2019ལོའི་དཔྱིད་གསར་དང་བོད་ཀྱི་ལོ་སར་ཐོན་ལ་ཉེ་བའི་དུས་འདིར། རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་དང་བོད་ཁུལ་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྐོང་ཆེད། སི་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་གཞུང་ལས་ཁང་། ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཉི་འོད་བྱ་བཞག་སྐུལ་སྤེལ་ལྷན་ཚོགས་བཅས་ཀྱིས་མཛུབ་སྟོན་འོག ཁྲེང་ཏུའུ་རྔ་བ་ཁུལ་ཚོང་པའི་མཐུན་ཚོགས་དང་ཁམས་པའི་བརྙན་འཕྲིན་ཁང་། སི་ཁྲོན་ཞིང་ཆེན་དབུལ་སྐྱོར་ཐེབས་རྩ་ཚོགས་པས་གཙོ་སྒྲུབ་བྱས་པའི་“འབྲེལ་གཉིས་གཅིག་སྐྱོད”ལོ་སར་དྲོད་ཁོལ་སྐྱེལ་བའི་མུ་འབྲེལ་འཚམས་འདྲིའི་འཁྲབ་སྟོན་གཞི་རིམ་དུ་སྤེལ་རྒྱུ་ཡིན་ལ། དཔྱིད་གསར་དང་བོད་ཀྱི་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་མང་ཚོགས་ཀྱི་ཁྲོད་དུ་སྐྱེལ་རྒྱུ་རེད།
ལོ་སར་གྱི་དགའ་སྟོན་རོལ་བ་དང་དུས་མཉམ་དུ། ང་ཚོས་ལྷག་བསམ་རྣམ་དག་གིས་སྐུ་ཉིད་ལ་བཀྲ་ཤིས་སྨོན་ཚིག་ཞུས་ཤིང་། ངོ་མཚར་གྱི་ལྟད་མོ་གྱ་ནོམ་པ་ཞིག་གྲ་སྒྲིག་བྱས་ནས་ཁྱེད་དང་མཉམ་དུ་དུས་ཆེན་རོལ་རྒྱུ་ཡིན།
འཚམས་འདྲིའི་འཁྲབ་སྟོན་དེ་2019ལོའི་ཟླ་2པའི་ཚེས་4ཉིན་ཏེ་ལོ་སར་གནམ་གང་ཉིན་ལ་རྔ་བ་རྫོང་དང་2019ལོའི་ཟླ་2པའི་ཚེས་5ཉིན་ཏེ་ལོ་སར་ཚེས་གཅིག་ཉིན་ལ་མཛོད་དགེ་རྫོང་། 2019ལོའི་ཟླ་2པའི་ཚེས་6ཉིན་ཏེ་ལོ་སར་ཚེས་པ་གཉིས་ཉིན་ལ་ཁྱུང་མཆུ་རྫོང་། 2019ལོའི་ཟླ་2པའི་ཚེས་7ཉིན་ཏེ་ལོ་སར་ཚེས་གསུམ་ཉིན་ལི་རྫོང་། 2019ལོའི་ཟླ་2པའི་ཚེས་8ཉིན་ཏེ་ལོ་སར་ཚེས་པ་བཞི་ཉིན་ལ་ཝུན་ཁྲོན་རྫོང་ནས་སྤེལ་རྒྱུ་རེད། ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་བཅའ་སྡོད་དཔུང་སྡེའི་དཔོན་དམག རྒན་གསོ་ཁང་། “རྒན་གསུམ་མི་སྣ།” ཐོ་འགོད་པའི་དབུལ་ཕོངས་ཁྱིམ་ཚང་། སློབ་གྲྭ ལོ་གསར་གྱི་ལས་རེས་ལས་བྱེད་མི་སྣ་སོགས་ལ་དུས་ཚོད་གཅིག་དང་ཕྱེད་ཀ་ཡས་མས་ཀྱི་འཁྲབ་སྟོན་བྱེད་རྒྱུ་ཡིན་ལ། འཁྲབ་ཚན་གྱི་ཆ་ནས་བྲོ་གར་དང་རྐྱང་ལེན། ཁྱད་ལྡན་བཞད་གར། ཆཱང་རིགས་གླུ་གར་སོགས་མང་པོ་བཀོད་སྒྲིག་བྱས་ཡོད།
སྦྲེལ་ཐག་ https://file205966caaa75.aiwall.com/v3/idea/vxdAjPcZམནན་ན་ཐད་གཏོང་ལ་གཟིགས་ཐུབ།
ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ནས་ཐད་གཏོང་ལ་གཟིགས་རོགས།
འཕྲིན་སྟེགས། weikangba