
ད་ལོའི་སྲིད་གཞུང་ལས་ཀའི་སྙན་ཞུའི་ནང་། 2019ལོ་ནས་བཟུང་། རྒྱལ་ཡོངས་སུ་ཞིང་སྡེའི་དབུལ་ཕོངས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཅིག་ཁྲི་དགུ་ཇེ་ཉུང་སོང་ཡོད། དབུལ་ཕོངས་བྱུང་ཚད་བརྒྱ་ཆའི་ཐིག་ཚེག་དྲུག་མར་ཆག་ཡོད། དབུལ་བྲལ་འགག་སྒྲོལ་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ལ། སི་ཁྲོན་བོད་ཁུལ་གྱི་དབུལ་ཕོངས་རྫོང་32ཕྱོགས་ཡོངས་ནས་དབུལ་ཞྭ་ཕུད་པ་མངོན་འགྱུར་བྱུང་བས། མཚོན་བྱེད་རང་བཞིན་གྱི་དོན་སྙིང་ལྡན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། སི་ཁྲོན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་རྒྱ་མཚོ་ལགས་ཀྱི་སི་ཁྲོན་བོད་ཁུལ་གྱི་དབུལ་བྲལ་འགག་སྒྲོལ་ལ་ཕན་འབྲས་ཡག་པོ་ཐོན་ཡོད་ཟེར། 今年《政府工作报告》中提到,2019年以来,全国农村贫困人口减少1109万,贫困发生率降至0.6%,脱贫攻坚取得决定性成就。四川藏区32个贫困县全部实现脱贫摘帽,具有标志性意义。全国人大代表、四川省人民政府副秘书长、四川省扶贫开发局局长降初,用“成色足”一词形容了四川藏区在脱贫攻坚工作中取得的成效。 རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། དབུལ་བྲལ་གྱི་གྲུབ་འབྲས་ཇེ་བརྟན་གཏོང་ཆེད། རྒྱ་མཚོ་ལགས་ཀྱིས་བརྟན་པོར་རྒྱུན་འཁྱོངས་དང་། ལྟ་སྐུལ་ཚད་ལེན། ཡོང་འབབ་རྒྱུན་འཕར་སོགས་ཕྱོགས་གསུམ་ནས་འབད་པ་བྱེད་དགོས་ཞེས་བསྟན་པ་དང་། ནད་ཡམས་ཀྱི་ཤུགས་རྐྱེན་ལ་དམིགས་ནས་ཁོང་གིས་ཐོག་མར་འབབ་འཕར་གྱི་བྱ་ཐབས་དོན་འཁྱོལ་འབྱུང་དགོས་ཤིང་། མང་ཚོགས་ཀྱི་ལས་ཞུགས་དང་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག ཕྱོགས་བསྡུས་རང་བཞིན་གྱི་འགན་སྲུང་བཅས་མངོན་འགྱུར་འབྱུང་དགོས་ལ། བྱ་ཐབས་འདི་དག་ངེས་པར་དུ་ལག་ལེན་དམ་ཟབ་བྱེད་དགོས་པ་དང་། བོད་ཁུལ་ལ་མཚོན་ན་ནམ་ཟླའི་དབང་གིས། ལས་གཞི་འགོ་ཚུགས་དང་ལས་ཚད་ལྟོས་བཅས་ཀྱིས་དལ་བས། ནད་ཡམས་འགོག་བཅོས་ནུས་ལྡན་དང་ལས་གཞིའི་ལས་འགོ་འཛུགས་རྒྱུ་གལ་ཆེན་དུ་གྱུར་འདུག དེ་མ་ཟད། བོད་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མི་སྣ་དང་མང་ཚོགས་ཀྱིས་རྒྱུན་རྣམ་རང་བཞིན་གྱི་ནད་ཡམས་འགོག་རྒོལ་སྐབས་སུ། ནམ་ཡིན་ཡང་བློ་རིག་སྒྲིམ་དགོས་ལ། དབུལ་བྲལ་འགག་སྒྲོལ་གྱི་མཐའ་མའི་དུས་སུ་ལྷོད་ཡེངས་གཏན་ནས་བྱེད་མི་ཉན་ཟེར། མ་འོངས་པར་བོད་ཁུལ་ནས་དབུལ་ཕོངས་ཉུང་འཕྲི་ཡིས་ལས་ཀའི་ཕྱོགས་ལ་རྒྱ་མཚོ་ལགས་ཀྱིས། དབུལ་ཕོངས་དབུལ་ནག་དང་ལྟོས་བཅས་དབུལ་ཕོངས་ཀྱི་ཐ་སྙད་གཉིས་གསུངས་ཤིང་། ཁ་གསལ་པོའི་སྒོ་ནས་དབུལ་ཕོངས་དབུལ་ནག་གི་གནད་དོན་ཐག་བཅད་རྗེས་དབུལ་ཕོངས་ཐག་བཅད་ཚར་བར་འདོད་མི་ཉན་ལ། ལྟོས་བཅས་དབུལ་ཕོངས་ད་དུང་དུས་ཡུན་རིང་པོའི་ནང་གནས་རྒྱུ་རེད། ང་ཚོས་དབུལ་ཕོངས་དབུལ་ནག་ཐག་གཅོད་བྱས་རྗེས། ལྟོས་བཅས་དབུལ་ཕོངས་ཐག་གཅོད་བྱ་རྒྱའི་ལས་འགན་ཡང་ལས་སླ་མོ་མིན་པས། བློ་བདེ་བག་ཕེབས་བྱས་ནས་འདུག་མི་ཉན་ཟེར། ད་ལོའི་སྲིད་གཞུང་ལས་ཀའི་སྙན་ཞུའི་ནང་། མུ་མཐུད་དུ་དབུལ་བྲལ་དང་གྲོང་གསེབ་དར་རྒྱས་ནུས་ལྡན་སྦྲེལ་མཐུད་བྱས་ནས། ཤུགས་ཡོངས་ཀྱིས་དབུལ་བྲལ་མང་ཚོགས་འབྱོར་ཕྱུག་ཅན་ལ་བསྐྱོད་དགོས་ཟེར། སྐད་ཆ་འདི་ལས་ད་ལྟ་དབུལ་ཕོངས་དབུལ་ནག་ཐག་གཅོད་བྱས་པའི་མང་ཚོགས་ཚོར་བློ་འཁེན་ས་ཞིག་གནང་བ་དང་། ནུབ་རྒྱུད་བོད་ཁུལ་གྱི་དབུལ་ཕོངས་ཉུང་འཕྲི་ཡི་ལས་ཀར་སེམས་ཤུགས་བསྩལ་བ་རེད།
འཕྲིན་སྟེགས། weikangba