
ཨཱ་ལི་པ་པ་དྲ་རྒྱའི་ལག་རྩལ་ཚད་ཡོད་ཀུང་ཟི(བསྡུས་མིང་ལ་ཨཱ་ལི་པ་པ་པ་ཚོགས་པའམ་ཡང་ན་ཨཱ་ལི་པ་པ)ནི་དེ་སྔ་དབྱིན་ཡིག་དགེ་རྒན་གྱི་ཕྱག་ལས་གནང་མྱོང་བའི་སྐུ་ཞབས་མཱ་ཡུན་གཙོ་བྱས་པའི་མི18ཀྱིས་སྤྱི་ལོ1999ལོར་ཀྲེ་ཅང་ཧང་ཀྲོའུ་རུ་བཙུགས་པའི་ཀུང་ཟི་ཞིག་རེད། ཨཱ་ལི་པ་པ་ཚོགས་པས་ལས་སྒོ་མང་པོ་གཉེར་བཞིན་ཡོད་ཅིང་། གཞན་ཡང་ཀུང་ཟིའི་ལས་སྒོ་དང་ཞབས་ཞུའི་ཁྲོད་ནས་ཚོང་ལས་སྣོད་བཅུད་མ་ལག་ཐད་ཀྱི་རོགས་སྐྱོར་མང་པོ་ཐོབ་བཞིན་ཡོད། ལས་སྒོ་དང་འབྲེལ་བ་ཡོད་པའི་ཀུང་ཟིའི་ལས་སྒོའི་ནང་ཐའོ་པའོ་དྲ་བ་དང་ཐེན་མའོ་དྲ་བ། ཅའོ་ཧྭ་སེན་དང་གོ་ལ་ཧྲིལ་པོའི་མྱུར་ཚོང་ཐུང་། ཨཱ་ལི་པ་པ་རྒྱལ་སྤྱིའི་ཉོ་ཚོང་ཁྲོམ་ར་དང1688 ཨཱ་ལི་མ་མ། ཨཱ་ལི་ཡུན། གྲོག་མའི་གསེར་ལྭ་དང་མི་གསར་དྲ་རྒྱ་སོགས་ཚུད་ཡོད།
ཨཱ་ལི་པ་པ་དྲ་རྒྱའི་ལག་རྩལ་ཚད་ཡོད་ཀུང་ཟི(བསྡུས་མིང་ལ་ཨཱ་ལི་པ་པ་པ་ཚོགས་པའམ་ཡང་ན་ཨཱ་ལི་པ་པ)ནི་དེ་སྔ་དབྱིན་ཡིག་དགེ་རྒན་གྱི་ཕྱག་ལས་གནང་མྱོང་བའི་སྐུ་ཞབས་མཱ་ཡུན་གཙོ་བྱས་པའི་མི18ཀྱིས་སྤྱི་ལོ1999ལོར་ཀྲེ་ཅང་ཧང་ཀྲོའུ་རུ་བཙུགས་པའི་ཀུང་ཟི་ཞིག་རེད།
ཨཱ་ལི་པ་པ་ཚོགས་པས་ལས་སྒོ་མང་པོ་གཉེར་བཞིན་ཡོད་ཅིང་། གཞན་ཡང་ཀུང་ཟིའི་ལས་སྒོ་དང་ཞབས་ཞུའི་ཁྲོད་ནས་ཚོང་ལས་སྣོད་བཅུད་མ་ལག་ཐད་ཀྱི་རོགས་སྐྱོར་མང་པོ་ཐོབ་བཞིན་ཡོད། ལས་སྒོ་དང་འབྲེལ་བ་ཡོད་པའི་ཀུང་ཟིའི་ལས་སྒོའི་ནང་ཐའོ་པའོ་དྲ་བ་དང་ཐེན་མའོ་དྲ་བ། ཅའོ་ཧྭ་སེན་དང་གོ་ལ་ཧྲིལ་པོའི་མྱུར་ཚོང་ཐུང་། ཨཱ་ལི་པ་པ་རྒྱལ་སྤྱིའི་ཉོ་ཚོང་ཁྲོམ་ར་དང1688 ཨཱ་ལི་མ་མ། ཨཱ་ལི་ཡུན། གྲོག་མའི་གསེར་ལྭ་དང་མི་གསར་དྲ་རྒྱ་སོགས་ཚུད་ཡོད།
སྤྱི་ལོ2014ལོའི་ཟླ9པའི་ཚེས19ཉིན། ཨཱ་ལི་པ་པ་ཚོགས་པས་ཉིའུ་ཡོག་དངུལ་འཛིན་ཉོ་ཚོང་ཁང་དུ་དངོས་སུ་སྒོ་བྱང་བཀལ་ནས་ཁྲོམ་རར་བཏོན་པ་དང་། རྐང་འཛིན་གྱི་ཚབ་རྟགསBABAཡིན་ཞིང་གསར་གཏོད་མཁན་ནི་མཱ་ཡུན་ཡིན། སྤྱི་ལོ2019ལོའི་ཟླ11པའི་ཚེས26ཉིན་ཨཱ་ལི་པ་པ་ཞང་ཀང་མ་རྐང་ཁྲོམ་རར་བཏོན།
སྤྱི་ལོ2019ལོའི་ཟླ9པའི་ཚེས6ཉིན། ཨཱ་ལི་པ་པ་ཚོགས་པས་མ་དངུལ་ཨ་སྒོར་དུང་ཕྱུར20བཏང་ནས་ཝང་དབྱི་ཁའོ་ལཱ་ཉོ་སྒྲུབ་བྱས་པ་དང་ཝང་དབྱི་ཡུན་རོལ་དབྱངས་ཀྱི་མ་འཇོག་ལ་ཨ་སྒོར་དུང་ཕྱུར7བཏང་བ་རེད།

སྤྱི་ལོ2019ལོའི་ཟླ9པའི་ཚེས1ཉིན། 2019ལོའི་ཀྲུང་གོའི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་རྩེ་གྲས500ཡི་མིང་ཐོ་ཅི་ནན་དུ་ཁྱབ་བསྒྲགས་བྱས་པ་དང་ཨཱ་ལི་པ་པ་ཚོགས་པའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིའི་མིང་གྲལ་ཨང24པ་རེད།
སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ཧྥུའུ་པུའུ་སིའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་སྟོབས་ཆེན100ཡི་ཁྲོད་ཀྱི་མིང་གྲལ10ནང་ཚུད་ཡོད་པ་རེད།
སྤྱི་ལོ2019ལོའི་ཟླ10པའི་ཚེས23ཉིན། སྤྱི་ལོ2019ལོའི《རྒྱུ་ནོར》ཞེས་པའི་འབྱུང་འགྱུར་ལེགས་གྲས50ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་ཨཱ་ལི་པ་པ་ཚོགས་པའི་མིང་རིམ་ཨང11པ་དང་། “རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོའི་ཁེ་ལས་སྟོབས་ཆེན100ཡི་མིང་རིམ་ཁྲོད་ཨང་ལྔ་པ་ཡིན།
སྤྱི་ལོ2019ལོའི་ཟླ11པའི་ཚེས16ཉིན། ཧུའུ་རུན་ཞིབ་འཇུག་ཁང་གིས《2019ལོའི་ཧུའུ་རུན་གོ་ལ་ཧྲིལ་པོའི་སྲོག་ཆགས་རྭ་གཅིག་མ་འཇོག་ལས་ཁུངས་རྩེ་གྲས་བརྒྱ་ཡི་མིང་ཐོ》ཁྱབ་བསྒྲགས་བྱས་པ་དང་ཨཱ་ལི་པ་པའི་མིང་གྲལ་ཨང7པ་རེད།
སྤྱི་ལོ1999ལོའི་ཟླ9པར་མཱ་ཡུན་གྱིས་སྣེ་ཁྲིད་བྱས་པའི་གསར་གཏོད་པ18ཀྱིས་ཧང་ཀྲོའུ་ཡི་ལས་ཤག་ནང་ཨཱ་ལི་པ་པ་ཚོགས་པ་དངོས་སུ་བཙུགས་པ་དང་། ཚོགས་པའི་དྲ་ཚིགས་ཐོག་མ་ནི་དབྱིན་ཡིག་གི་གོ་ལ་ཧྲིལ་པོའི་སྡེབ་ཚོང་ཚོང་དོན་ཁྲོམ་ར་ཨཱ་ལི་པ་པ་རེད། ལོ་དེར་ཨཱ་ལི་པ་པ་ཚོགས་པས་རྒྱལ་ནང་གི་སྡེབ་ཚོང་གི་ཀྲུང་གོའི་ཉོ་ཚོང་ཁྲོམ་ར (ད་ལྟའི“1688”)བཏོན་པ་རེད།
སྤྱི་ལོ1999ལོའི་ཟླ10པར། ཨཱ་ལི་པ་པ་ཚོགས་པས་མ་འཇོག་ལས་ཁུངས་ཁ་ཤས་ནས་མ་དངུལ་ཨ་སྒོར་ཁྲི500བསྡུ་སྒྲིལ་བྱས་པ་རེད།
སྤྱི་ལོ2000ལོའི་ཟླ1པོར། ཨཱ་ལི་པ་པ་ཚོགས་པས་རོན་ཡེན་སོགས་མ་འཇོག་ལས་ཁུངས་ཁ་ཤས་ནས་མ་དངུལ་ཨ་སྒོར་ཁྲི2000བསྡུས་པ་རེད།
སྤྱི་ལོ2000ལོའི་ཟླ9པར། ཨཱ་ལི་པ་པ་ཚོགས་པས་སྐབས་དང་པོའི་ཤིས་ཧུའུ་མཚེའུ་ཡི་རལ་གྲི་གླེང་བ་ཞེས་པ་བསྒྲུབས་པ་དང་དྲ་སྦྲེལ་ལས་རིགས་ཀྱི་ཚོང་ལས་དང་བློ་འདོན་གཙོ་འཛིན་དག་གིས་ལས་རིགས་ཀྱི་གྲོས་གཞི་གལ་ཆེན་གྲོས་བསྡུར་བྱས་པ་རེད།
སྤྱི་ལོ2001ལོའི་ཟླ12པར། ཨཱ་ལི་པ་པ་ཐོ་འགོད་བྱས་པའི་མིའི་གྲངས་འབོར་ཁྲི100ལས་བརྒལ་ཡོད།
སྤྱི་ལོ2003ལོའི་ཟླ5པར། ཟོག་ཉོའི་དྲ་ཚིགས་ཐའོ་པའོ་དྲ་བ་མཱ་ཡུན་ལས་ཤག་ཏུ་བཙུགས་པ་རེད།
སྤྱི་ལོ2004ལོའི་ཟླ6པར། ཨཱ་ལི་པ་པ་ཚོགས་པས་དྲ་ཐོག་ཚོང་པའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་དང་། དེའི་རིང་སྐབས་དང་པོའི་དྲ་ཐོག་ཚོང་པ་བཅུ་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།
སྤྱི་ལོ2004ལོའི་ཟླ7པར། ཐའོ་པའོ་དྲ་བས་ཉོ་མཁན་དང་ཚོང་པས་དུས་ཐོག་དུ་ཡི་གེ་དང་སྐད་སྒྲ། བརྙན་ལམ་བཅས་ཀྱི་ལམ་ནས་འབྲེལ་མཐུད་བྱེད་པའིPCཔར་མའི་འཕྲིན་གཏོང་མཉེན་ཆས་ཨ་ལི་ཝང་ཝང་བཅས་ཡོངས་བསྒྲགས་བྱས།

སྤྱི་ལོ2004ལོའི་ཟླ12པར། ཨཱ་ལི་པ་པ་ཚོགས་པ་དང་འབྲེལ་བའི་ཕྱོགས་གསུམ་པའི་དྲ་ཐོག་དངུལ་སྤྲོད་ལས་སྟེགས་བཏོན་པ་རེད།
སྤྱི་ལོ2005ལོའི་ཟླ8པའི་ཚེས11ཉིན། ཨཱ་ལི་པ་པ་དང་ཡ་ཧུའུ་གཉིས་ཀྱིས་ཕྱོགས་གཉིས་ཀས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་ཁྱབ་བསྒྲགས་བྱས་པ་དང་། ཨཱ་ལི་པ་པ་ཡིས་ཡ་ཧུའུ་ཀྲུང་གོའི་རྒྱུ་ནོར་ཡོངས་རྫོགས་ཉོ་སྒྲུབ་བྱས་པའི་དུས་མཚུངས་སུ་ཡ་ཧུའུ་ཡི་མ་དངུལ་ཨ་སྒོར་དུང་ཕྱུར10ཐོབ་པར་མ་ཟད། ཀྲུང་གོ་རུ་ཡ་ཧུའུ་ཡི་ཚོང་རྟགས་དང་ལག་རྩལ་འབའ་ཞིག་སྤྱོད་པའི་དབང་ཆ་ཡོད། ཡ་ཧུའུ་ལ་ཨཱ་ལི་པ་པའི40%ཡི་དཔལ་འབྱོར་ཁེ་ཕན་དང35%ཡི་འདེམས་ཤོག་འཕེན་དབང་ཐོབ།
སྤྱི་ལོ2005ལོའི་ཟླ10བར། ཨཱ་ལི་པ་པ་ཚོགས་པས་ཀྲུང་གོའི་ཡ་ཧུའུ་རྩིས་ལེན་བདག་སྤྲོད་བྱས།
སྤྱི་ལོ2006ལོའི་ཟླ7པར། ཐའོ་པའོ་སློབ་ཆེན་གྱི་སློབ་ཚན་བཏོན་ནས་ཉོ་མཁན་དང་ཚོང་མཁན་ལ་གློག་རྡུལ་ཚོང་དོན་གསོ་སྦྱོང་དང་སློབ་གསོ་མཁོ་འདོན་བྱས་པ་རེད།
སྤྱི་ལོ2007ལོའི་ཟླ1པོའི་ཚེས9ཉིན། ཨཱ་ལི་པ་པ་ཚོགས་པས་ཧྲང་ཧའེ་རུ་ཁོངས་གཏོགས་ཀུང་ཟིའི་ཨ་ལི་མཉེན་ཆས་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས།
སྤྱི་ལོ2007ལོའི་ཟླ11པར། ཨཱ་ལི་པ་པ་དྲ་རྒྱ་ཚད་ཡོད་ཀུང་ཟིས་ཤང་ཀང་མཉམ་འབྲེལ་དོ་དམ་ཁང་གི་སྒོ་བྱང་བཀལ་ནས་ཁྲོམ་རར་བཏོན། ཟླ་བ་དེར་ཨཱ་ལི་པ་པ་ཚོགས་པས་དྲ་རྒྱའི་བརྡ་ཁྱབ་ལས་སྟེགས་ཨཱ་ལི་མ་མ་བཙུགས་པ་རེད།
སྤྱི་ལོ2008ལོའི་ཟླ4པར། ཐའོ་པའོ་དྲ་བའི་ཐོག་ཕྱོགས་གསུམ་པའི་སྤུས་རྟགས་དང་སིལ་འཚོང་ཚོང་པར་ཞབས་འདེགས་ཞུ་བའི་ཐའོ་པའོ་ཚོང་ར་ཕྱིར་བཏོན།
སྤྱི་ལོ2008ལོའི་ཟླ9པའི་ཚེས4ཉིན། ཨཱ་ལི་པ་པ་ཚོགས་པས་ཁོངས་གཏོགས་ཀྱི་ཐའོ་པའོ་དྲ་བ་དང་ཨཱ་ལི་མ་མ་གཉིས་ཟླ་སྒྲིལ་བཏང་ནས་འཕེལ་རྒྱས་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག ཨཱ་ལི་པ་པ་ཚོགས་པའི་ཞིབ་འཇུག་གསར་སྤེལ་ཁང་བཙུགས།
སྤྱི་ལོ2009ལོའི་ཟླ7པའི་ཚེས22ཉིན། ཨཱ་ལི་པ་པ་ཚོགས་པས་ཁོངས་གཏོགས་ཨཱ་ལི་མཉེན་ཆས་ཀུང་ཟི་དང་དེ་སྔའི་ཁོངས་གཏོགས་ཨཱ་ལི་པ་པ་ཚོགས་པའི་ཨཱ་ལི་ཞིབ་འཇུག་ཁང་གཉིས་དངོས་སུ་ཟླ་སྒྲིལ་བཏང་བ་དང་། ཟླ་སྒྲིལ་བཏང་རྗེས་ཀྱི་ཀུང་ཟིའི་མིང་སྔར་བཞིན་ཨཱ་ལི་མཉེན་ཆས་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2009ལོའི་ཟླ9པའི་ཚེས10ཉིན། ཨཱ་ལི་པ་པ་ཚོགས་པས་ཀུང་ཟི་བཙུགས་ནས་ལོ་འཁོར་བཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག ཨཱ་ལི་ཡུན་རྩིས་འདོན་བཙུགས་པ་དང་། ཟླ་བ་དེར་ཨཱ་ལི་པ་པས་ཀྲུང་གོའི་སྔོན་ཐོན་གྱི་དྲ་སྦྲེལ་རྨང་གཞིའི་ཞབས་ཞུའི་མཁོ་འདོན་ཚོང་བ་ཀྲུང་གོའི་ཝན་བང་ཉོ་སྒྲུབ་བྱ་རྒྱུའི་ཁྱབ་བསྒྲགས་བྱས།
སྤྱི་ལོ2010ལོའི་ཟླ3པར། ཨཱ་ལི་པ་པས་ཀྲུང་གོའི་ཉོ་ཚོང་ཁྲོམ་རའི་མིང་ལ“1688”ཅེས་སྒྱུར་བཅོས་བྱས་པ་དང་། ཟླ་བ་དེར་ཐའོ་པའོ་དྲ་བའི་ཐོག་ཚོགས་ཉོའི་དྲ་ཚིགས་ཅའོ་ཧྭ་སེན་བཏོན་པ་རེད། སྤྱི་ལོ2010ལོའི་ཟླ5བར། ཨཱ་ལི་པ་པ་ཚོགས་པས་ལོ་ལྟར་ཡོང་འབབ་ཀྱི0.3%ཁོར་ཡུག་སྲུང་སྐྱོང་ཐེབས་རྩར་བསྒྱུར་ནས། སྤྱི་ཚོགས་ཡོངས་ཀྱིས་ཁོར་ཡུག་གི་གནད་དོན་ལ་དོ་ཁུར་དང་སྲུང་སྐྱོང་བྱེད་སྒོར་རྒྱབ་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2010ལོའི་ཟླ7པར། ཨཱ་ལི་པ་པ་ཚོགས་པས་མཉམ་སྡེབ་མི་སྣའི་ལམ་ལུགས་བཏོན་ནས་དེའི་ལས་འགན་དང་ཕུགས་འདུན། རིན་ཐང་ལྟ་བ་བཅས་ཉར་ཚགས་བྱས་ཡོད།
སྤྱི་ལོ2010ལོའི་ཟླ8པར། ཨཱ་ལི་པ་པ་ཡིས་ཨ་རིའི་ཁེ་ལས་ཆུང་གྲས་ལ་ཞབས་འདེགས་ཞུ་བའི་གློག་རྡུལ་ཚོང་དོན་ཐག་གཅོད་ཇུས་གཞི་མཁོ་འདོན་ཚོང་པVendioདངAuvtivaགཉིས་ཉོ་སྒྲུབ་བྱས་པ་དང་། ཟླ་བ་དེར་ཁ་པར་སྟེང་གི་ཐའོ་པའོ་མཉེན་ཆས་བཏོན་པ་རེད།

སྤྱི་ལོ2011ལོའི་ཟླ6པའི་ཚེས16ཉིན། ཨཱ་ལི་པ་པ་ཚོགས་པས་ཐའོ་པའོ་དྲ་བ་དེ་ཐའོ་དྲ་དང་ཐའོ་པའོ་ཚོང་ར། ཐའོ་པའོ་དྲ་བ་བཅས་སུ་དབྱེ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2011ལོའི་ཟླ10བར། ཅའོ་ཧྭ་སེན་བྱ་བ་དེ་ཐའོ་པའོ་དྲ་བ་ནས་བགོས་ཏེ་རང་ཚུགས་ཀྱི་སྟེགས་བུ་ཞིག་ཏུ་གྱུར་ཡོད།
སྤྱི་ལོ2012ལོའི་ཟླ1པོའི་ཚེས11ཉིན། ཐའོ་པའོ་ཚོང་གྲོང་ལ“ཐེན་མོ”ཞེས་མིང་དངོས་སུ་བསྒྱུར། ཟླ་བ་དེར་ཨཱ་ལི་པ་པ་ཚོགས་པས་ཨཱ་ལི་པ་པའི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་བཙུགས་པ་དང་འབྲེལ་ཚོགས་འདུ་དེར་གྲོན་དངུལ་བཏང་ནས་ཁྱབ་ཁོངས་མི་འདྲ་བའི་སྤྱི་ཕན་བྱ་འགུལ་ལ་རྒྱབ་སྐྱོར་བྱས་པ་རེད།
སྤྱི་ལོ2012ལོའི་ཟླ6པའི་ཚེས20ཉིན། ཨཱ་ལི་པ་པ་དྲ་རྒྱ་ཚད་ཡོད་ཀུང་ཟི(ཚབ་ཨང1688)ཤང་ཀང་སྦྲེལ་མཐུད་ཁང་ནས་ཕྱིར་འཐེན་བྱས་པ་དང་ཁྲོམ་རས་དོ་སྣང་བྱེད་པའི་ཨཱ་ལི་པ་པ་སྒེར་དབང་ཅན་དེ་མཇུག་སྒྲིལ་བ་རེད།
སྤྱི་ལོ2012ལོའི་ཟླ7པའི་ཚེས23ཉིན། ཨཱ་ལི་པ་པ་ཚོགས་པས་ཀུང་ཟིའི་རྩ་འཛུགས་ཀྱི་སྒྲོམ་གཞི་ལེགས་སྒྲིག་བྱ་རྒྱུ་དང་། སྔར་ཡོད་ཀྱི་ཡན་ལག་ཀུང་ཟིའི་ལམ་ལུགས་དེ་བྱ་གཞག་ཚོགས་པའི་ལམ་ལུགས་སུ་ལེགས་སྒྲིག་བྱས་ནས། མིག་སྔར་ཡོད་པའི་ཡན་ལག་ཀུང་ཟིའི་ལས་སྒོ་དེ་ཐའོ་པའོ་དང་ཡེ་ཐའོ། ཐེན་མའོ་དང་ཅའོ་ཧྭ་སེན། ཨཱ་ལི་རྒྱལ་སྤྱིའི་ལས་སྒོ་དང་ཨཱ་ལི་ཁེ་ལས་ཆུང་གྲས་ཀྱི་ལས་སྒོ ད་དུང་ཨཱ་ལི་ཡུན་གྱི་བྱ་གཞག་ཚོགས་པ་བཅས་བདུན་ལ་ལེགས་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2012ལོའི་ཟླ9པར། ཨཱ་ལི་པ་པ་ཚོགས་པས་ཡ་ཧུའུ་ལ་མ་རྐང་ཉོ་སྒྲུབ་རགས་ཙམ་བྱས་པ་དང་འབྲེལ་ཡ་ཧུའུ་དང་འབྲེལ་བ་བསྐྱར་འཛུགས་བྱས་པ་རེད།
སྤྱི་ལོ2012ལོའི་ཟླ1པོར། ཐའོ་པའོ་ཚོང་རས་ཐེན་མའོ་ཞེས་པའི་མིང་བསྒྱུར་ནས་ལས་སྟེགས་ཀྱི་ངེས་གནས་ལ་ཤུགས་སྣོན་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2013ལོའི་ཟླ1པོའི་ཚེས6ཉིན། ཨཱ་ལི་པ་པ་ཚོགས་པས་ཁོངས་གཏོགས་ཀྱི་ཨཱ་ལི་ཡུན་དང་ཝན་བང་གཉིས་ཨཱ་ལི་ཡུན་ཀུང་ཟི་གསར་པར་ཟླ་སྒྲིལ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་དང་ཟླ་སྒྲིལ་བཏང་རྗེས“ཝན་བང”ཡི་སྤུས་རྟགས་མུ་མཐུད་སོར་འཇོག་བྱས་ཏེ་ཨཱ་ལི་ཡུན་ཁོངས་གཏོགས་ཀྱི་ཞབས་ཞུའི་སྤུས་རྟགས་སུ་བསྒྱུར།
སྤྱི་ལོ2013ལོའི་ཟླ1པོའི་ཚེས10ཉིན། ཨཱ་ལི་པ་པ་ཚོགས་པས་ད་སྔའི་ལས་སྒོའི་སྒྲོམ་གཞི་དང་རྩ་འཛུགས་ལེགས་སྒྲིག་འོས་འཚམ་བྱས་ནས་བྱ་གཞག་པུའུ25བཙུགས་ཏེ། བྱ་གཞག་པུའུ་ཁག་གི་ཙུང་ཚའེ(སྤྱི་གཉེར་བ)ཡིས་འགན་འཁུར་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2013ལོའི་ཟླ7པར། ཨཱ་ལི་པ་པ་ཚོགས་པས་ཨཱ་ལིའི་ཤེས་ནུསTVབཀོལ་སྤྱོད་མ་ལག་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2013ལོའི་ཟླ8པར། ཨཱ་ལི་པ་པ་ཚོགས་པའི་གླིང་ཁུལ་ཧང་ཀྲོའུ་གྲོང་ཁྱེར་ཞི་ཤིས་སུ་སྤོས་པ་རེད།
སྤྱི་ལོ2013ལོའི་ཟླ9པར། ཨཱ་ལི་པ་པ་ཚོགས་པས་སྤྱི་ཚོགས་འབྲེལ་འདྲིའི་དྲ་རྒྱའི་ཁ་པར་མཉེན་ཆས་དངོས་སུ་ཚོང་རར་བཏོན།
སྤྱི་ལོ2014ལོའི་ཟླ2པར། ཐེན་མའོ་ལས་སྟེགས་སྣེ་སྲིང་ཇུས་གཞིར་གཏོགས་པའི་ཐེན་མའོ་རྒྱལ་སྤྱི་དངོས་སུ་བཏོན་ཏེ་རྒྱལ་སྤྱིའི་སྤུས་རྟགས་ཀྱིས་ཀྲུང་གོའི་འཛད་སྤྱོད་པར་ཐད་ཀར་ཐོན་རྫས་ཕྱིར་ཚོང་བྱེད་དུ་བཅུག་པ་རེད།
སྤྱི་ལོ2014ལོའི་ཟླ6པར། ཨཱ་ལི་པ་པ་ཚོགས་པས་སྤོ་སྒུལ་ལྟ་བཤེར་འཕྲུལ་ཆས་ཀུང་ཟིUCཡའོ་ཧྲི་ཉོ་སྒྲུབ་བྱས་པ་དང་འབྲེལ་ཕྱོགས་གཉིས་པོའི་ལས་སྒོ་བསྡུ་སྒྲིལ་ཡང་བྱས་པ་རེད། ཟླ་དེར་ཨཱ་ལི་པ་པ་ཚོགས་པས་ཨ་ལི་གློག་འཕྲིན་སྤུས་རྟགས་ལ་བརྟེན་ནས་ཀྲུང་གོར་སྤོ་སྒུལ་དྲ་རྒྱའི་གཉེར་སྐྱོང་ཞབས་ཞུ་མཁོ་འདོན་བྱེད་འགོ་ཚུགས། ཟླ་དེར་ཨཱ་ལི་པ་པ་ཚོགས་པས་གློག་བརྙན་དང་བརྙན་འཕྲིན་ལེ་ཚན་བཟོ་སྐྲུན་ཚོང་པའི་རིག་གནས་ཀྲུང་གོར་ཁྱབ་སྤེལ་བྱས་པའི(ད་ལྟ་ཨཱ་ལི་པ་པ་གློག་བརྙན་ཚོགས་པ་ཞེས་བརྗོད་པ)རྐང་དབང60%ཙམ་ཉོ་སྒྲུབ་བྱས་པ་རེད།

སྤྱི་ལོ2014ལོའི་ཟླ7པར། ཨཱ་ལི་པ་པ་ཚོགས་པ་དང་དབྱིན་ཐའེ་དབར་མ་རྩ་མཉམ་འཇོག་ཁེ་ལས་བཙུགས་ནས་ཀྲུང་གོརO2Oཡི་ལས་སྒོ་འཕེལ་རྒྱས་བཏང་། ཟླ་བ་དེར་ཨཱ་ལི་པ་པ་ཚོགས་པས་ཨང་ཀིའི་ས་བཀྲ་ཀུང་ཟི་ཀའོ་ཏེ་ལ་མ་འཇོག་ལེགས་འགྲུབ་བྱུང་།
སྤྱི་ལོ2014ལོའི་ཟླ9པའི་ཚེས19ཉིན། ཨཱ་ལི་པ་པ་ཚོགས་པས་ཉིའུ་ཡོག་དངུལ་འཛིན་ཉོ་ཚོང་ཁང་དུ་དངོས་སུ་སྒོ་བྱང་བཀལ་ནས་ཁྲོམ་རར་བཏོན་པ་དང་མ་རྐང་འཛིན་ཤོག་གི་ཚབ་རྟགསBABAརེད།
སྤྱི་ལོ2014ལོའི་ཟླ10པར། ཨཱ་ལི་པ་པ་ཚོགས་པ་དང་འབྲེལ་བ་ཡོད་པའི་ཀུང་ཟི་སྟེ་གྲོག་མའི་དངུལ་རྩའི་ཞབས་ཞུ(དེ་སྔར“དངུལ་རྩའི་ཞབས་ཞུ་ཚོགས་ཆུང”ཞེས་བརྗོད)ཚོགས་པ་དངོས་སུ་བཙུགས་པ་དང་། ཟླ་བ་དེར་ཐའོ་པའོ་ཡུལ་སྐོར་དེ་ཁེར་རྐྱང་གི་སྟེགས་བུར་བསྒྱུར་དེ་མིང་གཞན་ལ“འགྲོ་ཡ”ཞེས་བཏགས།
སྤྱི་ལོ2015ལོའི་ཟླ2པའི་ཚེས1ཉིན། ཨཱ་ལི་པ་པ་ཚོགས་པས་ཤང་ཀང་གི་སྒོར་མོ་དུང་ཕྱུར་བཅུ་ཡོད་པའི་ཤང་ཀང་གཞོན་ནུའི་ཁེ་ལས་མཁས་ཅན་གྱི་ཐེབས་རྩ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་ཐེབས་རྩ་དེ་ནི་ཁེ་སྤོགས་མི་སྒྲུབ་པའི་ངོ་བོ་ཞིག་རེད།
སྤྱི་ལོ2015ལོའི་ཟླ2པའི་ཚེས9ཉིན། ཨཱ་ལི་པ་པ་ཚོགས་པས་ཨ་སྒོར་དུང་ཕྱུར5.9ཡི་འཐབ་ཇུས་ཐོག་ནས་མེ་ཙུའུ་ཚན་རྩལ་ལ་མ་འཇོག་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་ཞིབ་ཕྲའི་བསྡུར་ཚད་ཁྱབ་བསྒྲགས་བྱས་མེད།
སྤྱི་ལོ2015ལོའི་ཟླ2པའི་ཚེས10ཉིན། ཨཱ་ལི་པ་པ་ཚོགས་པས་གྲོག་མ་གསེར་གྱི་གྱོན་ཆས་ཚོགས་པ་དང་བསྐྱར་སྒྲིག་ལེགས་གྲུབ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་གྲོག་མ་གསེར་གྱི་གྱོན་ཆས་དེ་ཀྲི་ཧྥུའུ་པའོ་ཡི་མ་ཡུམ་ཀུང་ཟི་ཡིན།
སྤྱི་ལོ2015ལོའི་ཟླ3པའི་ཚེས11ཉིན། ཨཱ་ལི་པ་པ་ཚོགས་པས་ཁོངས་གཏོགས་ཀྱི་གོ་ལ་ཧྲིལ་པོའི་སྡེབ་ཚོང་ཉོ་ཚོང་ལས་སྟེགས་དང་དབྱིན་ཇིའི་གསར་གཏོད་དངུལ་བུན་ལས་ཁུངསezbobདངiwocaགཉིས་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆིངས་བཞག་པ་དང་། དབྱིན་ཇིའི་ཁེ་ལས་ཆུང་འབྲིེང་གིས་ལས་སྟེགས་ཐོག་གི་ཀྲུང་གོའི་མཁོ་འདོན་ཚོང་པའི་ས་ནས་དངོས་ཟོག་ཉོ་སྐབས། སྟབས་བདེ་ཡོང་བར་རེམ་འདེགས་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2015ལོའི་ཟླ4པའི་ཚེས15ཉིན། ཨཱ་ལི་པ་པ་ཚོགས་པས་ཤང་ཀང་ཁྲོམ་རར་བཏོན་པའི་ཨ་ལི་བདེ་ཐང་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟི་དང་མཐའ་མའི་གྲོས་མཐུན་བཞག་པ་རེད། གྲོས་མཐུན་ལ་གཞིགས་ན། ཨཱ་ལི་པ་པ་ཚོགས་པས་ཐེན་མའོ་དྲ་ཐོག་སྨན་རྫས་ཀྱི་ལས་སྒོའི་ཚོང་གཉེར་དབང་ཆ་ཨཱ་ལི་བདེ་ཐང་ལ་སྤྲོད་རྒྱུ་དང་། ཨཱ་ལི་བདེ་ཐང་ལ་བརྟེན་ནས་གསར་དུ་འགྲེམས་སྤེལ་བྱས་པའི་མ་རྐང་དང་མ་རྐང་དུ་བསྒྱུར་ཆོག་པའི་བུན་འཛིན་ལ་བརྟེན་ནས་ཨཱ་ལི་པ་པ་ཚོགས་པའི་ཡན་ལག་ཀུང་ཟིར་འགྱུར་རྒྱུ་ཡིན་པ་རེད།
སྤྱི་ལོ2015ལོའི་ཟླ5པའི་ཚེས14ཉིན། ཨཱ་ལི་པ་པ་ཚོགས་པས་ཡུན་ཧྥུང་ཐེབས་རྩ་དང་མཉམ་དུ་རྒྱལ་ནང་གི་ཟོག་འགྲེམས་མྱུར་སྐྱེལ་ཁེ་ལས་གཙོ་བོ་ཡོན་ཐུང་ལ་འཐབ་ཇུས་ཀྱི་མ་འཇོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2015ལོའི་ཟླ6པའི་ཚེས18ཉིན། རི་པིན་རེན་ཡུན་ཚོགས་པ་དང་། ཨཱ་ལི་པ་པ་ཚོགས་པ་དང་དེ་བཞིན་ཧྥུའུ་ཧྲི་ཁང་ཚན་རྩལ་ཚོགས་པས་མཉམ་དུ་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨཱ་ལི་པ་པ་དང་ཧྥུའུ་ཧྲི་ཁང་གིས་རེན་ཡུན་ཁོངས་གཏོགས་ཀྱི་འཕྲུལ་མིའི་མ་རྐང་ཚོད་འཛིན་ཀུང་ཟིར་རི་པིན་གྱི་སྒོར་མོ་དུང་ཕྱུར145སོ་སོར་གཏོང་བ་དང་། མ་འཇོག་ལེགས་འགྲུབ་བྱུང་རྗེས་ཨཱ་ལི་པ་པ་དང་ཧྥུའུ་ཧྲི་ཁང་གིསSBRH20%སོ་སོར་འཛིན་རྒྱུ་དང་། རེན་ཡུན་ལ་ད་དུང60%ཡི་མ་རྐང་ཡོད།

སྤྱི་ལོ2015ལོའི་ཟླ6པའི་ཚེས23ཉིན། ཨཱ་ལི་པ་པ་ཚོགས་པ་དང་གྲོག་མའི་དངུལ་རྩའི་ཞབས་ཞུ་ཚོགས་པས་མཉམ་འབྲེལ་བྱས་ཏེ། ཕྱོགས་གཉིས་པོས་མ་དངུལ་མཉམ་བསྡུས་ཀྱིས་ས་གནས་དེ་གའི་འཚོ་བའི་ཞབས་ཞུའི་ལས་སྟེགས་ཀུང་ཟི་ཞིག་འཛུགས་རྒྱུ་དང་། མ་རྩ་མཉམ་འཇོག་ཀུང་ཟིའི་མིང་ལ་ངག་བསྟོད་ཅེས་བརྗོད་ཅིང་། ཕྱོགས་གཉིས་པོས་རང་སོ་སོས་མ་དངུལ་སྒོར་དུང་ཕྱུར30བཏང་བ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར60བཏང་ནས་མ་རྐང་ཁག50%བཟུང་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2015ལོའི་ཟླ7པའི་ཚེས8ཉིན། ཨཱ་ལི་པ་པས་མའེ་ཙུའུ་ལ་ཨ་སྒོར་དུང་ཕྱུར་ལས་བརྒལ་བའི་འཐབ་ཇུས་མ་རྐང་བཞག་ནས། རྒྱས་སྤྲོས་དངོས་རྫས་མྱུར་ཉོའི་དྲ་ཐོག་ཚོང་དོན་ལས་སྟེགས་འདོན་པ་དང་། ཉོ་ཚོང་མཇུག་འགྲིལ་རྗེས་ཨཱ་ལི་པ་པས་ཁོངས་གཏོགས་ཀྱི་ཐེན་མའོ་ལས་སྟེགས་སུ་ཞབས་ཞུའི་ཚོགས་པ་ཞིག་བཙུགས་ནས་མའེ་ལེ་ཙུའུ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ་ཁྱབ་བསྒྲགས་བྱས།
སྤྱི་ལོ2015ལོའི་ཟླ7པའི་ཚེས15ཉིན། ཨཱ་ལི་པ་པ་ཚོགས་པས་ཨ་ལི་རོལ་དབྱངས་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཀའོ་ཞའོ་སུང་གིས་ཏུང་ཧྲི་ཀྲང་དང་སུང་ཁོསCEOཡི་འགན་ཁུར།
སྤྱི་ལོ2015ལོའི་ཟླ7པའི་ཚེས16ཉིན། ཨཱ་ལི་པ་པ་ཚོགས་པའི་ཁོངས་གཏོགས་ཀྱི་སྤོ་སྒུལ་ལས་སྟེགས་ཨ་ལི་པའེ་ཁྲོན་གྱིས“གསར་གཏོད་མ་འཇོག་དུང་ཕྱུར10དང་དངུལ་བུན་སྒོར་དུང་ཕྱུར10”མཁོ་འདོན་བྱས་ནས་སྤོ་སྒུལ་ཉེར་སྤྱོད་ལས་གཏོད་པར་རོགས་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2015ལོའི་ཟླ7པའི་ཚེས20ཉིན། ཨཱ་ལི་པ་པ་ཚོགས་པས་མཉམ་འབྲེལ་ལི་ཧྭ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ། མཉམ་འབྲེལ་ལི་ཧྭའི་ཐོན་རྫས་ཀྲུང་གོའི་ཉོ་བདག་མང་པོར་ཕྱིར་ཚོང་བྱེད་རོགས་བྱས་པ་རེད།
སྤྱི་ལོ2015ལོའི་ཟླ7པའི་ཚེས29ཉིན། ཨཱ་ལི་པ་པ་ཚོགས་པས་ཁོངས་གཏོགས་ཀྱི་ཨཱ་ལི་ཡུན་གྱི་འཐབ་ཇུས་ལ་མ་དངུལ་སྒོར་དུང་ཕྱུར60བཏང་ནས་རྒྱལ་སྤྱིའི་ལས་སྒོ་རྒྱ་ཆེར་གཏོང་བ་དང་། ཡུན་རྩིས་དང་གྲངས་གཞི་ཆེ་མོའི་ཁྱབ་ཁོངས་ཀྱི་རྨང་གཞི་དང་ལག་རྩལ་ཞིབ་འཇུག་གསར་སྤེལ། དེ་བཞིནDTསྣོད་བཅུད་མ་ལག་འཛུགས་སྐྲུན་ཐད་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2015ལོའི་ཟླ8པའི་ཚེས10ཉིན། ཨཱ་ལི་པ་པ་ཚོགས་པ་དང་སུའུ་ཉིང་ཡུན་ཚོང་ཚོགས་པ་མ་རྐང་ཚད་ཡོད་ཀུང་ཟིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། གྲོས་མཐུན་གཞིར་བཟུང་ཚེ། ཨཱ་ལི་པ་པ་ཚོགས་པས་སུའུ་ཉིང་ཡུན་ཚོགས་ཚོང་པའི་ཡོངས་བསྒྲགས་མིན་པའི་འགྲེམས་སྤེལ་ནང་མི་དམངས་ཤོག་སྒོར་དུང་ཕྱུར283གཏོང་རྒྱུ་ཡིན་པ་དེས་འགྲེམས་སྤེལ་བྱས་རྗེས་ཀྱི་སྤྱིའི་རྐང་དངུལ་གྱི19.99%བཟུང་ལ། སུའུ་ཉིང་ཡུན་ཚོགས་ཚོང་པའི་རྐང་བདག་ཆེན་མོ་གཉིས་པར་གྱུར་ཡོད།
སྤྱི་ལོ2015ལོའི་ཟླ8པའི་ཚེས12ཉིན། ཨཱ་ལི་པ་པ་ཚོགས་པས་ཨ་རིའི་བརྒྱ་ཟོག་སིལ་ཚོང་གི་སྣེ་ཁྲིད་པ་མའེ་ཞིས་བརྒྱ་ཟོག་དང་མཉམ་དུ་ཕྱོགས་གཉིས་པོས་ཡུན་རིང་སྒེར་དབང་གི་འཐབ་ཇུས་མཉམ་ལས་དངོས་སུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། མའེ་ཞིས་ཚོང་ཟོག་ཐེན་མའོ་རྒྱལ་སྤྱིའི་ནང་འགོད་རྒྱུ།
སྤྱི་ལོ2015ལོའི་ཟླ9པའི་ཚེས8ཉིན། ཨཱ་ལི་པ་པ་ཚོགས་པས་གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་སིལ་འཚོང་ཚོང་དོན་ཚོགས་པ་མའེ་ཏེ་ལུང་དང་སྒེར་དབང་གི་འཐབ་ཇུས་མཉམ་ལས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། མའེ་ཏེ་ལུང་གཞུང་ཕྱོགས་ཀྱི་ཚོང་ཁང་ཐེན་མའོ་རྒྱལ་སྤྱིའི་ཐོག་བཅའ་སྡོད་བྱ་རྒྱུ་ཡིན་པ་རེད། འཇར་མན་གྱི་སིལ་ཚོང་ཚོང་དོན་ཚོགས་པ་ཆེ་ཤོས་ཡིན་པའི་མའེ་ཏེ་ལུང་གིས་ཨཱ་ལི་པ་པ་དང་མཉམ་དུ་ཚོང་ཟོག་མཁོ་སྤྲོད་ཀྱི་མཉམ་འབྲེལ་བྱེད་པ་དང་། ཨཱ་ལི་ཚོགས་པའི་ཡོ་རོབ་ཀྱི་འཐབ་ཇུས་མཉམ་ལས་ཕྱོགས་ཀྱི་མཉམ་འབྲེལ་གྲོགས་པོ་གལ་ཆེན་ཞིག་ཏུ་འགྱུར་ངེས།

སྤྱི་ལོ2015ལོའི་ཟླ9བའི་ཚེས10ཉིན། ཨཱ་ལི་པ་པ་ཚོགས་པས་སྤྱི་ལོ2015ལོའི་འཛམ་གླིང་སིལ་ཚོང་ཚོགས་ཆེན(WorldRailCongress)གྱི་བྱ་དགའ་མཐོ་ཤོས་ཏེ“ལོ་འཁོར་གྱི་སིལ་འཚོང་ཚོང་པ་ཡག་ཤོས”(retailer of the year)ཀྱི་མཚན་སྙན་ཐོབ།
སྤྱི་ལོ2015ལོའི་ཟླ9པའི་ཚེས24ཉིན། ཨཱ་ལི་པ་པ་ཚོགས་པས“ཧང་ཀྲོའུ་དང་པེ་ཅིང”ཟུང་འབྲེལ་གྱི་ལྟེ་གནས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་མ་ཟད། པེ་ཅིང་གིས་དབྱི་སི་རལ་གྱི་འཐབ་ཇུས་ལག་བསྟར་དང་ལས་སྒོ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།
སྤྱི་ལོ2015ལོའི་ཟླ9པའི་ཚེས24ཉིན། སི་ཐན་ཕུའུ་ཚོང་ལས་སློབ་གླིང་གི་སློབ་གྲྭའི་མཛའ་གྲོགས་ཚོགས་པས་སྤྱི་ལོ2015ལོའི་Encoreབྱ་དགའ་ཨཱ་ལི་པ་པ་ཚོགས་པར་སྤྲོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། དེ་ནིEncoreབྱ་དགའ་དེ་ཀྲུང་གོའི་ཀུང་ཟིར་སྤྲོད་ཐེངས་དང་པོ་ཡིན་པ་དང་ཨཱ་ལི་པ་པ་ཚོགས་པ་ནིEncoreབྱ་དགའི་ལོ་རྒྱུས་ཐོག་བྱ་དགའ་ཐོབ་པའི་ཀུང་ཟི38པ་དེ་ཡིན་ལ་གོ་ལ་ཧྲིལ་པོའི་ཐོག་Encoreབྱ་དགའ་ཐོབ་པའི་ནང་ཨ་རི་མིན་པའི་ཀུང་ཟི་ཐོག་མའང་ཡིན།
སྤྱི་ལོ2015ལོའི་ཟླ10པའི་ཚེས13ཉིན། ཨཱ་ལི་པ་པ་ཚོགས་པའིCEOཀྲང་ཡུང་གིས2015ལོར་ཆ11བཀོད་འདོམས་པུའུ་པེ་ཅིང་དུ་གནས་སྤོས་ཏེ་པེ་ཅིང་དུ་ཆ11བཀོད་སྒྲིག་པུའུ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ལོ2015ལོའི་ཟླ10པའི་ཚེས16ཉིན། ཨཱ་ལི་པ་པ་ཚོགས་པས་ཡིའུ་ཁུའུ་ཐའོ་ཏི་ཀུང་ཟིའི་ལས་འཛིན་པའི་ལྷན་ཚོགས་ལ་གཅུན་སྡོམ་རང་བཞིན་མིན་པའི་ཁ་དན་བཞག་སྟེ། ADS(ཨ་རིའི་བཅོལ་འཛིན་ལག་ཁྱེར)རེར་ཨ་སྒོར26.60ཡི་རིན་གོང་བྱིན་ནས་ཨཱ་ལི་པ་པ་ཚོགས་པས་མ་རྐང་བཟུང་ཡོད་པ་ཕུད་པའི་ཀུང་ཟི་དེའི་འཁོར་རྒྱུག་མ་རྐང་ལྷག་མ་ཚང་མ་ཉོ་སྒྲུབ་བྱ་རྒྱུའི་ཁྱབ་བསྒྲགས་བྱས།
སྤྱི་ལོ2015ལོའི་ཟླ11པའི་ཚེས3ཉིན་གྱི་དགོང་མོར། ཨཱ་ལི་པ་པ་ཚོགས་པ་དང་ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས“དྲ་སྦྲེལ+དབུལ་སྐྱོར”གྱི་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ་དང་། ཕྱོགས་གཉིས་པོས་ཨཱ་ལི་པ་པ་ཚོགས་པའི་དྲ་སྦྲེལ་དཔལ་འབྱོར་ཁྱབ་ཁོངས་ཀྱི་འབུར་གཟུགས་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་དང་ཤུགས་རྐྱེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “དྲ་སྦྲེལ་+དབུལ་སྐྱོར”གྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ནས་ལེགས་ཆ་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཡོང་བ་བྱ་རྒྱུའི་གྲོས་ཐག་བཅད་པ་རེད།
སྤྱི་ལོ2015ལོའི་ཟླ11པའི་ཚེས6ཉིན། ཨཱ་ལི་པ་པ་ཚོགས་པ་དང་ཡིའུ་ཁུའུ་ཐའོ་ཏི་ཚོགས་པ་ཕྱོགས་གཉིས་པོས་ཡིའུ་ཁུའུ་ཐའོ་ཏི་མ་རྐང་ཉོ་སྒྲུབ་བྱ་རྒྱུའི་གྲོས་ཡིག་ལ་མིང་རྟགས་བཀོད་པ་དང་། གྲོས་ཡིག་དེར་གཞིགས་ནས་ཨཱ་ལི་པ་པ་ཚོགས་པས་ཡིའུ་ཁུའུ་ཐའོ་ཏི་ཚོགས་པ་ཉོ་སྒྲུབ་བྱ་རྒྱུ་ཞེས་ཁྱབ་བསྒྲགས་བྱས་ལ། ཉོ་ཚོང་འདི་ལག་དངུལ་གྱི་རྣམ་པ་ཡོངས་ལ་བརྟེན་ནས་སྤེལ་དགོས།
སྤྱི་ལོ2015ལོའི་ཟླ11པའི་ཚེས11ཉིན། ཨཱ་ལི་པ་པ་ཡི་ཆ11ཟོག་ཉོ་རབ་དགའི་དུས་ཆེན་གྱི་ཉིན་དེར་ཉོ་ཚོང་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར912.17ཟིན་པ་དེ་སྤྱི་ལོ2014ལོའི་ཟླ11ཚེས11ཉིན་གྱི་ཚོང་འགྲིག་ཚད་ལས60%ཙམ་གྱིས་མཐོ་རུ་ཕྱིན་པ་དང་། སྤྱི་ལོ2009ལོར་ཨཱ་ལི་པ་པའི་ཕྱིར་ཚོང་བྱེད་ཚད་ཐེངས་དང་པོར་མི་དམངས་ཤོག་སྒོར་ཁྲི5200མ་གཏོགས་མེད་པ་རེད། ད་ཐེངས་ཨཱ་ལི་པ་པ་ཆ11གིས་ཤིང་འབྲས་དང་འོ་མ། སྦྲང་རྩི་དང་རླངས་འཁོར། ཆུ་ཚོད་དང་ལག་ཐོགས་ཁ་པར་བཅས་རིགས་བརྒྱད་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་རེ་ཞུ་བྱ་རྒྱུ་ཡིན་པ་རེད།

སྤྱི་ལོ2015ལོའི་ཟླ11པའི་ཚེས12ཉིན་ཨཱ་ལི་པ་པMSCIཀྲུང་གོའི་སྟོན་གྲངས་ནང་བདམས་པ་རེད།
སྤྱི་ལོ2015ལོའི་ཟླ11པའི་ཚེས27ཉིན། ཀྲུང་གོ་གཏེར་ལྔ་ཚོགས་པའི་ཁོངས་གཏོགས་གཏེར་ལྔའི་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་ཟི་དང་ཨཱ་ལི་པ་པ་ཚོགས་པའི་ཁོངས་གཏོགས་ཧང་ཀྲོའུ་ཨཱ་ལི་ལས་གཏོད་མ་འཇོག་ཚད་ཡོད་ཀུང་ཟི(བསྡུས་མིང་ལ་ཨ་ལི་གསར་གཏོད)གཉིས་ཀྱིས་གྲོས་ཆིངས་བཞག་ནས། ཕྱོགས་གཉིས་པོས་གཏེར་ལྔའི་ཡན་ལག་ཀུང་ཟིའི་གཏེར་ལྔའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་ཟིར(བསྡུས་མིང་ལ་གཏེར་ལྔའི་དྲ་ཐོག་ཚོང་དོན)མ་དངུལ་མང་དུ་བཏང་ནས། ཐུན་མོང་གིས་ངར་ལྕགས་ཉོ་ཚོང་ལས་སྟེགསB2Bགསར་གཏོད་བྱ་རྒྱུའི་ཐག་བཅད།
སྤྱི་ལོ2015ལོའི་ཟླ12པའི་ཚེས1ཉིན། ཨཱ་ལི་པ་པ་ཚོགས་པས་ཕ་རན་སི་དང་མུའུ་ཉི་ཧེ་རུ། TerryvདངVon. Bibraགསུམ་པོ་ཨཱ་ལི་པ་པ་ཚོགས་པའི་འཇར་མན་གཞུང་དོན་ཁང་གི་སྤྱི་གཉེར་བར་བསྐོ་གཞག་བྱས་པ་དང་། Subbtien Badaultཨཱ་ལི་པ་པ་ཚོགས་པའི་ཧྥ་རན་སེའི་གཞུང་དོན་ཁང་གི་སྤྱི་གཉེར་བར་བསྐོ་གཞག་བྱས་པ་ཚང་མས་ཐད་ཀར་ཨཱ་ལི་པ་པ་ཚོགས་པའི་ཙུང་ཚའེ་མའེ་ཁར་ཨའེ་ཝུན་སིར་སྙན་སེང་ཞུས་དགོས་པ་དང་ཆབས་ཅིག ཨཱ་ལི་པ་པས་ཀྱང་འཇར་མན་གྱི་མུའུ་ཉི་ཧེ་དང་ཧྥ་རན་སེའི་ཕ་རི་སི་རུ་གཞུང་ལས་ཁང་འཛུགས་རྒྱུའི་ཐག་བཅད།
སྤྱི་ལོ2015ལོའི་ཟླ12པའི་ཚེས2ཉིན། ཀྲུང་གོའི་གཏེར་ལྔ་ཚོགས་པའི་ཁོངས་གཏོགས་གཏེར་ལྔའི་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་ཟི་དང་ཨཱ་ལི་པ་པ་ཚོགས་པའི་ཁོངས་གཏོགས་ཧང་ཀྲོའུ་ཨཱ་ལི་ལས་གཏོད་མ་འཇོག་ཚད་ཡོད་ཀུང་ཟི་གཉིས་ཀྱིས་དངོས་སུ་གན་རྒྱ་བཞག་པ་དང་། ཕྱོགས་གཉིས་པོས་མ་རྩ་མཉམ་འཇོག་གི་ཀུང་ཟི་འཛུགས་པའི་བྱེད་ཐབས་ལ་བརྟེན་ནས་ལྕགས་རིགས་མཁོ་སྤྲོད་སྦྲེལ་ཐག་སྟེང་། རིན་ཐང་གསར་གཏོད་ཀྱི་ལས་སྒོ་སྤེལ་མཁན་ཁེ་ལས་ཚང་མར་མི་སྒེར་གྱིས་ཞབས་ཞུ་མཁོ་འདོན་དང་ལྕགས་རིགས་ཉོ་ཚོང་སྣོད་བཅུད་ཁུལ་གསར་དུ་བཏོད་རྒྱུ་ཡིན་པ་རེད།
སྤྱི་ལ
འཕྲིན་སྟེགས། weikangba