
༡༩༩༢ལོའི་ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་བློ་མཐུན་ཅང་ཙེ་རྨིན་གྱིས་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་སྙན་སྒྲོན་གནང་སྐབས་ཀྱི་སྐུ་པར་ཡིན།
༡༩༩༣ལོའི་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། བློ་མཐུན་ཅང་ཙེ་རྨིན་གྱིས་པེ་ཅིན་གྱི་བུ་བཅོལ་ཁང་གི་བྱིས་པ་ཞིག་ལ་ཀླད་རྡུངས་ཁྲ་བོའི་གཉན་ཚད་ཀྱི་རིམས་འགོག་སྨན་གནང་རྗེས་གྲོགས་པོ་ཆུང་ཆུང་དེས་སྤོ་བོ་ཅང་ལགས་ལ་འོ་བྱེད་བཞིན་པ།
༡༩༩༧ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་དབུ་བརྙེས་པའི་རྟེན་འབྲེལ་མཛད་སྒོ་ཞང་ཀང་ཚོགས་འགྲེམས་ལྟེ་གནས་ཀྱི་ཤིན་དབྱི་རུ་འཚོགས་ཤིང་། འདི་ནི་རྟེན་འབྲེལ་མཛད་སྒོའི་ཐོག་བློ་མཐུན་ཅང་ཙེ་རྨིན་གྱི་ཕྱག་བྲིས་ཕྱག་བསྟར་མ་ཞང་ཀང་གི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་ཞེས་པའི་ཡིག་གཟུགས་ཤོག་སྒྲིལ་སྟོན་བཞིན་པ།
༡༩༩༧ལོའི་ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་བློ་མཐུན་ཅང་ཙེ་རྨིན་གྱིས་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་སྙན་སྒྲོན་གནང་སྐབས་ཀྱི་སྐུ་པར་ཡིན།
༡༩༩༨ལོའི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་དང་བཅུ་བཞི་ཉིན། བློ་མཐུན་ཅང་ཙེ་རྨིན་སྐུ་དངོས་སུ་ཧུའུ་པེ་འབྲི་ཆུའི་འབྲུབ་འགོག་ཉེན་སེལ་གྱི་འཐབ་ས་དང་པོར་ཕེབས་ཏེ། འབྲུབ་འགོག་ཉེན་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་དམག་དམངས་ལ་གཟིགས་ཞིབ་འཚམས་འདྲི་དང་སྐུལ་ལྕག་གནང་བར་མ་ཟད། འབྲུབ་འགོག་ཉེན་སེལ་གྱི་འཐབ་རྩོད་ལ་མཛུབ་ཁྲིད་ཀྱང་གནང་། འདི་ནི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན། བློ་མཐུན་ཅང་ཙེ་རྨིན་གྱིས་ཧུང་ཧུའུ་གྲོང་ཁྱེར་ཨུའུ་ལིན་གྲོང་རྡལ་ཀྲུང་ཧྲ་ཅའོ་ཡི་ཉེན་ཁུལ་ཆུ་རགས་ཆེན་པོའི་སྟེང་ནས་འབྲུབ་འགོག་ཉེན་སེལ་བྱེད་བཞིན་པའི་དམག་དམངས་ཚོར་གསུང་བཤད་གནང་སྐབས་ཀྱི་སྐུ་པར་ཡིན།
༡༩༩༩ལོའི་ཟླ་བཅུ་པའི་ཚེས་གཅིག་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་རྟེན་འབྲེལ་གྱི་མཛད་སྒོ་ཆེ་མོ་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འཚོགས་ཤིང་། འདི་ནི་བློ་མཐུན་ཅང་ཙེ་རྨིན་གྱིས་མི་དམངས་བཅིངས་འགྲོལ་དམག་གི་སྐམ་མཚོ་མཁའ་བཅས་དམག་གསུམ་དང་། མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེ། ཡུལ་དམག་གི་གྲ་སྒྲིག་དམག་ཞབས་དཔུང་སྡེ་བཅས་ལས་གྲུབ་པའི་ས་ངོས་རུ་སྟར་གྲུ་བཞིར་གཟིགས་ཞིབ་གནང་སྐབས་ཀྱི་སྐུ་པར་ཡིན།
༢༠༠༠ལོའི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། བློ་མཐུན་ཅང་ཙེ་རྨིན་གྱིས་ཀོང་ཏུང་ཞིང་ཆེན་ཀའོ་ཀྲོའུ་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པའི་སྣང་ཆེན་གསུམ་གྱི་སློབ་གསོའི་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཐེངས་དེར་ཀོང་ཏུང་དུ་རྟོག་ཞིབ་གནང་རིང་། བློ་མཐུན་ཅང་ཙེ་རྨིན་གྱིས་རང་རེའི་ཏང་གིས་སྔ་བར་ཕྱི་གསུམ་དུ་ཀྲུང་གོའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་བླང་བྱ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས། ཀྲུང་གོའི་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་ཀྱི་ཚབ་མཚོན་བྱེད་ཀྱིན་ཡོད་ཅེས་བཏོན་གནང་བ་རེད།
༢༠༠༠ལོའི་ཟླ་དགུ་པའི་ཚེས་བདུན་ཉིན། ཀྲུང་གོས་གྲོས་འགོ་བཏོན་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ལྔའི་གཙོ་བདག་གི་ཚོགས་འདུ་ཉིའུ་གཡོད་དུ་འཚོགས་ཤིང་། འདི་ནི་བློ་མཐུན་ཅང་ཙེ་རྨིན༼དཀྱིལ༽གྱིས་ཧྥ་རན་སེའི་ཙུང་ཐུང་ཤིས་ལ་ཁེ༼གཡས་ཀྱི་གཉིས་པ༽དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང༼གཡས་ཀྱི་དང་པོ༽དབྱིན་ཇིའི་དབུ་བཞུགས་བློན་ཆེན་པུ་ལེར༼གཡོན་གྱི་དང་པོ༽ཨ་རིའི་ཙུང་ཐུང་ཁོ་ལིན་ཏུན༼གཡོན་གྱི་གཉིས་པ༽བཅས་ལ་ཕྱག་འཇུ་གནང་ནས་མཉམ་དུ་བསྐྱོན་པའི་སྐུ་པར་ཡིན།
༢༠༠༡ལོའི་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན།པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་དབུ་བརྙེས་པའི་ཚོགས་ཆེན་ཧའེ་ནན་དུ་འཚོགས་ཤིང་།བློ་མཐུན་ཅང་ཙེ་རྨིན་དབུ་བརྙེས་པའི་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་ཤིས་ཚིག་གསུང་བཞིན་པ།
༢༠༠༡ལོའི་ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་དགུ་པ་དེ་ཧྲང་ཧའེ་རུ་འཚོགས་ཤིང་། འདི་ནི་བློ་མཐུན་ཅང་ཙེ་རྨིན་དང་ཚོགས་འདུར་ཞུགས་མཁན་དཔལ་འབྱོར་སྒྲིག་གཞིའི་འགོ་ཁྲིད་མི་སྣ་མཉམ་དུ་བསྐྱོན་པའི་ལྷན་བཞུགས་སྐུ་པར་ཡིན། །
༢༠༠༢ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། བློ་མཐུན་ཅང་ཙེ་རྨིན་དང་བློ་མཐུན་ཧུའུ་ཅིན་ཐའོ་རྣམ་གཉིས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་ཚོགས་ཆེན་བཅུ་དྲུག་པའི་འཐུས་མི་དང་། ཆེད་མངགས་གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་བྱམས་བརྩེའི་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་སྐབས་ཀྱི་སྐུ་པར།
༢༠༡༩ལོའི་ཟླ་བཅུ་པའི་ཚེས་གཅིག་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་བློ་མཐུན་ཞི་ཅིན་ཕིང་དང་། བློ་མཐུན་ཅང་ཙེ་རྨིན། བློ་མཐུན་ཧུའུ་ཅིན་ཐའོ་སོགས་མཉམ་ཞུགས་ཀྱི་སྐུ་པར་ཡིན།
འཕྲིན་སྟེགས། weikangba