སྲོལ་རྒྱུན་རྒྱན་གོས་ཇུས་འགོད་ཁྲོད་རང་གི་ལང་ཚོའི་མཛེས་སྡུག་མངོན་པ།

2025-10-10
311

པར་འདི་ནི་དཔལ་འགྲུབ་བསྟན་ཐར་གྱིས་བོད་ཀྱི་རྒྱན་གོས་མོ་ཐྲོལ་གྱི་རྒྱན་ཆ་ལེགས་སྒྲིག་བྱེད་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2000ལོའི་རྗེས་སུ་སྐྱེས་པའི་བོད་ཀྱི་གྱོན་གོས་ཇུས་འགོད་པ་དཔལ་འགྲུབ་བསྟན་ཐར་གྱིས་གསར་བསྐྲུན་བརྒྱུད་དེ་སྲོལ་རྒྱུན་གྱི་མཛེས་བ་ཡོངས་སུ་མངོན། སི་ཁྲོན་སློབ་གྲྭ་ཆེན་མོའི་རིག་དངོས་དང་དངོས་མང་བཤམས་སྟོན་ཆེད་ལས་རབ་འབྱམས་པའི་སློབ་གནས་བླངས་པའི་ཁོ་རང་ཆུང་དུས་ནས་བོད་ཀྱི་ཟློས་གར་དང་ཐང་ག་སོགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ལ་དགའ་ཞན་ཆེ་བས། ཁོས་བོད་ཀྱི་ལྡེབས་རིས་དང་ཐང་ག་སོགས་ནས་ཚོས་གཞི་སྒྲིག་པའི་ཐབས་སྤྱད་པ་དང་། དེང་རབས་ཀྱི་རས་བརྒྱུད་དེ་བོད་ཀྱི་ཁྱད་ཆོས་ལྡན་པའི་མཛས་རིག་བསྐྲུན་པ་དེས་བོད་ཀྱི་གྱོན་གོས་ལ་གནའ་བོའི་མཛེས་བ་དང་དེང་རབས་ཀྱི་ཆ་ལྡན་པར་གྱུར། དཔལ་འགྲུབ་བསྟན་ཐར་གྱིས་ཇུས་འགོད་བྱས་པའི་རྒྱན་གོས་བརྩམས་ཆོས་བོད་ལྗོངས་ཀྱི་དུས་ཆེན་མཛད་སྒོ་ནང་མངོན་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་རིག་གནས་གར་སྟེགས་སྟེང་ཡང་མངོན་པ་རེད། དཔལ་འགྲུབ་བསྟན་ཐར་གྱིས་བཤད་རྒྱུར།“མིག་སྔར་གྱི་ཁོར་ཡུག་བཟང་པོས་སྲོལ་རྒྱུན་རིག་གནས་ལ་དགའ་ཞན་ཆེ་བའི་ན་གཞོན་ཚོར་གོ་སྐབས་ཡག་པོ་བསྐྲུན་ཡོད”ཟེར། །

པར་འདི་ནི་དཔལ་འགྲུབ་ཐར་བསྟན་གྱིས་ཇུས་འགོད་བྱས་པའི་བོད་ཀྱི་རྒྱན་གོས་མོ་ཐྲོལ་དང་དྲན་རྟེན་གྱི་པར་རྒྱག་བཞིན་པའི་ཚུལ་རེད། 

པར་འདི་ནི་དཔལ་འགྲུབ་བསྟན་ཐར་གྱིས་བོད་ཀྱི་རྒྱན་གོས་མོ་ཐྲོལ་དང་རྒྱན་ཆ་ཕྱོགས་ཀྱི་ཁ་བརྡ་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འགྲུབ་བསྟན་ཐར་གྱིས་བོད་ཀྱི་རྒྱན་གོས་མོ་ཐྲོལ་གྱི་རྒྱན་ཆ་ལེགས་སྒྲིག་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འགྲུབ་བསྟན་ཐར་གྱིས་རང་གིས་ཇུས་འགོད་བྱས་པའི་ཕོ་ལྭ་གྱོན་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འགྲུབ་བསྟན་ཐར་གྱིས་ལས་དོན་བཀོད་སྒྲིག་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འགྲུབ་བསྟན་ཐར་གྱིས་བོད་ལྭ་གྱོན་ནས་པར་རྒྱག་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འགྲུབ་བསྟན་ཐར་གྱིས་ལས་དོན་ཁང་དུ་བོད་ལྭ་བཟོ་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འགྲུབ་བསྟན་ཐར་གྱིས་ལས་དོན་ཁང་དུ་རང་གི་བོད་ལུགས་རྒྱན་ཆ་ལེགས་སྒྲིག་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འགྲུབ་བསྟན་ཐར་གྱིས་ལས་དོན་ཁང་དུ་བོད་ཀྱི་རྒྱན་གོས་ཇུས་འགོད་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་དཔལ་འགྲུབ་བསྟན་ཐར་གྱིས་སྒྲ་སྙན་དཀྲོལ་བཞིན་པའི་ཚུལ་རེད།


  • 顶