
ལོ་རེའི་ཚོགས་ཆེན་གཉིས་ཀྱི་ཐོག རིག་གནས་དར་སྤེལ་གཏོང་བ་ནི་མི་རྣམས་ཀྱིས་དོ་སྣང་བྱ་ཡུལ་གཙོ་བོར་གྱུར་ཡོད། ད་ལོའི་ཚོགས་ཆེན་གཉིས་ཀྱི་སྲིད་གཞུང་ལས་ཀའི་སྙན་ཞུའི་ནང་དུའང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་སྐོར་བཀོད་ཡོད། ཕུལ་དུ་བྱུང་བའི་མི་རིགས་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པས། རིག་གནས་སྔར་བས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་ཇི་ལྟར་གཏོང་བ་ནི་ནམ་ཡང་བརྗོད་གཞི་གསར་པ་ཞིག་རེད། བོད་རང་སྐྱོང་ལྗོངས་ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། མིང་དུ་གྲགས་པའི་ལྷ་རིས་པ་ནོར་བུ་སྲི་ཐར་དང་། ཡུན་ནན་ཞིང་ཆེན་ནས་ཐོན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། མིང་དུ་གྲགས་པའི་གླུ་མ་འཛོམ་གཡང་སྒྲོལ་མ། དེ་མིན་ཕ་ཡུལ་ལིའང་ཧྲན་ནས་ཡིན་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། མིང་དུ་གྲགས་པའི་སྙན་ངག་པ་ཅིས་ཏིས་མཱ་ཅ་ལགས་ཉེ་སྔོན་ཚོགས་ཆེན་གཉིས་ཀྱི་དྲྭ་ཐོག་བཅར་འདྲི་ཁང་དུ་གདན་དྲངས་ནས་ རིག་གནས་ཕྱི་ཕྱོགས་སུ་ཁྱབ་གདལ་ཇི་ལྟར་གཏོང་བའི་སྐོར་བགྲོ་གླེང་བྱས་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ནོར་བུ་སྲི་ཐར།

བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གི་འགོ་འཛིན་ནོར་བུ་སྲི་ཐར་ལགས་ཀྱིས་ཐང་ཀ་ཁྱེར་ནས་རྒྱལ་ཁབ་མང་པོ་ཞིག་ལ་སྤེལ་རེས་སློབ་སྦྱོང་བྱེད་དུ་ཕེབས་མྱོང་ལ། དེ་མིན་ད་དུང་ཐང་ཀ་ཕྱིའི་རྒྱལ་ཁབ་ལ་བསྐུར་ནས་འགྲེམ་སྟོན་བྱས་མྱོང་། བརྒྱུད་རིམ་འདིའི་ཁྲོད་ནས་ཁོས་ལྟ་མཁན་མང་པོ་ཞིག་ཐང་གར་ཆ་རྒྱུས་མེད་པ་ཚོར་ཞིང་། ཁོས་བཤད་རྒྱུར། ཐང་ག་ཉར་ཚགས་མཁན་དང་ཡང་ན་ཐང་གའི་ཚོང་ལས་གཉེར་མཁན་ལ་མཚོན་ན་ཐང་གའི་སྐོར་ལ་ཆ་རྒྱུས་ཅུང་ཡོད་པས་ལས། མི་མང་པོ་ཞིག་གིས་ཐང་ག་ཟེར་བ་དེ་ཧ་གོ་བཞིན་མི་འདུག་ཟེར།
དེ་བས་བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ཐང་གའི་སྒྱུ་རྩལ་གོ་གནས་ཀྱི་གནད་དོན་ཅེས་པའི་གྲོས་གཞིའི་ཁྲོད་དུ། ནོར་བུ་སྲི་ཐར་གྱིས་ཐང་ག་རྒྱལ་ཡོངས་ཀྱི་མཛེས་རྩལ་འགྲེམ་ཚོགས་སུ་འཇོག་དགོས་པའི་བསམ་འཆར་བཏོན་འདུག་ལ། གཅིག་ནས་ཐང་ག་སྒྱུ་རྩལ་བརྩམས་ཆོས་འགྲན་སྡུར་ལ་ཞུགས་པའི་སྐབས་སུ། ཐོ་འགོད་རེའུ་མིག་ཁྲོད་ནས་རིགས་འདེམ་དུས། ཐང་གའི་རིགས་དེ་འདེམ་རྒྱུ་ཡོད་ན། དེའི་ཕྱོགས་ལ་མོས་འདུན་ཡོད་མཁན་ཚོ་ལ་སྟབས་བདེ་བསྐྲུན་ཡོད་ལ། གཉིས་ནས། ཐང་གའི་ལྷ་རིས་པ་དག་རྒྱལ་ཡོངས་ཀྱི་མཛེས་རྩལ་འགྲེམ་ཚོགས་སྟེགས་བུ་ཆེན་པོ་འདིའི་ནང་ཞུགས་ཐུབ་སོང་ན། བསམ་བློ་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་ནས་སྒྱུ་རྩལ་གྱི་བསམ་བློ་གོང་མཐོར་གཏོང་རྒྱུར་ཕན་པ་ཆེན་པོ་ཡོད་པ་རེད།
མི་རིགས་རིག་གནས་བརྩམས་ཆོས་དེ་ཕྱིའི་རྒྱལ་ཁབ་ནས་ངོ་ཤེས་པ་དང་རྒྱུས་ལོན་པ་ནས་ཁས་ལེན་དང་དང་ལེན་བྱེད་དགོས་པ་མ་ཟད། ད་དུང་ས་གནས་དེའི་རིག་གནས་དང་བསྟུན་དགོས་ལ། དེའི་བརྒྱུད་རིམ་ལས་སླ་པོ་ཞིག་མིན་ལ། ནོར་བུ་སྲིད་ཐར་གྱིས་དྲིལ་བསྒྲགས་ཀྱི་ལས་ཀ་ཡག་པོ་སྒྲུབ་པ་དང་། ལྷ་རིས་པ་ཡིན་ཡང་ཆོག རི་མོ་བའི་ལྷན་ཚོགས་ཡིན་ཡང་ཆོག ཁོ་ཚོར་རིག་གནས་ཕྱིར་བསྐྱོད་པར་བསམ་བློའི་སྟེང་ནས་གྲ་སྒྲིག་དང་འཆར་གཞི་དགོས། དེ་ནས་སྲིད་གཞུང་གིས་ཀྱང་ཐང་གའི་རིག་གནས་ཕྱི་ཕྱོགས་སུ་བསྐྱོད་པར་སྟབས་བདེ་བསྐྲུན་དགོས། རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་འབོད་སྐུལ་ལ་བརྟེན་ནས། ཐང་གའི་བརྩམས་ཆོས་རྒྱལ་སྤྱིའི་རིག་གནས་བགྲོ་གླེང་བྱེད་སྒོའི་ནང་ཞུགས་དགོས་པ་དང་། ངས་བལྟས་ནས་འདི་ནི་གལ་ཆེའི་ནང་གི་འགངས་ཆེན་རེད་བསམ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། འཛོམ་གཡང་སྒྲོལ་མ།

ཕྱི་ཕྱོགས་སྤེལ་རེས་ཀྱི་སྟེང་ནས་ཡུན་ནན་ཞིང་ཆེན་ནས་ཐོན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འཛོམ་གཡང་སྒྲོལ་མས་རང་ཉིད་ཀྱི་མྱོང་ཚོར་གླེང་བ་དང་། མོས་བོད་རིགས་ཀྱི་གླུ་གར་རིག་གནས་དེ་ཕྱི་རྒྱལ་གྱི་དོ་སྣང་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི། ང་ཚོའི་རང་ཉིད་ཀྱི་རིག་གནས་ལ་ཁྱད་དུ་འཕགས་པའི་ཉིང་བཅུད་ཡོད་པ་རེད། ང་ཚོས་ཡག་ཐོག་རྒྱན་བྱེད་ཐུབ་ཡོད། ང་ཚོས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྲོལ་རྒྱུན་རིག་གནས་ནི་ང་ཚོའི་ཁྱད་དུ་འཕགས་པའི་དགེ་མཚན་རེད། ན་གཞོན་སྒྱུ་རྩལ་ལས་སྒྲུབ་པ་འབོར་ཆེན་གྱིས་རྒྱུན་ཆད་མེད་པར་མི་རིགས་གཞན་དག་དང་རྒྱལ་ཁབ་གཞན་དག་གི་ཕུལ་བྱུང་རིག་གནས་ལ་སློབ་སྦྱོང་བྱེད་བཞིན་ཡོད། བོད་ཀྱི་སྲོལ་རྒྱུན་གྱི་གླུ་གར་སྒྱུ་རྩལ་དེ་དེང་རབས་སྒྱུ་རྩལ་དང་འབྲེལ་འདྲིས་བྱས་ནས། དེང་རབས་ཀྱི་རྒྱུ་ཆ་དེ་སྲོལ་རྒྱུན་གྱི་རིག་གནས་ནང་འཇུག་བཞིན་ཡོད། ངས་བསམ་ན་འདི་ནི་དགེ་མཚན་མཉམ་རོལ་ཞེས་པ་དེ་རེད་ཟེར།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཅིས་ཏིས་མཱ་ཅ།

ཕྱི་ཕྱོགས་སྤེལ་རེས་ཀྱི་སྟེང་ནས་ཡུན་ནན་ཞིང་ཆེན་ནས་ཐོན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འཛོམ་གཡང་སྒྲོལ་མས་རང་ཉིད་ཀྱི་མྱོང་ཚོར་གླེང་བ་དང་། མོས་བོད་རིགས་ཀྱི་གླུ་གར་རིག་གནས་དེ་ཕྱི་རྒྱལ་གྱི་དོ་སྣང་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི། ང་ཚོའི་རང་ཉིད་ཀྱི་རིག་གནས་ལ་ཁྱད་དུ་འཕགས་པའི་ཉིང་བཅུད་ཡོད་པ་རེད། ང་ཚོས་ཡག་ཐོག་རྒྱན་བྱེད་ཐུབ་ཡོད། ང་ཚོས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྲོལ་རྒྱུན་རིག་གནས་ནི་ང་ཚོའི་ཁྱད་དུ་འཕགས་པའི་དགེ་མཚན་རེད། ན་གཞོན་སྒྱུ་རྩལ་ལས་སྒྲུབ་པ་འབོར་ཆེན་གྱིས་རྒྱུན་ཆད་མེད་པར་མི་རིགས་གཞན་དག་དང་རྒྱལ་ཁབ་གཞན་དག་གི་ཕུལ་བྱུང་རིག་གནས་ལ་སློབ་སྦྱོང་བྱེད་བཞིན་ཡོད། བོད་ཀྱི་སྲོལ་རྒྱུན་གྱི་གླུ་གར་སྒྱུ་རྩལ་དེ་དེང་རབས་སྒྱུ་རྩལ་དང་འབྲེལ་འདྲིས་བྱས་ནས། དེང་རབས་ཀྱི་རྒྱུ་ཆ་དེ་སྲོལ་རྒྱུན་གྱི་རིག་གནས་ནང་འཇུག་བཞིན་ཡོད། ངས་བསམ་ན་འདི་ནི་དགེ་མཚན་མཉམ་རོལ་ཞེས་པ་དེ་རེད་ཟེར།
ད་ལྟ་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་འབོད་སྐུལ་ལ་བརྟེན་ནས། མི་རིགས་རིག་གནས་ཕྱི་ཕྱོགས་སུ་བསྐྱོད་པའི་གོ་སྐབས་ཇེ་མང་དུ་སོང་བ་དང་། ཕ་ཡུལ་ལིའང་ཧྲན་ནས་ཡིན་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། མིང་དུ་གྲགས་པའི་སྙན་ངག་པ་ཅིས་ཏིས་མཱ་ཅ་ཡིས། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་ཀྱིས་རིག་གནས་ཕྱི་ཕྱོགས་སུ་བསྐྱོད་པའི་སྐོར་ལ་ལས་ཀ་མང་པོ་སྒྲུབ་ཡོད་ཅིང་། གྲུབ་འབྲས་ཡང་མི་དམན་པ་བླངས་ཡོད། རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་རྒྱལ་སྤྱིའི་རིག་གནས་ཟོང་རྟགས་བཏོད་ནས་རྒྱལ་སྤྱིའི་རིག་གནས་ཀྱི་སྤེལ་རེས་ཁྲོད་སྐད་ཆ་བཤད་དབང་ལེན་པ་རེད།
གཞན་ད་དུང་ངས་བསམ་ན་ང་ཚོའི་རིག་གནས་ཕྱི་ཕྱོགས་སུ་སྤེལ་བ་དང་ཕྱི་ཕྱོགས་ཀྱི་རིག་གནས་ནང་འདྲེན་བྱེད་པ་གཉིས་ཟུང་འབྲེལ་བྱས་ན་ད་གཟོད་ཕྱོགས་གཉིས་ཀས་སྤེལ་རེས་ཡག་པོ་བྱེད་ཐུབ། དེ་མིན་ན་ཕྱོགས་གཉིས་ཀར་ཕན་པའི་གྲུབ་འབྲས་ཐོབ་རྒྱུ་དཀའ་མོ་འདྲ་རེད། དེ་མིན་ང་ཚོའི་མི་རིགས་ས་ཁུལ་གྱིས་རིག་གནས་ལས་བྱེད་པ་ཚོས་རིག་གནས་ཀྱི་ལས་གཞི་ཡག་པོ་ལས་དགོས་པ་མ་ཟད། རྗེས་མའི་རིག་གནས་སྤེལ་རེས་ཁྲོད་དུ། རིག་གནས་ཕྱི་ཕྱོགས་སུ་སྤེལ་བའི་ཐད་ནས་ད་གཟོད་གདིང་ཤུགས་ཡོད་ལ། སྤེལ་རེས་བྱེད་རྒྱུའི་རིག་གནས་འདི་དག་ཕུལ་བྱུང་གི་རིག་གནས་ཡིན་པ་རེད།
ང་ལ་ནམ་རྒྱུན་བཤད་རྒྱུ་ཞིག་ཡོད་དེ། ངའི་བཤད་རྒྱུ་དེ་མི་རིགས་ཀྱི་དེ་ནི་འཛམ་གླིང་ཡིན་ཟེར་བ་དེ་མིན་ལ། ང་རང་དེ་ལ་དེ་འདྲ་དགའ་པོ་མེད། ངས་ཁ་གསབ་ཀྱི་ཚུལ་དུ་མི་རིགས་རིག་གནས་དེ་ཕུལ་བྱུང་ཡིན་ན་ད་གཟོད་འཛམ་གླིང་གི་ཡིན་ཟེར་བཞིན་ཡོད། ངས་བསམ་ན་ཤེས་རིག་མི་འདྲ་བ་ཕན་ཚུན་འཕྲད་སྐབས། ཐོག་མར་འདྲ་ཉམས་ཡིན་དགོས། ཕྱོགས་གཞན་ཞིག་ནས་ང་ཚོར་རིག་གནས་རང་རྟོན་དགོས་ལ། དུས་མཉམ་དུ་ངེད་ཅག་ལ་བློ་ཁོག་ཡངས་པ་དང་། རིག་གནས་ཀྱི་མིག་རྒྱང་རིང་པོ་དགོས། དེ་འདྲ་ཡིན་ན་ད་གཟོད་གཞན་གྱིས་ང་ཚོའི་རིག་གནས་རྒྱུས་ལོན་བྱེད་ཐུབ་ལ། ང་ཚོས་ཀྱང་གཞན་གྱི་ཕུལ་བྱུང་རིག་གནས་ཁྲོད་ནས་དཔེར་ལྟ་ས་རྙེད་ཐུབ་ལ། སློབ་སྦྱོང་ཡང་ཡག་པོ་བྱེད་ཐུབ།
འཕྲིན་སྟེགས། weikangba