དགུན་དུས་ཀྱི་གངས་དཀར་རི་བོའི་རྔམ་བརྗིད།

2024-01-17
385

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཁོངས་སུ་ཆགས་པའི་གངས་དཀར་རི་བོ་ནི་མིན་ཡོན་རྫོང་ཁོངས་ཀྱི་གངས་རི་ཆེས་མཐོ་ཤོས་དེ་ཡིན་ལ། ས་བབ་སྨི5254.5ཡོད་པ་དང་། མདོ་ལ་རི་རྒྱུད་ཤར་ངོས་ཀྱི་རི་བོ་མཐོ་ཤོས་ཡིན་ཞིང་། གངས་རྩེར་ལོ་ཧྲིལ་བོར་ཁ་བས་གཡོགས་ནས་འོད་དུ་འཚེར། དགུན་དུས་ཀྱི་མིན་ཡོན་ནི་གངས་རིས་ཡོངས་སུ་བསྐོར་ནས་རྔམ་བརྗིད་ལྡན་ལ་མཛེས་ཤིང་སྡུག་པ་ཡིན། ལམ་རྒྱུད་དུ་ཅི་དགར་རྩེན་པའི་གནའ་བའི་ཁྱུ་ཚོགས་ནི་རྩྭ་ཐང་སྟེང་དལ་གྱིས་བསྐྱོད་པ་དང་། དེ་དག་གི་སྣང་བརྙན་གྱིས་མཐོ་སྒང་ལ་གསོན་ཤུགས་གཞན་ཞིག་བསྩལ་ཡོད། རུས་རྐང་དུ་ཟུག་པའི་གྲང་ངར་དང་གནའ་བོའི་གངས་འཁྱགས་ཀྱིས་ཡུལ་ཀླུང་གི་ཟིལ་ཤུགས་མངོན། །

མཚོ་སྔོན་ཞིང་ཆེན་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཁོངས་སུ་ཆགས་པའི་གངས་དཀར་རི་བོ།

དགུན་དུས་ཀྱི་གངས་དཀར་རི་བོ།

དགུན་དུས་ཀྱི་མདོ་ལ་རི་བོའི་རྔམ་བརྗིད།

གངས་དཀར་རི་བོའི་འདབས་རོལ་གྱི་གངས་འཁྱགས།

རི་འདབས་ཀྱི་གནའ་བའི་ཁྱུ་ཚོགས།


  • 顶