
ལམ་རྐྱང་མའི་ལྕགས་ལམ་ནི་ལྕགས་ལམ་གྱི་རིགས་ཤིག་ཡིན། ཁྱད་ཆོས་ནི་བཀོལ་སྤྱོད་བྱེད་པའི་ལྕགས་ལམ་ནི་གཅིག་མ་གཏོགས་སྲོལ་རྒྱུན་གྱི་ལྕགས་ལམ་ལྟར་གཉིས་མེད་དོ། ལམ་རྐྱང་མའི་ལྕགས་ལམ་ནི་ཨར་འདམ་གྱིས་བཟོ་སྐྲུན་བྱས་པ་རེད། སྤྱིར་བཏང་གི་ལྕགས་ལམ་དང་བསྡུར་ན་ཞེང་ཧ་ཅང་ཆེ། ལམ་རྐྱང་མའི་ལྕགས་ལམ་ནི་གཞན་དང་བསྡུར་ན་ཞེང་ཧ་ཅང་ཆེ། ལམ་རྐྱང་མའི་མེ་འཁོར་ནི་གཙོ་བོ་མི་གྲངས་མང་སའི་གྲོང་ཁྱེར་གྱི་གནས་སུ་གནས་སྐོར་པ་སྐྱེལ་འདྲེན་བྱེད་པའི་འགྲིམ་འགྲུལ་ཡོ་བྱད་ཅིག་ཡིན།
ལམ་རྐྱང་མའི་མེ་འཁོར་ལ་འགེལ་བའི་རྣམ་པ་ཅན་གྱི་ལམ་རྐྱང་མའི་མེ་འཁོར་དང་བརྒལ་ཐག་རྣམ་པ་ཅན་གྱི་ལམ་རྐྱང་མའི་མེ་འཁོར་བཅས་རིགས་ཆེན་པོ་གཉིས་ཡོད། འགེལ་བའི་རྣམ་པ་ཅན་གྱི་ལམ་རྐྱང་མའི་མེ་འཁོར་ནི་ལྕགས་ལམ་གྱི་འོག་ཏུ་འགེལ་བ་དང་བརྒལ་ཐག་རྣམ་པ་ཅན་གྱི་ལམ་རྐྱང་མའི་མེ་འཁོར་ནི་ལྕགས་ལམ་གྱི་ཐོག་ཏུ་ཡོད་པ་ལ་གོ་བ་ཡིན། དེང་རབས་ཀྱི་ལམ་རྐྱང་མའི་མེ་འཁོར་ནི་གཙོ་བོ་གློག་སྒུལ་འཕྲུལ་ཆས་ཀྱིས་སྐུལ་འདེད་བྱས་ནས་འཁོར་སྐྱོད་བྱེད་པ་ཡིན། འགྱིག་འཁོར་བཀོལ་སྤྱོད་བྱེད་པ་ལས་ལྕགས་ཀྱི་བཟོས་པའི་འཁོར་ལོ་བཀོལ་སྤྱོད་མི་བྱེད་པ་ཡིན། སྔོན་ཆད་ཀྱི་ལམ་རྐྱང་མའི་མེ་འཁོར་གྱིས་འཁོར་མདའ་བཀོལ་སྤྱོད་བྱེད་མི་ཆོག་པས་འཁོར་སྐྱོད་བྱེད་པར་དཀའ་ངལ་གང་མང་ལ་འཕྲད། དེང་རབས་ཀྱི་ལམ་རྐྱང་མའི་མེ་འཁོར་མ་ལག་མང་ཆེ་ཤོས་ཀྱི་འཁོར་མདའ་བཀོལ་སྤྱོད་བྱས་ཆོག་པས་སྟབས་བདེ་བཟོས།
ལམ་རྐྱང་མའི་མེ་འཁོར་གྱི་ལེགས་ཆ་ནི་ས་གནས་ཀྱི་རྒྱ་ཁྱོན་བཟུང་བ་ཅུང་ཆུང་བ་དང་བར་སྟོང་ཡང་ཆུང་། ལམ་རྐྱང་མའི་མེ་འཁོར་ལ་མཁོ་བའི་ཞེང་གི་ཚད་ནི་རླངས་འཁོར་གྱི་ཞེང་གི་ཆེ་ཆུང་བསྟུན་ནས་ཐག་གཅོད་བྱེད་དགོས། མིག་ལམ་གནོད་སྐྱོན་མེད། ལམ་རྐྱང་མའི་མེ་འཁོར་གྱི་འགྱིག་འཁོར་ཨར་འདམ་གྱི་ལམ་ཐོག་ཏུ་འཁོར་སྐྱོད་བྱས་ཚེ་ཧ་ཅང་ལྷིང་འཇགས་ཡིན་པ། དེ་ལས་གཞན་ད་དུང་བདེ་འཇགས་ཡིན་པ། བཟོ་སྐྲུན་བྱེད་པའི་མ་དངུལ་ཡང་ཉུང་བའི་ཁྱད་ཆོས་ཡོད།

སྐྱོན་ཆ་ནི་ངེས་པར་དུ་ཡང་བསྐྱར་ལྕགས་ལམ་ཞིག་གསར་འཛུགས་བྱེད་དགོས། འཇར་པན་ལས་གཞན། ལམ་རྐྱང་མའི་མེ་འཁོར་ལ་ཆེ་ཆུང་གི་ཚད་ཐིག་མེད། གལ་ཏེ་གློ་བུར་དུ་དོན་རྐྱེན་བྱུང་ཚེ་ལམ་རྐྱང་མའི་མེ་འཁོར་ནང་གི་གནས་སྐོར་པ་རྣམས་སྲོག་གི་ཉེན་ཁ་ལས་གཡོལ་སའི་གནས་མེད། དེ་ལས་གཞན་ད་དུང་ས་ངོས་དང་བར་ཐག་ཧ་ཅང་མཐོ།
འཕྲིན་སྟེགས། weikangba