
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྔ་བ་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ནས་རྒྱུས་ལོན་ལྟར་ན། ཉེ་ཆར་ཀྲུ་ལི་ནས་ཚོགས་པའི་སྐབས་བཅུ་གཅིག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་ཀྱི་རྩ་འཛུགས་འཛམ་གླིང་ས་གཤིས་སྤྱི་གླིང་ཚོགས་འདུ་ཆེན་པོའི་སྟེང་། སྐུ་བླ་བཞི་བདག་རི་བོ་འཛམ་གླིང་གི་ས་གཤིས་སྤྱི་གླིང་དུ་འདེགས་པའི་ལས་དོན་འཛམ་གླིང་ས་གཤིས་སྤྱི་གླིང་ལས་འཛིན་ལྷན་ཚོགས་ཀྱི་འདེམས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ། མཐའ་མའི་མཇུག་འབྲས2026ལོའི་འཛམ་གླིང་ས་གཤིས་སྤྱི་གླིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་ཚོགས་འདུ་ཐོག་ཁྱབ་བསྒྲགས་བྱ་རྒྱུ་རེད།
ཐེངས་འདིའི་ཚོགས་ཆེན་ནང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ50ལྷག་ནས་ཡོང་བའི་ཆེད་མཁས་མི་སྣ་དང་མཁས་པ། སྤྱི་གླིང་ཚབ་བྱེད་མི་སྣ1500ལྷག་ཞུགས་པ་དང་། སྐུ་བླ་བཞི་བདག་ས་གཤིས་སྤྱི་གླིང་ནི2025ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་ཀྱི་རྩ་འཛུགས་འཛམ་གླིང་ས་གཤིས་སྤྱི་གླིང་གི་སྙན་ཞུའི་ས་གཤིས་སྤྱི་གླིང་ནང་གདན་དྲངས་བའི་ངོས་ནས། སྐུ་བླ་བཞི་བདག་གི་ས་གཤིས་མཛེས་པ་དང་། མི་ཆོས་མཛེས་པ། སྐྱེ་ཁམས་མཛེས་པ་ལ་ཞིབ་དཔྱད་ལེགས་པོ་ཐོབ།
སྐུ་བླ་བཞི་བདག་རི་བོ་འཛམ་གླིང་གི་ས་གཤིས་སྤྱི་གླིང་དུ་འདེམས་པའི་སྙན་ཞུ་ལས་དོན2022ལོར་དངོས་སུ་མགོ་བརྩམས་པ་དང་། སྐུ་བླ་བཞི་བདག་དོ་དམ་ཅུས་དང་བཙན་ལྷ་རྫོང་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་སའི་གོ་ལའི་དངོས་ལུགས་རྟོག་ཞིབ་ཞིབ་འཇུག་ཁང་དང་མཉམ་འབྲེལ་གྱིས་སྙན་ཞུའི་ཚོགས་པ་བཙུགས། 2024ལོར། སྐུ་བླ་བཞི་བདག་རི་བོ་ས་གཤིས་སྤྱི་གླིང་སྐར་མ་མཐོ་བའི་ངང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཆོག་མཆན་ཐོག་མ་ཐོབ་ནས། 2024ལོའི་ཀྲུང་གོའི་འཛམ་གླིང་ས་གཤིས་སྤྱི་གླིང་གི་འོས་ས་རུ་བདམས། 2025ལོའི་ཟླ6པའི་ཚེས30ནས་ཟླ7པའི་ཚེས4ཉིན་འཛམ་གླིང་ས་གཤིས་སྤྱི་གླིང་དཔྱད་དཔོག་མི་སྣས་སྙན་ཞུ་ལས་དོན་ལ་ཡུལ་དངོས་རྟོག་ཞིབ་བྱས།
སྐུ་བླ་བཞི་བདག་རི་བོ་ས་གཤིས་སྤྱི་གླིང་ནི་མཚོ་བོད་མཐོ་སྒང་ཤར་སྣེ་རུ་ཆགས་ཤིང་། རྔ་བ་ཁུལ་བཙན་ལྷ་རྫོང་ཁུངས་སུ་ཡོད། རྒྱ་ཁྱོན་སྨི་གྲུ་བཞི་མ་སྤྱི་ལེ2764.01ཟིན། སྐུ་བླ་བཞི་བདག་རི་བོ་ནི་མཚོ་བོད་མཐོ་སྒང་ཤར་རྒྱུད་རི་མཐོ་ཚོགས་པའི་ཚབ་བྱེད་ཡིན་པའི་ངོས་ནས། མཚོ་བོད་མཐོ་སྒང་གི་ཆག་འཕར་རིམ་པ་དང་ནང་རྐྱེན་མཚོན་ཡོད། །
འཕྲིན་སྟེགས། weikangba