ཟླ་བ4པའི་ཚེས25ཉིན་གྱི་སྔ་དྲོའི་ཆུ་ཚོད8པར2019ལོའི་སྐབས་དང་པོའི་རྒྱལ་ཡོངས་ཞིང་ལས་ཚན་རྩལ་གྲུབ་འབྲས་སྒྱུར་བའི་ཚོགས་ཆེན་དང་སྐབས་བདུན་པའི་ཁྲེང་ཏུའུ་ཡི་རྒྱལ་སྤྱིའི་གྲོང་ཁྱེར་དེང་རབས་ཅན་གྱི་ཞིང་ལས་འགྲེམས་སྟོན་འདུ་ཚོགས་དེ་ཁྲེང་ཏུའུ་དུས་རབས་གྲོང་གསར་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་འཛུགས་གཉེར་བྱས་པ་རེད། རང་ཁུལ་གྱི་དར་མདོ་དང་ལྕགས་ཟམ། བརྒྱད་ཟིལ། རྟའུ། བྲག་འགོ སྡེ་དགེ འབའ་ཐང་། ཕྱག་ཕྲེང་། རོང་བྲག་སོགས་རྫོང་དང་གྲོང་ཁྱེར10ཡི་ཁེ་ལས39ཡི་ཐོན་རྫས་རིགས300ལྷག་ཙམ་ཞིག་ཐེངས་འདིའི་འདུ་ཚོགས་ནང་བཤམས་ཡོད་པ་རེད།
གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད8དང་སྐར་མ30ལ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཆུས་མོ་སི་ཧྭ་དང་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ། ཏང་ཙུའུ་ཡི་གྲུབ་མི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་གྱི་འགོ་ཁྲིད་རང་ཁུལ་གྱི་འགྲེམས་སྟོན་ཁང་དུ་གཟིགས་ཞིབ་ལ་ཕེབས་པ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་གྱིས་གཟིགས་ཞིབ་ལ་ཕེབས་རོགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་རང་ཁུལ་གྱི་འགྲེམས་སྟོན་ནང་ཞུགས་པའི་བརྗོད་དོན་གཙོ་བོ་ནི་གསར་སྐྲུན་འཕེལ་རྒྱས་དང་གསར་སྦོལ་མཉམ་ལས་ཡིན་པ། རང་ཁུལ་གྱི་འགྲེམས་སྟོན་ནང་ཞུགས་མཁན་གྱི་རྫོང་གཙོ་བོ་བརྒྱད་ཟིལ་རྫོང་གིས་རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་ལྟད་མོ་ལྟ་ན་སྡུག་པ་འཁྲབ་སྟོན་བྱས་ནས་གྲོང་མི་མང་པོ་ཞིག་རང་ཁུལ་གྱི་འགྲེམས་སྟོན་ཁང་དུ་འདུས་ཡོང་བ་རེད།
ཐེངས་འདིར་བརྒྱད་ཟིལ་རྫོང་གིས་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ལས་སྣོན་བྱེད་མཁན་གྱི་ཁེ་ལས་ཁྱོན་བསྡོམས11སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ནང་ཞུགས་ཡོད། འགྲེམས་སྟོན་ཡུལ་དངོས་སུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུད་འཛིན་པ་སྒྲིག་འཛུགས་བྱས་ནས་ལ་གླུ་ལེན་པ་དང་ལག་ཤེས་བཟོ་རྩལ་སོགས་བརྒྱུད་ནས་དཀར་མཛེས་ཁུལ་གྱི་ཉམས་འཚར་སྟོན་པ་རེད།
ཐེངས་འདིའི་འདུ་ཚོགས་ནང་ངོ་སྤྲོད་དང་དྲིལ་བསྒྲགས་བྱས་པར་བརྒྱུད། རང་ཁུལ་གྱི་ཞིང་འབྲོག་གྱི་ཐོན་ཁུངས་ལེགས་ཆ་སྔར་བས་འགྲེམས་སྟོན་ཐུབ་པ་དང་། རང་ཁུལ་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ཆུ་ཚད་དང་ཁེ་ཕན་མཐོར་འདེགས་གཏོང་ཞིང་། ཞིང་འབྲོག་དམངས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་འབྱོར་འབྲིང་འཕེལ་རིམ་ལ་སྐུལ་འདེད་གཏང་རྒྱུ་རེད།།
འཕྲིན་སྟེགས། weikangba