
སྨིན་དྲུག·བོད་ཀྱི་བོད་ཀྱི་ན་གཞོན་སྙན་ངག་དཔེ་ཚོགས་ཞེས་པ་ནི་སྦྲང་ཆར་རྩོམ་སྒྲིག་ཁང་གིས་ཇུས་འགོད་བྱས་ཤིང་། དུས་ཡུན་ལོ་ངོ་གཅིག་ཙམ་གྱི་རིང་ལ་པར་ཞུ་རྩོམ་སྒྲིག་གི་ལས་རིམ་མ་ནོར་བ་བརྒྱུད་ད་ལྟ་དངོས་སུ་པར་སྐྲུན་འགྲེམས་སྤེལ་གྱི་སྐལ་བར་མངོན་པར་ཤར་པ་ལགས། དཔེ་ཚོགས་འདིར་ཁ་བ་དཀར་པོའི་ཨེ་ཤེ་ཡའི་ཆུ་དང་ལྡོང་བུའི་རྣམ་རྟོག་གི་མཁར་རྫོང་། སྒྲེན་པོའི་ཚིག་གི་ལྡ་ལྡི་མར་ཁུ་རྒྱལ་མཚན་གྱི་ཁྱོད་མ་སད་པའི་སྔ་རོལ་ཏུ་ནག་པོའི་ལྦུ་བ་སོབ་སོབ། རུས་པའི་རྡོ་ལས་བཞད་པའི་ལྷ་ས་བཅས་སྙན་དེབ་དྲུག་བདམས་ཡོད། གོང་དག་ནི་རྩོམ་པ་པོའི་ངོས་ཐད་ནས་བཤད་ན་དུས་རབས་ཉི་ཤུ་པའི་ཚུན་དུ་བོད་ཀྱི་སྙན་ངག་གི་རྒྱ་ཁྱོན་དུ་རང་ས་ཐར་གྱིས་ཟིན་པ་ཅན་རྐྱང་རྐྱང་ཡིན་ངེས་ཤིང་། སྨྱུག་གུའི་འདུ་བྱེད་ཡེ་ནས་མ་ལྷོད་པར་སྙན་ངག་གསར་རྩོམ་གྱི་སོ་ན་གནས་པ་ཅན་ཏག་ཏག་རེད་ཅེས་ཀྱང་སྨྲ་བར་སྤོབས། ལྷག་པར་དུ་སྙན་ངག་བརྩམས་ཆོས་ཀྱི་ངོས་ཐད་ནས་བཤད་ནའང་། ཁ་བ་དཀར་པོའི་ཕ་ཡུལ་གྱི་དྲན་གདུང་དང་ལྡོང་བུའི་སྒྱུ་འཕྲུལ་གྱི་རྩེད་མཚར། སྒྲེན་པོའི་ཚིག་སྦྱོར་གྱི་གྲིམ་ལྷོད། མར་ཁུ་རྒྱལ་མཚན་གྱི་ཟོལ་མེད་ཀྱི་བརྩེ་སེམས། ནག་པོའི་བརྗོད་དོན་གྱི་གཡེར་བག རུས་པའི་སེམས་ཁོང་གི་ན་ཟུག་བཅས་ནི་ཀློག་པ་པོ་རྣམ་པས་ནན་ཏུར་གྱིས་བཀླག་རིན་ཡོད་པར་མཐོང་བ་དང་ཆབས་ཅིག འདིས་ཀྱང་དུས་རབས་གསར་བའི་བོད་ཀྱི་ན་གཞོན་སྙན་ངག་པའི་ཁྱད་ཆོས་འབའ་ཞིག་དཀྱུས་གཅིག་ཏུ་མཚོན་ཐུབ་པའི་ཡིད་ཆེས་མི་དམན་པ་ཡོད་དོ།།
འཕྲིན་སྟེགས། weikangba