

ཟླ10པའི་ཚེས14ཉིན། སྟོན་ཁའི་ཉི་འོད་ཁམས་རའི་ཡུལ་དུ་འཕྲོས་པ་དང་མཚུངས་སུ། བྲག་དམར་ས་གཤིས་ལས་སྐད་གྲགས་ཆེ་བའི་ས་ཆ་འདིར་སྟོན་ལྗོངས་ཀྱིས་ཁེངས་འདུག་ལ། ག་ས་གང་དུ་སེར་མདོག་དང་དམར་མདོག་གིས་བརྒྱན་འདུག རི་ཁྲོད་ཀུན་ཏུ་དམར་སེར་དང་ལྗང་མདོག་འདྲེས་པའི་སྣང་ཚུལ་ཞིག་གིས་ཁེངས་འདུག་པ་དེས། ཚོན་རྫས་ས་ལ་ལྷུང་བ་དང་མཚུངས། སྟོན་ཁའི་ཉི་འོད་ཀྱི་དྲོད་ཁོལ་ལ་བརྟེན་ནས། ཁམས་རའི་འཛམ་གླིང་ས་གཤིས་སྤྱི་གླིང་གི་གྲོག་རོང་དག་ནི་ཚོན་ལྡན་དར་གོས་སུ་བརྒྱན་པ་དང་། རི་རླུང་དལ་གྱིས་ལྡང་བ་དང་བསྟུན། ནགས་ཚལ་བར་དུ་སྡོང་ལོའི་སྒྲ་གྲགས་བཞིན། སྐབས་འདིར། བྲག་དམར་ས་གཤིས་ཀྱི་བརྗིད་ཉམས་དང་སྟོན་ལྗོངས་ཀྱི་གསོན་ཉམས་གཉིས་མཉམ་གཅིག་ཏུ་འདྲེས་ནས། མི་ཡུལ་ལ་གསོན་ཉམས་ལྡན་པའི་ངང་ནས་སྟོན་ཁའི་མཛེས་ལྗོངས་འགྲེལ་བཤད་བྱས། །
འཕྲིན་སྟེགས། weikangba