-12-29
472

 ལྷ་ལྡན་རྡོ་རིང་གི་གཟིམ་ཆུང་དཀྱིལ་དང་ཤར། གསོལ་ཐབ། གཉེར་ཚང་བཅས་བར་ཐོག་ནས་ཁང་མིག་བཞི་དང་། འོག་ནས་ཤོད་མཛོད་ཁང་མིག་གསུམ་བཞི་ཙམ་ཞིག་སྡེ་སྲིད་སྟག་རྩེ་ཞབས་དྲུང་བཞུགས་དུས་ནས་ཡོད་པ་ལས།……རྡོ་རིང་ནུབ་བརྒྱུད་སྐྱ་འབྲེལ་རྒྱུད་པ་རྒྱུན་བསྐངས་པ་ཚོགས་ཡུལ་དང་། ཆང་ཚང་ལྷོ་བྱང་སོགས་བསམ་ཁང་སྐོར་བཅས་ཀྱི་ཐོག་གཟིམ་ཆུང་བཀྲིས་མངོན་དགའ་དང་། བདེ་བ་ཅན། རིག་གནས་ཀུན་འདུས། སློབ་གྲྭ་ཁང་། ཉི་འོད་མདོ་སྦུག གེ་སར་ལྷ་ཁང་སོགས་གསུམ་ཐོག་སྟེང་མའི་ཁང་ཁུངས་ཡོངས་རྫོགས་སོགས་གོང་གསལ་ཚང་མ་མི་རྗེ་བཀའ་དྲིན་ཅན་དར་ཧན་གུང་པཎྚི་ཏའི་སྐུ་ཐོག་དང་། ཁོ་བོ་རང་གི་དུས་ས་རྡོ་ཤིང་ཆ། བཟོ་རིགས་སྐུལ་མི་སོགས་ཐབས་རྣམས་ཉོ་སྒྲུབ་གླ་འཁོར་གྱི་ཐོག་ནས་ལག་འདོད་ཀྱིས་རིམ་བཞིན་རྒྱ་བསྐྱེད་བྱས།

 (སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི༼རྡོ་རིང་པཎྚི་ཏའི་རྣམ་ཐར༽སྨད་ཆགྱི་ཤོག་ངོས༡༠༧༡ནས་བཤུས། །

                                

   

  • 顶