
སེ་ར་དགོན་ནང་བསྟན་སློབ་གླིང་གི་གྲྭ་ཚེ་བརྟན་རྡོ་རྗེ་ནི་ལོ་ཉེར་ལྔ་ནས་སོ་གསུམ་བར་ནང་བསྟན་སློབ་གྲྭར་གཞུང་ཆེན་བཀའ་པོད་ལྔ་དང་། སུམ་རྟགས་སོགས་ལ་བརྩོན། སློབ་ཐོན་ཟིན་རྗེས་སེ་ར་དགོན་ནང་བསྟན་སློབ་གླིང་དུ་སུམ་རྟགས་དང་། ཡིག་གཟུགས་དགེ་རྒན་གྱི་མིང་ཐོག་ནས་སློབ་མ་སྐྱོང་། བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མིའི་གྲལ་མཐའ་དང་། དེ་བཞིན་དངོས་མིན་རིག་གནས་ཤུལ་བཞག་གི་་གྲོང་ཁྱེར་རིམ་པའི་དཔེ་མཚོན་བརྒྱུད་འཛིན་པར་ངོས་འཛིན་བྱུང་བ་དེ་ནི། བོད་ལྗོངས་ཡིག་གཟུགས་མཁས་པའི་འགན་ཁུར་མི་སྣ་དང་། དེ་གའི་གཙོ་སྐྱོང་མཁས་དབང་རྣམ་པའི་སྐུལ་ལྕག་དང་། དྲན་སྐུལ། སློབ་གསོ་ནན་བཤད་ཡང་ཡང་གནང་བའི་ཐུགས་རྗེའི་བཀའ་དྲིན་ལས་བྱུང་བ་ཞིག་རེད། དེའི་ཞོར་དུ་ཁོས་སུམ་རྟགས་ཀྱི་དེབ་ཆུང་ཞིག་རྩོམ་སྒྲིག་བྱས་པ་རྒྱུད་སྤྱི་ཚོགས་དང་རང་དགོན་གང་ལ་ཡང་ཕན་ནུས་བྱུང་སོང་། ད་ལྟ་ཡང་རང་ནུས་ཡོད་རྒུ་བཏོན་ནས་སློབ་མ་མང་པོར་སློབ་ཁྲིད་བྱེད་བཞིན་ཡོད།




འཕྲིན་སྟེགས། weikangba