2022ལོའི་ནོར་སྦེལ་རྩོམ་རིག་བྱ་དགའ་བསྒྲགས་པ།

2022-10-08
401
སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོའི་ས་གནས་དུས་ཚོད་ཀྱི2022ལོའི་ཟླ10ཚེས6ཉིན་གྱི་ཆུ་ཚོད13:00(པེ་ཅིན་གྱི་དུས་ཚོད་ཆུ་ཚོད19:00)སྟེང་སུའེ་ཏེན་སློབ་གླིང་གིས2022ལོའི་ལོ་འཁོར་གྱི་ནོར་བྷེལ་རྩོམ་རིག་བྱ་དགའ་དེ་ཧྥ་རན་སེའི་རྩོམ་པ་པོ་ཨན་ཉི·ཨོར་ནུའོ་ལ་སྤྲད་པ་རེད།
        ཨན་ཉི·ཨེའར་ནུའོ(1940ལོར་སྐྱེས།)ནི་ཧྥ་རན་སིའི་དེང་རབས་བུད་མེད་རྩོམ་པ་པོ་གྲགས་ཅན་ཡིན་ལ། ཧྥ་རན་སིའི་མཚོ་འགྲམ་སའེ་ན་ཞིང་ཆེན་གྱི་ལི་ལེ་པོ་ན་རུ་སྐྱེས་པ་དང་། ནུའོ་མན་ཏིའི་གྲོང་ཁྱེར་ཆུང་ངུ་དབྱི་ཝོ་ཐུའོ་རུ་བྱིས་དུས་ཀྱི་འཚོ་བ་བསྐྱལ། ཁོ་མོས་དང་ཐོག་སློབ་འབྲིང་དུ་དགེ་རྒན་བྱས་ཤིང་། དེ་རྗེས་ཧྥ་རན་སེའི་རྒྱང་ཁྲིད་སློབ་གསོའི་ལྟེ་གནས་སུ་ལས་ཀ་བྱས་ལ། ལས་འཁྱུར་ངལ་གསོ་བྱས་རྗེས་མུ་མཐུད་རྩོམ་འབྲི་བཞིན་ཡོད། ཨེར་ནུའོ་ཡིས1974ལོ་ནས་བཟུང་གསར་རྩོམ་བྱས་པ་ནས་ད་བར་དུ་བརྩམས་ཆོས་བཅོ་ལྔ་ཙམ་པར་སྐྲུན་བྱས་ཡོད།


  • 顶 0