
དགེ་རྒན་ཆེན་མོ་པདྨ་རིག་འཛིན་ནི། སྤྱི་ལོ་༡༩༦༢ལོར་དཔའ་ཤོད་རྫོང་གླིང་ཁ་ཤང་འབྱོར་བཅུ་གྲོང་དུ་སྐྱེས། ལོ་བཅུ་ཙམ་ནས་གྲོང་ཚོ་དེའི་སློབ་གྲྭར་སོང་། ༡༩༧༨ལོའི་ཟླ་༥པ་ནས་ཕྱི་ལོའི་ཟླ་༥་པའི་བར་སློབ་གྲྭ་དེའི་ཚབ་འཁྲིད་དགེ་རྒན་བྱས། ༡༩༨༠ལོར་དགེ་རྒན་དངོས་བསྒྱུར་གྱི་ཡིག་རྒྱུགས་ནང་ཞུགས་པས་ཡིག་ཚད་ལོན་ཏེ། ༡༩༨༡ལོར་ཆབ་མདོ་དགེ་འོས་སློབ་གྲྭའི་ནང་བོད་ཡིག་ཟབ་སྦྱོང་ལ་སོང་།

༡༩༨༢ལོ་ནས་༡༩༨༧བར་རིམ་བཞིན་གླིང་ཁ་ཤང་དང་གླ་གེ་ཤང་གི་སློབ་གྲྭའི་དགེ་རྒན་དང་། ༡༩༨༨ལོ་ནས་༡༩༩༥ལོའི་བར་རིམ་བཞིན་རྫོང་སློབ་ཆུང་དང་སློབ་འབྲིང་གི་དགེ་རྒན་བྱས། སྐབས་དེར་༡༩༩༢ལོའི་ཟླ་༩པ་ནས་ཕྱི་ལོའི་ཟླ་༨པའི་བར་བོད་ལྗོངས་སློབ་ཆེན་དུ་བོད་ཡིག་ཟབ་སྦྱོང་འགྲོ་རྒྱུའི་སྐལ་བཟང་ཐོབ། ༡༩༩༥ལོའི་ཟླ་༨པ་ནས་༡༩༩༩ལོའི་བར་རྫོང་སློབ་གསོ་ཅུད་བོད་ཡིག་སློབ་དཔྱོད་ཁང་དུ་ལས་ཀ་བྱས། ༢༠༠༠ལོ་ནས་༢༠༠༡ལོའི་བར་གླིང་ཁ་ཤང་སློབ་གྲྭའི་སློབ་སྤྱིའི་འགན་འཁུར། ༢༠༠༢ལོར་སློབ་གསོའི་ལས་ཀ་ནས་སྲིད་འཛིན་གྱི་ལས་ཀར་བསྒྱུར་རྗེས་རིམ་བཞིན་སྐྱ་རི་ཤང་དུ་ལོ་གསུམ་དང་རྫོང་སློབ་གསོ་ཅུད་ཁྱབ་དྲུག་དང་ཁྱབ་དགུ། དེ་བཞིན་རྨོངས་བསལ་གཞུང་ལས་ཁང་བཅས་སུ་ལོ་གསུམ་ཙམ་བསྡད་དེ་༢༠༠༩ལོར་ལས་འཁྱུར་ངལ་གསོ་བྱས།

༢༠༡༢ལོ་ནས་བཟུང་མ་བསྐུལ་དང་བླངས་ཀྱིས་དེབ་འདིའི་རྒྱུ་ཆ་འཚོལ་བསྡུ་དང་འབྲེལ་རྩོམ་སྒྲིག་གི་ལས་ཀར་འབད་ཅིང་། ནམ་རྒྱུན་དམ་པའི་གསུང་རབ་ཀློག་སྟེ་ཐོས་པ་འཚོལ་བ་དང་དོན་གཉེར་ཅན་གྱི་སློབ་མ་འགའ་ལ་རིན་མེད་ཀྱི་སློབ་ཁྲིད་དང་འབྲེལ་རང་ཉིད་ཀྱི་དགའ་ཕྱོགས་རྒྱུན་སྐྱོང་བྱས་དང་བྱེད་མུས་སུ་མཆིས།
འཕྲིན་སྟེགས། weikangba