ཁ་པར་ལ་འདི་ལྟར་གློག་བསོགས་ན་ཉེན་ཁ་ཆེ་བས་ཀུན་གྱིས་གཟབ་རོགས།

2019-04-17
347

 དེང་སྐབས་ཚོང་ར་མང་ཆེ་བ་དང་གློག་བརྙན་ཁང་། རླངས་འཁོར་ས་ཚིགས་སོགས་མི་ཚོགས་འདུ་ས་རུ་རིན་མེད་གློག་གསོག་ས་བཙུགས་ཡོད་ལ། གློག་གསོག་ས་དེ་དག་གིས་དམངས་ལ་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག་ཉེན་གནས་ཀྱང་ཞོར་ན་གྲུབ་ཡོད་དེ།

དྲན་སྐུལ་དྲོན་མོ།

ཁ་པར་ལ་གློག་གསོག་སྐབས་དོ་སྣང་བྱ་དགོས་པ་འགའ།

                   1.ཡུལ་གནས་དེ་དག་ནས་ཁ་པར་ལ་གློག་གསོག་སྐབས་དུས་དབང་ཚད་རེ་ཞུ་བྱས་ན་ངེས་པར་འགོག་དགོས། (USBབརྗེ་སྐུད་འདུས་པའི་སྒྲིག་ཆས་ཐམས་ཅད)

                   2. གློག་གསོག་ས་གནས་ལ་ལར་བསྒར་ཁུང་བཙུགས་ཡོད་པས་ཐད་ཀར་རང་ཉིད་ཀྱི་སྐུད་པས་གློག་བསོག་ཆོག

                   3.གློག་གསོག་ས་གནས་ལ་ལརUSBབསྒར་ཁུང་མ་གཏོགས་མེད་པས་གནས་ཚུལ་འདི་རིགས་ལ་ཕྲད་ན་གློག་གསོག་བྱེད་ནུས་ཁོ་ན་མ་གཏོགས་མེད་པའི་སྐུད་པས་གློག་བསོག་དགོས།

                   4.གློག་གསོག་དུས་ཁ་པར་གྱི་སྒྲིག་ཆས་གཞན་རྣམས་ཁ་བརྒྱག་དགོས།

                   5. ཁ་པར་ལ་ངེས་པར་དུག་གསོད་མཉེན་ཆས་ཕབ་ལེན་བྱས་ཏེ་དུས་ངེས་མེད་དུ་དུག་གསོད་བྱ་དགོས།

                   6.མི་ཚོགས་འདུ་སའི་རིན་མེདWIFIབཀོལ་སྤྱོད་བྱེད་དུས་ཁ་པར་སྟེང་ཐོ་འཇུག་གསང་གྲངས་སོགས་མནོན་རི་རུང་།

                   7.རབ་ཡིན་ན་གང་སར་གློག་གསོག་ཆས་བཟུང་སྟེ་སྤྱི་པའི་གློག་གསོག་ས་མི་བཀོལ་བར་གལ།

དེ་མིན་གློག་གསོག་ཤེས་བྱ་འདི་དག་ངེས་པར་དུ་ཤེས་དགོས།

                   1.འཕུར་སྐྱོད་རྣམ་པར་ཁ་ཕྱེ་དགོས།

                   2.ལན་ཡ་དངGPSསྒོ་བརྒྱག་དགོས།

                   3. USBབེད་སྤྱོད་མི་བྱེད་པར་ཞུ།

                   4.ཐོག་མའི་གློག་གསོག་ཆས་ཀྱིས་གློག་བསོག་དགོས།

                   5.གློག་གསོག་སྒོ་གཙང་སེལ་བྱ་དགོས།

                   མི་དེ་ལས་མང་བོ་གཡོ་འོག་ཏུ་མི་ཚུད་པའི་ཆེད་ཚང་མས་བརྒྱུད་སྐུར་བྱོས།


  • 顶