ཉི་རྩེ་བརྒྱབ་པའི་མཛེས་ལྗོངས།

2024-01-12
418

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་པོའི་ཆུ་མགོ་བརླན་ས་རུ་དར་མི་ཆགས་པའི་ཆུ་བོ་ཞིག་ཡོད་ལ། མཚན་མོའི་གནམ་གཤིས་འཁྱགས་ཀྱང་དྲོད་ཁོལ་ལྡན་པའི་ཆུ་བོར་རླངས་པ་འཕྱུར་བས་མཚམས་སྤྲིན་གྱི་འོད་མདངས་འོག་ཏུ་རྔམ་བརྗིད་ལྡན་པ་ཞིག་ཡིན། ཉི་མ་ཤར་དུས་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་རླངས་པ་རིམ་བཞིན་སེལ་ཞིང་དགུན་སྒྲོལ་ངང་དཀར་ཡང་གནས་དེར་འཚོ་སྡོད་བྱེད་པ་རེད། 

ཆུ་མགོ་བརླན་ས་ནི་མཚོ་སྔོན་པོའི་ནུབ་མཚམས་སུ་གནས་ཤིང་། དེ་རུ་ཕུན་སུམ་ཚོགས་པའི་ས་འོག་གི་ཆུའི་ཐོན་ཁུངས་དང་། ཆུ་མགོ་ཆེ་ཆུང་གྲངས་བརྒྱ་ཕྲག་ལྷག་ཡོད་པ་མ་ཟད། ཆུ་མགོ་དེ་དག་ཆུ་བོར་གྲུབ་ནས་ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་པོ་འགྲམ་རྒྱུད་དུ་ཀྱག་ཀྱོག་རྒྱུ་རྗེས་མཚོ་སྔོན་པོ་རུ་འདྲེས་པ་རེད། །

ཆུ་མགོ་བརླན་སའི་ཁྲོད་ཀྱི་ལྷ་ཡུལ་ཁམས་དང་འདྲ་བའི་ཆུ་ཕྲན།

དགུན་སྒྲོལ་ངང་དཀར་ཆུ་བོ་ནང་དུ་རྐྱལ་བཞིན་པ།

དྲོད་ཁོལ་ལྡན་པའི་ཆུ་ངོས་ཀྱི་རླངས་པ།

དྲོད་ཁོལ་ལྡན་པའི་ཆུ་ངོས་ཀྱི་རླངས་པ།

མཚམས་སྤྲིན་ཁྲོད་ཀྱི་ཆུ་ངོས།

མཚམས་སྤྲིན་ཁྲོད་ཀྱི་ཆུ་ངོས།

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།


  • 顶