ཀུང་ཟི།

2020-01-19
295

ཀུང་ཟི་ནི་བཅའ་ཁྲིམས་ལ་བརྟེན་ནས་གསར་འཛུགས་བྱས་པ་དང་། རང་ཚུགས་ཀྱི་ཁྲིམས་མིའི་རྒྱུ་ནོར་ཡོད་ཅིང་། ཁེ་བཟང་འཚོལ་བ་གཙོ་བོར་དམིགས་པའི་ཁེ་ལས་ཀྱི་ཁྲིམས་མི་ལ་གོ དེང་རབས་ཀྱི་ཀྲུང་གོ་ཀུང་ཟིའི་སྒྲིག་ཁྲིམས་ལྟར་ཀུང་ཟིའི་རྣམ་པ་གཙོ་བོ་གཉིས་ནི་ཚད་ཡོད་འགན་ལེན་ཀུང་ཟི་དང་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཡིན། ཀུང་ཟི་རིགས་འདི་གཉིས་ཁྲིམས་མི་ཡིན་ཞིང་། མ་དངུལ་འཇོག་པའི་མི་ལ་ཚད་ཡོད་འགན་ལེན་གྱི་སྲུང་སྐྱོབ་ཐོབ་ངེས་པ་ཡིན།

 དགེ་མཚན།

ཚོང་རའི་དཔལ་འབྱོར་ཁྲོད།   ཚོང་རའི་གཙོ་གཞི་གཞན་དང་བསྡུར་ན་ཀུང་ཟི་ལ་གཤམ་གྱི་ཁྱད་ཆོས་འདི་དག་ལྡན་པ་ཡིན།

གཅིག  ཀུང་ཟིའི་མ་རྐང་གི་ཚད་ཡོད་འགན་ལེན་གྱིས་ཀུང་ཟིའི་ནང་དུ་མ་དངུལ་འཇོག་མཁན་གྱི་མི་ཡིས་ཁེ་བཟང་འཚོལ་བའི་རེ་བ་ཐག་གཅོད་བྱེད་པ་མ་ཟད། དེའི་ཕྲག་ཏུ་འཁུར་བའི་ཉེན་ཁ་ཡང་ལུགས་མཐུན་གྱི་ཁོངས་གཏོགས་སུ་ཚོད་འཛིན་བྱས་ནས་མ་དངུལ་འཇོག་པའི་བརྩོན་སེམས་ཇེ་མཐོར་གཏོང་བ། 

གཉིས།  མ་རྐང་ཚད་ཡོད་ཀུང་ཟིས་མངོན་གསལ་གྱིས་མ་རྐང་འཛིན་ཤོག་དང་བུན་འཛིན་འགྲེམ་སྤེལ་བྱས་ཆོག་པ་དང་།  ཕྱོགས་གང་ཐད་ནས་སྤྱི་ཚོགས་སྟེང་དུ་མ་དངུལ་རབ་བསྡུས་བྱས་ནས་ཧ་ཅང་ཆེ་བའི་ཁེ་ལས་གསར་འཛུགས་བྱས་ན་ཆོག 

གསུམ།  ཀུང་ཟིས་མཐའ་འཁྱོལ་བའི་འཛིན་དབང་དང་བདག་གཉེར་དབང་ཆ་ཐ་དད་པའི་རྩ་དོན་ལག་བསྟར་བྱས་ནས་ཀུང་ཟིའི་དོ་དམ་གྱི་ཆུ་ཚད་ཇེ་མཐོར་བཏང་ཡོད།

བཞི།  ཀུང་ཟིའི་ཐུན་མོང་མ་ཡིན་པའི་རྩ་འཛུགས་གྲུབ་ཚུལ་གྱི་རྣམ་པས་ཀུང་ཟིའི་མ་རྩ་དང་།  བདག་གཉེར་གྱི་ཁེ་ཕན་ཇེ་མཐོར་བཏང་ནས་མ་དངུལ་འཇོག་མཁན་གྱི་དམིགས་ཡུལ་མངོན་འགྱུར་བྱེད་པ་ཡིན། 

ལྔ།   ཀུང་ཟིའི་རྣམ་པ་མི་སྒེར་གྱི་ཤན་ཞུགས་དང་ཕྱོགས་ཡོངས་ནས་ཁ་བྲལ་ཏེ།  མ་རྩའི་དུས་གཏན་རང་བཞིན་གྱི་མཉམ་འབྲེལ་ཡིན་ཞིང་།   མ་རྐང་འཇོག་མཁན་གྱི་མི་སྒེར་གྱི་འཚོ་བའི་བདེ་སྡུག་གིས་ཀུང་ཟིའི་རྒྱུན་ལྡན་གྱི་འཁོར་སྐྱོད་ཚོང་གཉེར་ལ་ཤུན་ཤུགས་མི་ཐེབས་པ་བཅས་ཡིན།

 རྣམ་པ།

ཀུང་ཟིའི་རྣམ་པ་གཙོ་བོ་ནི་ཚད་མེད་འགན་ལེན་ཀུང་ཟི་དང་ཚད་ཡོད་འགན་ལེན་ཀུང་ཟི།  མ་རྐང་ཚད་ཡོད་ཀུང་ཟི་སོགས་ཡོད། 

ཚད་མེད་འགན་ལེན་ཀུང་ཟི་ནི་མ་རྐང་འཇོག་མཁན་གྱི་མི་ཡོངས་ཀྱིས་ཀུང་ཟིའི་བུ་ལོན་ལ་ཚད་མེད་པའི་བུན་ཆད་གཙང་འཕྲོད་བྱེད་པའི་འོས་འགན་འཁུར་བའི་ཀུང་ཟི་ལ་གོ་དགོས།

ཚད་ཡོད་འགན་ལེན་ཀུང་ཟི་ནི་ཀུང་ཟིའི་མ་རྐང་འཇོག་མཁན་ཡོངས་ཀྱིས་ཀུང་ཟིའི་བུ་ལོན་རང་ཉིད་ཀྱི་བཞག་པའི་མ་དངུལ་ལྟར་འགན་འཁུར་བའི་ཀུང་ཟི་ལ་གོ་བ་ཡིན།

མ་རྐང་ཚད་ཡོད་ཀུང་ཟི་ནི་ཀུང་ཟིའི་མ་རྩ་འཁྲོལ་མེད་མ་རྐང་ལྟར་དབྱེ་བ་འབྱེད་ནས་མ་རྐང་འཇོག་མཁན་ཡོངས་ཀྱིས་རང་ཉིད་ཀྱི་བཞག་པའི་མ་དངུལ་ལྟར་ཀུང་ཟིའི་བུ་ལོན་གྱི་འགན་ཁུར་བ་ལ་གོ་བ་ཡིན།

  • 顶