ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་།

2020-01-19
273

ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟི་ནི་ཀྲུང་གོ་ན་གཞི་རྒྱ་ཆེས་ཆེ་བའི་མ་རྐང་ལམ་ལུགས་ཅན་གྱི་ཚོང་དོན་དངུལ་ཁང་ཞིག་ཡིན་ཞིང་། སྤྱི་ཁྱབ་ལས་ཁུངས་པེ་ཅིང་དུ་ཡོད། དངུལ་ཁང་འདི་ནི་སྤྱི་ལོ1954ལོའི་ཟླ10བར་བཙུགས།

      ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟི་ནི་ཀྲུང་གོ་ན་གཞི་རྒྱ་ཆེས་ཆེ་བའི་མ་རྐང་ལམ་ལུགས་ཅན་གྱི་ཚོང་དོན་དངུལ་ཁང་ཞིག་ཡིན་ཞིང་། སྤྱི་ཁྱབ་ལས་ཁུངས་པེ་ཅིང་དུ་ཡོད། དངུལ་ཁང་འདི་ནི་སྤྱི་ལོ1954ལོའི་ཟླ10བར་བཙུགས། སྤྱི་ལོ2005ལོའི་ཟླ10བར་ཞང་ཀང་མཉམ་འབྲེལ་བརྗེ་རེས་ལྟེ་གནས་ནས་སྒོ་བྱང་བཀལ་ཏེ་ཚོང་རར་བཀྲམ།(མ་རྐང་ཚབ་རྟགས939)དང་། ཡང་སྤྱི་ལོ2007ལོའི་ཟླ9བར་ཧྲང་ཧེ་དངུལ་ལོར་བརྗེ་ལེན་ལྟེ་གནས་ནས་སྒོ་བྱང་བཀལ་ཏེ་ཚོང་རར་བཀྲམ(མ་རྐང་ཚབ་རྟགས601939)སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་གིས་སྒོར་འབུམ232898ལྷག་ཟིན་པ་དང་རྒྱལ་ཡོངས་ཀྱི་དངུལ་ཁང་དག་ལས་ཨང་ལྔ་བ་ཟིན། དངུལ་ཁང་འདི་དབྱིན་ཇིའི《དངུལ་ཁང་བ》ཞེས་པའི་དུས་དེབ་སྟེང་བཀོད་པའི་རིམ་པ་དང་པོའི་མ་རྐང་རིམ་གྲས་ལས་སྤྱི་ལོ2017ལོར་གོ་ལ་ཧྲིལ་བོའི་དངུལ་ཁང་གི་རིམ་གྲས་སྟོང་གི་ནང་དུ་ཚུད་པ་དང་། དེ་དག་གི་ཁྲོད་ནས་ཨང་གཉིས་པ་ཐོབ་པ་རེད། དངུལ་ཁང་འདིར་ད་ལྟ་ཡན་ལག་ཁང14920ལྷག་ཡོད་ཅིང་། ལས་བཟོ་བ352621ཡོད། ལས་ཁུངས་དང་མི་སྒེར་དུང་ཕྱུར་ལྷག་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་པར་མ་ཟད་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་ལ་སྣེ་ཁྲིད་བྱེད་བཞིན་པའི་མཐོ་རིམ་ཁེ་ལས་དག་དང་མཉམ་འབྲེལ་བྱེད་བཞིན་ཡོད། དངུལ་ཁང་འདིས་རྒྱལ་ཁབ29ལྷག་ན་ཚོང་དོན་དངུལ་ཁང་རིགས་ཀྱི་ཡན་ལག་ལས་ཁུངས་བཙུགས་ཡོད་པའི་མི་ཚད། དེའི་ནང་དུ་ད་དུང་ཐེབས་རྩ་ཚོགས་པ་དང་ནོར་སྲིད། རྒན་གསོའི་མ་དངུལ། མ་རྩ་གཏོང་བ་བཅས་ཀྱི་ལས་རིགས་སྣ་མང་སྤེལ་བའི་ཡན་ལག་ཀུང་ཟི་སོགས་ཡོད།

       དངུལ་ཁང་གིས“ཚོང་འགྲུལ་བ་ལྟེ་བར་བཟུང་ནས། ཁྲོམ་རར་སྣེ་ཁྲིད་བྱེད་པ།”ཞེས་པའི་ཚང་གཉེར་བྱེད་སྟངས་གཙོར་བཟུང་ནས་ཆེས་སྟོབས་ཤུགས་ལྡན་པ་དང་ཆེས་རིན་ཐང་ལྡན་པའི་དངུལ་ཁང་ཞིག་ཏུ་འགྱུར་དགོས་ལ་ཡུན་རིང་དང་ཡུན་ཐུང་གི་ཁེ་ཕན་གཉིས་གཅིག་འདུ་ཅན་དུ་འགྱུར་བ། ཚོང་གཉེར་དམིགས་འབེན་དང་སྤྱི་ཚོགས་འགན་འཁྲི་གཉིས་གཅིག་འདུ་ཅན་དུ་འགྱུར་བ་བཅས་མཐའ་མར་ཚོང་བ་དང་མ་རྐང་འཇོག་མཁན། སྤྱི་ཚོགས་དང་ལས་བཟོ་བའི་རིན་ཐང་ཆེས་ཆེར་གཏོང་རྒྱུ་དེ་ཡིན། ད་ལྟ་དངུལ་ཁང་འདིར་རང་རྒྱལ་ན་ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་མཚོ་སྔོན་ཡན་ལག་དངུལ་ཁང་དང་། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་སི་ཁྲོན་ཡན་ལག་དངུལ་ཁང་། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་ཀན་སུའུ་ཡན་ལག་དངུལ་ཁང་། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་བོད་ལྗོངས་ཡན་ལག་དངུལ་ཁང་། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་ཡུན་ནན་ཡན་ལག་དངུལ་ཁང་བཅས་ཡོད། 

 གཅིག ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་མཚོ་སྔོན་ཡན་ལག་དངུལ་ཁང་།

     ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་མཚོ་སྔོན་ཡན་ལག་དངུལ་ཁང་།(གཤམ་ལས་བསྡུས་མིང་དུ་འཛུགས་སྐྲུན་དངུལ་ཁང་གི་མཚོ་སྔོན་ཡན་ལག་ཁང)ནི་སྤྱི་ལོ1954ལོར་བཙུགས་པ་དང་། ད་ལྟ་ལས་གཉེར་ཁང114ཡོད། དེ་ལས་རིམ་པ་གཉིས་པའི་ཡན་ལག་ལས་ཁུངས19དང་། ཞིང་ཆེན་ཡན་ལག་ལས་ཁུངས་ནང་དུ་རིམ་པ་དང་པོའི་ཚན་ཁག20ཡོད། ལས་བཟོ་བ3000ལྷག་དང་། མ་རྩའི་སྤྱིའི་བསྡོམས་འབོར་དུང་ཕྱུར900ཡོད། འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཡན་ལག་ཁང་གིས་སྔ་ཕྱིར་ཀུན་ཏུ“མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་བསྒྲུབ་པ་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ།”ཞེས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ནན་ཏན་སྒོས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོངས་བྱས་ཏེ་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་སྡོད་ཁང་དང་དངུལ་རྩའི་དོ་དམ། དངུལ་རྩའི་ཕྱོགས་ཡོངས་ལ་ཕན་བདེ་སྐྲུན་པའི་དམིགས་བྱ་གཙོར་བཟུང་བས་བསྟུད་མར་ལོ་བརྒྱད་ཀྱི་རིང་མཚོ་སྔོན་གྱི་ཆེས་བཟང་བའི་བཟང་གྲས་ཁེ་ལས་ཨང་ཉི་ཤུའི་གྲལ་དུ་ཚུད། ལྷག་པར་དུ་རྨ་ལྷོ་ཡན་ལག་ཁང་དང་ཟི་ལིང་མཁར་ཤར་ཡན་ལག་ཁང་གཉིས་ཀྲུང་དབྱང་རིག་གནས་ཨུའིས“རྒྱལ་ཡོངས་དཔལ་ཡོན་ལས་ཁུངས”ཀྱི་མཚན་རྟགས་བསྩལ། མཚོ་སྔོན་འཛུགས་སྐྲུན་དངུལ་ཁང་གིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཙོར་བཟུང་ནས“ཚོང་བར་ཆེས་བཟང་བའི་ཞབས་ཞུ་སྒྲུབ་པ་དང་མ་རྐང་འཇོག་མཁན་ལ་ཆེས་བཟང་པའི་རིན་ཐང་སྐྲུན་རྒྱུ”དེ་གཙོར་བཟུང་ནས་ཕྱོགས་ཡོངས་ལ་འཕེལ་རྒྱས་ཀྱི་ཐེམ་སྐས་གསར་བ་ཞིག་སྐྲུན་པར་མ་ཟད་དངོས་ཐོག་བདེན་འཚོལ་དང་། མུ་མཐུད་ནས་གསར་བཏོད། མཛེས་སྡུག་ལྡན་པ་དང་འབྱོར་ཕྱུག་རྒྱས་པ། འཆམ་མཐུན་གྱི་མཚོ་སྔོན་བསྐྲུན་པར་ནུས་ཤུགས་གང་མང་འབུལ་བཞིན་ཡོད་དོ། །

དུས་ཚོད24རིང་ཚོང་འགྲུལ་བར་ཞབས་ཞུ་བྱེད་པའི་ཁ་པར་ཨང་གྲངས། 95533

དུས་ཚོད24རིང་ཡིད་རྟོན་བྱང་བུའི་ཚོང་འགྲུལ་བར་ཞབས་ཞུ་སྒྲུབ་པའི་འབྲེལ་གཏུག་ཨང་གྲངས400—820—0588

འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཡན་ལག་ཁང་གི་ས་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་ལམ་ཆེན་མོའི(西大街)ཨང59པ།

སྦྲགས་སྲིད་ཨང་རྟགས། 810000

 གཉིས། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་སི་ཁྲོན་ཡན་ལག་དངུལ་ཁང་།

     ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་སི་ཁྲོན་ཡན་ལག་དངུལ་ཁང་ནི་རིམ་པ་དང་པོའི་ཡན་ལག་ཁང་ཞིག་ཡིན་ཞིང་དུས་རབས་ཕྱེད་ལྷག་གི་བཅོས་སྒྱུར་དང་འཕེལ་རྒྱས་བྱུང་བ་བརྒྱུད་ད་ལྟ་ལས་བཟོ་བ་ཁྲི་གཅིག་ལྷག་དང་། རུ་ལག་དང་འབྲེལ་བའི་ལས་སྒྲུབ་ལྟེ་གནས600ལྷག་ཡོད། བྱེད་ནུས་འཐུས་ཚང་ཡིན་པ་དང་ཞབས་ཞུ་བཟང་བ། དོ་དམ་ཚད་ལྡན་ཡིན་པ། ལས་གཉེར་བཟང་བའི་དེང་རབས་ཀྱི་དངུལ་རྩའི་ལས་ཁུངས་ཤིག་ཡིན། ཟི་ཁྲོན་ཞིང་ཆེན་གྱི་དངུལ་རྩའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ཆ་ནས་ཟི་ཁྲོན་ཡན་ལག་དངུལ་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་ཚོང་འགྲུལ་བ་གཙོར་འཛིན་པའི་ལས་གཉེར་ཁ་ཕྱོགས་སུ་བཟུང་ནས“ནང་མཁོ་རྒྱ་བསྐྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པའི་བླང་བྱ་གཙིགས་སུ་བཟུང་ནས་དོ་དམ་ཞིབ་ཚགས་ཡིན་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པའི་རེ་བ་ནན་ཏན་དུ་འཛིན་གྱིན་ཡོད་དོ།།

ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་ཟི་ཁྲོན་ཡན་ལག་དངུལ་ཁང་གི་འབྲེལ་གཏུག་ས་གནས། ཟི་ཁྲོན་ཞིང་ཆེན་ཐེའི་ཏུའུ་སྲང(提督街)གི་ཨང་རྟགས86པ།

སྦྲགས་སྲིད་ཨང་རྟགས། 610016

 གསུམ། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་ཀན་སུའུ་ཡན་ལག་དངུལ་ཁང་།

     ཀན་སུའུ་ཞིང་ཆེན་ནི་རྨ་ཆུའི་སྟོད་རྒྱུད་དུ་ཆགས་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་ཁྲི45ཡོད། སའི་རྒྱ་ཁྱོན་གྱིས་རང་རྒྱལ་གྱི་ཨང7པ་ཟིན་ཡོད། འདི་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་བརྒྱུད་ལམ་ཉག་གཅིག་ཡིན་པ་དང་ཕུན་སུམ་ཚོགས་ལོ་རྒྱུས་ཀྱི་རྒྱུན་རིང་བ། གཏེར་ཁུངས་དང་མ་བཅོས་རྒྱུ་ཆའི་རིགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་ཀན་སུའུ་ཡན་ལག་དངུལ་ཁང་ནི་གཞི་རྒྱ་ཆེ་བ་དང་ལས་བཟོ་བའི་གྲངས་ཚད་མང་བ། དཔལ་འབྱོར་འཕེལ་རྒྱས་དང་ཁེ་ལས་ཆུང་འབྲིང་རིགས་ལ་རོགས་འདེགས་ཀྱི་ནུས་པ་མི་དམན་པ་ཐོབ་པས་སྤྱི་ཚོགས་ཡར་རྒྱས་དང་འཆམ་མཐུན་ཡོང་བར་བླ་ན་མེད་པའི་དཔེ་ལེགས་ཡག་པོ་བསྟན་ཡོད། སྔ་ཕྱིར་དུ“དངུལ་རྩའི་བྱ་དགའ”དང“དངུལ་རྩའི་ས་གནས་འཕེལ་རྒྱས་གཟེངས་རྟགས”ཀྱི་བྱ་དགའ་ཐོབ་པ་དང་། ཀན་སུའུ་ཞིང་ཆེན་དང་སྲིད་གཞུང་གིས“བསམ་བློའི་ཆབ་སྲིད་བྱ་བའི་སྔོན་ཐོན་དཔུང་སྡེ”ཞེས་པའི་སྔོན་ཐོན་ལས་ཁུངས་ཀྱི་མཚན་རྟགས་སྩལ། དེ་མིན་ད་དུང་ཀན་སུའུ་ཞིང་ཆེན་དངུལ་རྩའི་ལས་སྒྲུབ་ཁང་གིས་གཉེར་བའི“ཀན་སུའུ་ཡི་དངུལ་ཁང་བཟང་ཤོས། ཀྲུང་གོ་གསར་བར་བསྟོད་གླུ་འབུལ”ཞེས་པའི་བྱ་འགུལ་ཁྲོད་བྱ་དགའ་ཐོབ་པས། བྱ་དགའ་ཐོབ་ཚུལ་ལས་དངུལ་ཁང་གཞན་དག་གི་ཡང་རྩེར་སོན།

ས་གནས། ལན་ཀྲུའུ་གྲོང་ཁྱེར་ཁྲིན་ཀོན་ཁུལ་ཆིན་ཨན་ལམ(城关区秦安路)གྱི་ཨང་རྟགས77པ།

སྦྲགས་སྲིད་ཨང་གྲངས། 730030

 བཞི། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་བོད་ལྗོངས་ཡན་ལག་དངུལ་ཁང་།

     ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྤྱི་ལོ1954ལོར་མ་རྩ་འབོར་ཆེན་བཏང་ནས་ཁྲོན་བོད་གཞུང་ལམ་ཆེན་མོ་འཛུགས་སྐྲུན་བྱས། དེའི་རྗེས་ནས་ཉམས་ཆག་བྱུང་། སྤྱི་ལོ1978ལོའི་ཟླ8པར་བོད་རང་སྐྱོང་ལྗོངས་ཀྱི་མིང་ཐོག་ནས་མིང་བྱང་བཀལ་ཏེ་བསྐྱར་གསོ་བྱས།

སྤྱི་ལོ1983ལོར་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་སུ་འཕར།

སྤྱི་ལོ1987ལོར་རྐྱང་བའི་སྒོ་ནས་ཏང་ཙུའུ་གསར་དུ་བཙུགས།

སྤྱི་ལོ1996ལོར་མིང་ལ་ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཞེས་པའི་མིང་བཏགས།

སྤྱི་ལོ2004ལོར་ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་བོད་ལྗོངས་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ཞེས་པའི་མིང་དུ་སྒྱུར།

སྔ་ཕྱིར་ཀུན་ཏུ་རྒྱལ་ཁབ་ཀྱི“མཚོན་བྱེད་གསུམ”གྱི་གལ་ཆེན་དགོངས་པ་བསམ་བློའི་མཛུབ་སྟོན་དུ་བཟུང་ནས། སྐབས་བཅུ་དྲུག་པའི་ཐེངས་ལྔ་བའི་ཚོགས་འདུའི་དགོངས་དོན་ཏེ“ངོ་ཚ་བརྒྱད་དང་གཟི་བརྗིད་བརྒྱད”སློབ་སྦྱོང་བྱས་ནས་ཆེས་མཐོ་བ་དང་ཆེས་བླ་ན་མེད་པའི་དམིགས་འདུན་བརྩོན་ལེན་བྱེད་དགོས་པའི་དམིགས་བྱ་དང་དུ་བླངས། ཡན་ལག་དངུལ་ཁང་འདིའི་ལས་བཟོ་བའི་ཆ་སྙོམས་ཀྱི་ལོ་ཚད་ནི33ཡིན་པ་དང་། བསླབ་གནས་དངོས་གཞི་རིམ་པའི་མི313ཡོད། དེས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འཇོན་ཐང་ཅན་གྱི་མི་སྣ་གསོ་སྐྱོང་བྱེད་པའི་ཐད་དུའང་ནུས་ཤུགས་བླ་ལྷག་བཏོན་ཡོད་པ་རེད། སྔ་གཞུག་ཏུ་ཁྲོན་བོད་གཞུང་ལམ་དང་བོད་གཞུང་ལྕགས་ལམ། ཡངས་པ་ཅན་གྱི་གློག་འདོན་ས་ཚིགས། གོང་དཀར་གནམ་གྲུ་འབབ་ཐང་བཅས་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་ཆས་དང་ལས་གཞིའི་བཟོ་སྐྲུན་གྱི་ཐད་དུ་མ་རྩ་འབོར་ཆེན་བཏང་ནས་དཔལ་འབྱོར་འཕེལ་རྒྱས་དང་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བར་བྱས་རྗེས་བླ་ན་མེད་བཞག་ཡོད།

ས་གནས། ལྷ་ས་གྲོང་ཁྱེར་པེ་ཅིང་ནུབ་ལམ་གྱི་ཨང་རྟགས21པ།

སྦྲགས་སྲིད་ཨང་རྟགས། 850000

 ལྔ། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་ཡུན་ནན་ཡན་ལག་དངུལ་ཁང་།

    ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་ཡུན་ནན་ཡན་ལག་དངུལ་ཁང་བཙུགས་པ་ནས་བཟུང་ཡུན་ནན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་དུ་བླ་ན་མེད་པའི་བྱས་རྗེས་བཞག་ཡོད། ད་ལྟ་ཡུན་ནན་ཞིང་ཆེན་གྱི་ཚན་རྩལ་འཕེལ་རྒྱས་ཐོན་རྫས་ཁྲོམ་རར་ཅན་དུ་འགྱུར་བ་དང་། ཞབས་ཞུ་ཕྱོགས་བསྡུས་ཅན་དུ་འགྱུར་བ། བྱེད་ཐབས་སྣ་མང་ཅན་དང་ལག་ཆ་དེང་རབས་ཅན་དུ་འགྱུར་བར་ལག་རྩལ་ཐད་ཀྱི་རོགས་འདེགས་ཐོན་པ་རེད། སྔ་གཞུག་ཏུ“ཡུན་ནན་ཞིང་ཆེན་གྱི་ཆེས་བཟང་པའི་དངུལ་ཁང”དང“ཡུན་ནན་ཞིང་ཆེན་ཆེས་བཟང་བའི་མི་སྒེར་དངུལ་ཁང”གི་གཟེངས་རྟགས་ཕུལ། “ཡུན་ནན་ཞིང་ཆེན་ཆེས་བཟང་པའི་ཚོང་དོན་དངུལ་ཁང་གི་ཞབས་ཞུའི་བྱ་དགའ”ཐོབ།


  • 顶 0