ལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ནི་བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན། ཁོང་གིས་མིའི་རིགས་ལ་ངོ་མཚར་ཆེ་ཞིང་ཡིད་དབང་འགུགས་པའི་སྙན་ངག་གི་བརྩམས་ཆོས་མང་པོ་བཞག་ཡོད། ༡༩༣༠ལོར་སྐུ་ཞབས་ཡོའུ་ཏོ་ཆོན་ལགས་ཀྱིས་ཚངས་མགུར་རྒྱ་ཡིག་ཏུ་བསྒྱུར་རྗེས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དོ་སྣང་ཆེན་པོ་བྱས་ཏེ། གློག་བརྙན་དང་རྩོམ་རིག སྒྱུ་རྩལ། ལྗོངས་རྒྱུ་སོགས་ཀྱི་ཕྱོགས་མང་པོར་ཚངས་མགུར་གྱིས་ཤུགས་རྐྱེན་ཆེན་པོ་ཐོབ་ཡོད་དེ། དཔེར་ན། རང་རྒྱལ་གྱི་དཔེ་ཁང་སོ་སོའི་ནང་དུའང་ཚངས་མགུར་སྐོར་གྱི་དཔེ་དེབ་ཀྱིས་ཁེངས་འདུག་པ་དང་། ཚངས་མགུར་ཡིག་རིགས་གཞན་ཏུ་སྒྱུར་མཁན་ཉིན་རེ་ནས་ཉེན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། ཚིག་དོན་གཉིས་ཀྱི་ཆ་ནས་ཡག་པོ་ཞིག་བསྒྱུར་ཐུབ་མཁན་ཧ་ཅང་ཉུང་།
དེ་རིང་དགའ་འོས་པ་ཞིག་ལ། བོད་ཀྱི་སྙན་ངག་པ་ཁྲི་གོང་ཨོ་རྒྱན་ཚེ་རིང་ལགས་ཀྱིས་གསར་དུ་བསྒྱུར་པའི་ཚངས་མགུར་རྒྱ་འགྱུར་མ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཞེས་པ་དངོས་སུ་འགྲེམས་སྤེལ་བྱས་འདུག ཁྱེད་ཀྱིས་དཔེ་དེབ་འདི་བརྒྱུད་ནས་སྔོན་ཆད་གྱི་འགྱུར་མ་དེ་དག་ལས་མཐོང་མ་མྱོང་པའི་གསང་བ་སྣ་ཚོགས་མཐོང་ཐུབ་པ་མ་ཟད། ཚངས་དབྱངས་རྒྱ་མཚོའི་ཐུགས་དགོངས་ལས་སོ་སོའི་བསམ་བློར་མཐུན་པའི་ལས་སྐལ་གྱི་མེ་ཏོག་ཅི་དགར་བཏུས་ཆོག
དེ་རིང་དགའ་འོས་པ་ཞིག་ལ། བོད་ཀྱི་སྙན་ངག་པ་ཁྲི་གོང་ཨོ་རྒྱན་ཚེ་རིང་ལགས་ཀྱིས་གསར་དུ་བསྒྱུར་པའི་ཚངས་མགུར་རྒྱ་འགྱུར་མ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཞེས་པ་དངོས་སུ་འགྲེམས་སྤེལ་བྱས་འདུག ཁྱེད་ཀྱིས་དཔེ་དེབ་འདི་བརྒྱུད་ནས་སྔོན་ཆད་གྱི་འགྱུར་མ་དེ་དག་ལས་མཐོང་མ་མྱོང་པའི་གསང་བ་སྣ་ཚོགས་མཐོང་ཐུབ་པ་མ་ཟད། ཚངས་དབྱངས་རྒྱ་མཚོའི་ཐུགས་དགོངས་ལས་སོ་སོའི་བསམ་བློར་མཐུན་པའི་ལས་སྐལ་གྱི་མེ་ཏོག་ཅི་དགར་བཏུས་ཆོག
སྤྱིར་སྙན་ངག་ཡག་པོ་ཞིག་འབྲི་བ་ནི་ལས་སླ་མོ་ཞིག་མ་ཡིན་པ་དང་། སྙན་ངག་ཞིག་གི་ཚིག་གི་ཉམས་འགྱུར་དང་ནང་དོན་སོགས་ཇི་མ་ཇི་བཞིན་ཡག་པོ་ཚུར་བསྒྱུར་རྒྱུ་དེའང་དེ་བས་ཀྱང་དཀའ་ཁག་ཆེན་པོ་ཡོད་པ་ཚང་མས་ཤེས་གསལ་རེད། སྔོན་གྱི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་འགྱུར་མང་ཆེ་བ་རུ་ཚིག་ངོས་ཀྱི་ནང་དོན་ཙམ་ལས་བསྒྱུར་ཐུབ་མེད། དེའི་ཕྱིར། སྐུ་ཞབས་ཁྲི་གོང་ལགས་ཀྱིས་ཚངས་མགུར་ཡག་པོ་ཞིག་བསྒྱུར་ཆེད་སྔ་རྗེས་སུ་འགྱུར་སོ་སོའི་བར་གྱི་ཁྱད་པར་དང་དགེ་མཚན་སོགས་ལ་བརྟག་དཔྱད་གང་ལེགས་བཏང་ཐོག འབྲེལ་ཡོད་ཀྱི་ལོ་རྒྱུས་རྒྱུ་ཆ་འཚོལ་བསྡུ་བྱས་ནས་འདས་ཟིན་པའི་ལོ་རྒྱུས་ལ་ལྟ་ཞིབ་བྱས་པའི་རྨང་གཞིའི་སྟེང་། ཁོང་གིས་རང་ནུས་ཡོད་ཚད་བཏོན་ནས། ཚངས་མགུར་གྱི་ཚིག་དོན་གཉིས་ཀྱི་ཆ་གཙོར་བཟུང་ནས་བསྒྱུར་ཡོད་པ་མ་ཟད། ད་དུང་སྐབས་རེར་འགྲེལ་བཤད་དང་ཟུར་མཆན་བཀོད་པ་ལ་བརྟེན་ནས་ཚངས་མགུར་གྱི་ནང་དོན་མཐའ་དག་བསྒྱུར་ཅི་ཐབས་བྱས་ཡོད། རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཞེས་པའི་ཚངས་མགུར་གྱི་འགྱུར་འདི་ནི་ད་ལྟའི་བར་བསྒྱུར་བའི་ཚངས་མགུར་གྱི་འགྱུར་སྣ་ཚོགས་ཁྲོད་ཆེས་ལེགས་པའི་འགྱུར་ཞིག་ཡིན་ཞེས་བཤད་ཆོག་ཆོག་ཡིན།
སྤྲིན་པ་ཁ་སེར་གཏིང་ནག།
སད་དང་སེར་བའི་གཞི་མ།།
བན་དེ་སྐྱ་མིན་སེར་མིན།།
སངས་རྒྱས་བསྟན་པའི་དགྲ་བོ།།
黑心云在我的空间
每一缕阳光
是日月恩赐的光环
不知在你的门前
是否还有这样的奢侈
和祥云的护卫
听说黄边黑心的云彩
是霜雹的成因
不知你的空间
是否尚有非僧非俗的和尚
在我的门前
他们已被认为是佛教的敌人
无论怎样
我把你的生日
作为我的星期天
在布宫在大昭寺
为你为众生
祈福和平祈福幸福
如果你是终点
我愿做一颗星星
划入你的夜空
ས་བཅུའི་དབྱིངས་སུ་བཞུགས་པའི།།
དམ་ཅན་རྡོ་རྗེ་ཆོས་སྐྱོང་།།
མཐུ་དང་ནུས་པ་ཡོད་ན།།
བསྟན་པའི་དགྲ་བོ་སྐྲོད་དང་།།
丹坚多杰物巴
丹坚多杰勒巴①
如果你的威力定格在桑耶
我以阳光晒干涛声
雪花绽放梦想
时间像溪流
像空气又像天空
时刻在我的身边划过
如果你真有那么大的威力
我想借用你的金刚杵
截流时间与你永恒
静住十地②与你对话
不知是哪位过客
在拉萨写满了你的誓言
还是为了你的承诺
为了那位过客
在十地法界
折断时空驱走佛魔吧
你像溪流梦里说话
你像时间夜里开花
注:
① 坚多杰勒巴是宁玛派护法神之一,也称具誓护法。
②十地在佛经里指圣人的得道等级。
ཁུ་བྱུག་མོན་ནས་ཡོང་བས།།
ནམ་ཟླའི་ས་བཅུད་འཕེལ་སོང་།།
ང་དང་བྱམས་པ་འཕྲད་ནས།།
ལུས་སེམས་ལྷོད་པོར་ལངས་སོང་།།
门隅杜鹃
那年
你的一句话
融化了整个冬天
大地像襁褓里的婴儿
哇哇滋萌
于是杜鹃从门隅飞来
带来了春的气息
微风在你的脚印里
吹拂檐下细雨
就是那年
因为你的一句话
拉萨刻满了六字真言
与你见面
就像你在春天里
扎着辫子穿着绸袍
在花丛中翩翩起舞
让我身心愉快
འཕྲིན་སྟེགས། weikangba