
པར་འདི་ནི་པད་མའི་སྟོན་ཁའི་རྣམ་པ་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆ་སྙོམས་ཀྱི་མཚོ་འཕགས་སྨི3600ཡིན་པའི་སྨར་ཁོག་གཙང་པོའི་ནགས་ཁུལ་ཁྲོད་དུ་མཚོ་བོད་མཐོ་སྒང་གི་ཆེས་མཚར་སྡུག་གི་སྟོན་ཁའི་ཡུལ་ལྗོངས་སྦས་ཡོད་དེ། ཟླ་བཅུ་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་པད་མ་རྫོང་དུ་སྟོན་རླུང་གིས་ཆེས་བཀྲག་མདངས་མཚར་བའི་ཚོན་མདོག་ཅིག་བསྩལ་ཡོད། མཁའ་དབྱིངས་ནས་མར་བལྟས་ཚེ། མཚོ་སྔོན་དང་སི་ཁྲོན་གྱི་འབྲེལ་མཚམས་སུ་གནས་པའི་གདོད་མའི་ནགས་ཁུལ་འདི་ནི་ས་གཞི་ཆེན་པོའི་སྟེང་ཁྲ་རུ་རྒྱན་པའི་རིན་པོ་ཆེ་ཞིག་དང་འདྲ་བར་ཡིད་འོངས་ཀྱི་འོད་མདངས་ཤིག་འཚེར་བཞིན་ཡོད་ལ། ནགས་ཁུལ་ཁྲོད་ཀྱག་ཀྱོག་ཏུ་བརྒྱུད་པའི་སྨར་ཁོག་གཙང་པོ་ནི་དྭངས་ཤིང་གསལ་ལ་རི་དང་ནགས་ལ་བསྐོར་ནས་མདུན་ཕྱོགས་སུ་བསྐྱོད་བཞིན་ཡོད། གསེར་མདོག་གི་གསོམ་སྡོང་དང་ལྗང་མདོག་གི་ཐང་ཤིང་། དམར་མདོག་གི་སྡོང་ཕྲན་བཅས་ཀྱིས་ཚོན་མདངས་སྣ་ལྔ་བཀྲ་བའི་རི་མོ་ཞིག་གྲུབ་ཡོད། སྨར་ཁོག་གཙང་པོའི་ནགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི10.18ཡོད་པ་དང་། འདི་ནི་འབྲི་ཆུ་འབབ་རྒྱུན་གྱི་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བ་དང་ཁྱབ་ཚུལ་ཆེས་གཅིག་སྡུད་ཡིན་པ། རྒྱལ་ནང་གི་མཚོ་འཕགས་ཆེས་མཐོ་བའི་རང་བྱུང་གི་གདོད་མའི་ནགས་ཁུལ་ཡིན། །









པར་འདི་དག་ནི་པད་མའི་མཚར་སྡུག་གི་སྟོན་ལྗོངས་ཡིན།
འཕྲིན་སྟེགས། weikangba