ལྕགས་བྱི། (སྤྱི་ལོ་༡༠༠ལ་སྒྲུང་དཔེ་ལྟར་ན)གླིང་གེ་སར་རྒྱལ་པོ་འཁྲུངས། རླངས་ཀྱི་པོ་ཏི་བསེ་རུར། རླངས་འདྲེ་བཀོལ་གྱིས་གེ་སར་ལ་ཚེ་ཚད་ལོ་བརྒྱད་ཅུ་བརྒྱད་ཡིན་པར་ལུང་བསྟན།
རིམ་ལྔ་གསལ་སྒྲོན་ལས། སྨྲྀ་ཏི་ནི་ནཱ་རོ་བ་དང་ཡེ་ཤེས་སྙིང་བོ་གཉིས་ཀའི་སློབ་མ་ཡིན། ཞེས་དང་། དེབ་སྔོན་དུ། འབྲོམ་སྟོན་པས་སྨྲྀ་ཏི་ལས་ལོ་ཙཱ་བསླབས། ཞེས་དང་། བྲག་དགོན་པའི་ཆོས་འབྱུང་དུ། དྲུག་ཅུ་སྐོར་འདིར་གླིང་རྗེ་གེ་སར་བྱོན། རླངས་འདྲེ་བཀོལ་དང་། སྨྲྀ་ཏི་ལ་ཆོས་ཞུས། ཞེས་གསུངས་པ་ལྟར་ན་དྲུག་ཅུ་སྐོར་འདིའི་དཀྱིལ་དུ་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀིརྟི་རྒྱ་གར་ནས་བོད་དུ་ཕེབས་ཏེ་བཞུགས་པའི་སྐབས་སོ།། སི་ཏུའི་རང་རྣམ་དུ། ཤར་ཟླའི་ཕྱོགས་ཀྱི་ལྕི་མདའ་ནི་གླིང་རྗེ་གེ་སར་འཁྲུངས་གནས་ཡིན་ཟེར། འདི་ཙམ་ན་འབྲོག་མི་དང་སྟག་ལོ་གཞོན་ནུ་བརྩོན་འགྲུས་གཉིས་རྒྱ་གར་དུ་བྱོན།
(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བསྟན་རྩིས་ཀུན་ལས་བཏུས་པ་བྱ་བའི་ཤོག་ངོས༡༥༢ནས་བཤུས།)
རྩོམ་པ་པོ། ཚེ་ཏན་ཞབས་དྲུང་།
འཕྲིན་སྟེགས། weikangba