
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས2པར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་ཁའི་མངའ་ཁོངས་སུ་ཁ་བ་བབས་པས་གུང་དཀར་རི་བོར་གོས་ཀྱིས་གཡོགས་པ་དང་འདྲ་ཞིང་། གུང་དཀར་རི་བོའི་ཤར་ཕྱོགས་སུ་ཆགས་པའི་འཁྱགས་རོམ་དུང་དཀར་ལུང་བ་རྒྱུ་ནས་སྤྱི་ལེ10ལྷག་ཏུ་ཁེབས་པ་དེ་ནི་འབྲུག་ཆེན་པོ་ཞིག་གིས་གྲོག་རོང་སྐོར་བ་དང་མཚུངས་པས་རྔམ་བརྗིད་ལྡན་པ་ཞིག་ཡིན། གུང་དཀར་རི་བོ་ནི་འཕྲེད་རྒྱུག་རི་རྒྱུད་ཀྱི་གངས་རིའི་དབུས་རྒྱུད་དུ་གནས་ཤིང་། རི་རྩེ་མཐོ་ཤོས་ས་བབ་སྨི7756ཟིན་པས་རི་ཚོགས་ཀྱི་རྒྱལ་པོ་ཞེས་འབོད་ཀྱིན་ཡོད། དུང་དཀར་ལུང་བའི་འཁྱགས་རོམ་ཡང་གུང་དཀར་རི་བོའི་འཁྱགས་རོམ་བཅུ་ཕྲག་ནང་གཞི་ཁྱོན་ཆེ་ཞིང་རྣམ་པ་མཛེས་པའི་འཁྱགས་རོམ་གྱི་གྲས་ཤིག་ཡིན། 2022ལོའི“9·5”ས་འགུལ་བྱུང་རྗེས་དུང་དཀར་ལུང་བ་ལྗོངས་ཁུལ་གྱི་གཞུང་ལམ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལེགས་འགྲུབ་ཟིན་པས་རྐང་ཐང་ཡུལ་སྐོར་འགྲོ་ལམ་དང་ཡུལ་སྐོར་ཞབས་ཞུ་སྒྲིག་བཀོད་རིམ་སྤར་བྱུང་ནས་ཡུལ་སྐོར་པ་ཡང་རིམ་བཞིན་ཇེ་མང་དུ་ཕྱིན། བར་སྣང་ནས་པར་བླངས་པའི་དུང་དཀར་ལུང་བའི་འཁྱགས་རོམ་གྱིས་མི་སེམས་འགུགས་བཞིན་ཡོད། །

ཉི་འོད་བརྒྱབ་པའི་རི་རྩེ།

དུང་དཀར་ལུང་བའི་འཁྱགས་རོམ་རྦབ་ཆུ་ཆེན་པོ།

དུང་དཀར་ལུང་བའི་འཁྱགས་རོམ་རྦབ་ཆུ་ཆེན་པོའི་ཟུར་ཞིག

དུང་དཀར་ལུང་བའི་འཁྱགས་རོམ་རྦབ་ཆུ་ཆེན་པོའི་མཛེས་ལྗོངས།

འཁྱགས་རོམ་རྦབ་ཆུ་ཆེན་པོར་དར་སྔོན་པོ་ཆགས་པ།

འཁྱགས་རོམ་རྦབ་ཆུ་ཆེན་པོར་དར་ཆགས་པའི་རྣམ་པ།

དུང་དཀར་ལུང་བའི་འཁྱགས་རོམ་སྣེ་མོའི་རྣམ་པ།

ཡུལ་སྐོར་པ་གཉིས་ཀྱིས་དུང་དཀར་ལུང་བའི་འཁྱགས་རོམ་ལ་ལྟ་བཞིན་པ།

རྒྱང་རིང་གི་གུང་དཀར་རི་བོ་དང་འཁྱགས་རོམ་རྦབ་ཆུ་ཆེན་པོ།

དུང་དཀར་ལུང་བ་ལྗོངས་ཁུལ་གྱི་བསྐྱར་དུ་བསྐྲུན་པའི་རི་ལམ།
འཕྲིན་སྟེགས། weikangba